choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སླར་ཡང་ས་ཡོམ་བརྒྱབ་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། རྒྱ་ནག་ཤིན་ཧྭ་གསར་ཁང་བརྒྱུད་རྒྱ་ནག་གི་ས་ཡོམ་བརྟག་དཔྱད་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་ཞོགས་པར་པེ་ཅིང་གི་ཆུ་ཚོད་༨དང་སྐར་མ་༥༨ཐོག་ཁམས་ཉག་རོང་ཁུལ་དུ་ས་ཡོམ་རིམ་པ་༥་༢ཅན་ཞིག་བརྒྱབ་ཡོད་འདུག་པ་དང་། གཏིང་ཚད་དུ་སྤྱི་ལེ་༡༠ཙམ་ཕྱིན་ཡོད་འདུག་ཀྱང་། ད་ལྟའི་ཆར་གནོད་སྐྱོན་གང་ཞིག་ཐེབས་མིན་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད།

ཡང་ད་ནང་ཞོགས་པར་རྒྱ་ནག་མེ་འཁོར་ལྕགས་ལམ་དོ་དམ་ལས་རིགས་ཐད་ཀྱི་བློན་ཆེན་གཞོན་པ་ཝང་ཀྲི་གོ་ཡིས། གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཁ་ཉིན་རེས་གཟའ་ལྷག་པ་ཉིན་མཚོ་སྔོན་ཡུལ་ཤུལ་ཁུལ་དུ་ས་ཡོམ་དེས། བར་ཐག་ལེ་དབར་༣༦༠ཙམ་གྱི་མཚམས་སུ་ཡོད་པའི་མེ་འཁོར་ལྕགས་ལམ་ལ་གནོད་སྐྱོན་དང་ཤུགས་རྐྱེན་གང་ཡང་ཐེབས་ཡོད་པ་མ་རེད་ཅེས་བཤད་འདུག

གཞན་ཡང་ཁ་ཉིན་རེས་གསའ་ལྷག་པ་ཉིན་ཧོང་ཀོང་ནས་ཡིན་པ་དང་བླངས་བ་ཞིག་ས་ཡོམ་གྱི་གོད་ཆགས་ཕོག་ས་དེར་རྐྱེན་ལམ་དུ་ཕྱིན་ཡོད་འདུག ཁོང་གི་མིང་ལ་ཝོང་པུང་ཝན་ཟེར་ཞིང་། ད་ལོ་རང་ལོ་༤༦རེད་འདུག སྤྱིར་དང་པོ་ས་ཡོམ་རྒྱག་སྐབས་ཁོང་ཉིད་ས་ཆ་དེ་ལས་བྲོས་ཕྱིན་ནས་ཡང་བསྐྱར་ཚུར་ས་ཡོམ་གྱི་གོད་ཆགས་ཐེབས་ཡུལ་དེར་དང་བླངས་རོགས་སྐྱོར་བྱེད་པར་སླེབས་ཡོད་འདུག

འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཁོང་ཉིད་ཀྱིས་མི་གཞན་སྲོག་སྐྱོབ་བཞིན་པའི་སྐབས་སུ་སྒང་ནས་ས་རྡོ་ལྷུང་ཏེ་བསད་ཡོད་འདུག དེར་བརྟེན་རེས་གཟའ་པ་སང་ཉིན་ཧོང་ཀོང་དམིགས་བསལ་ས་གནས་སྲིད་གཞུང་གིས་ནང་སྲིད་དྲུང་ཆེ་ཚང་ཐཱ་སིན་གྱིས། ཝོང་པུང་ལ་༼ཧོང་ཀོང་གི་དཔའ་བོ་༽ཞེས་པའི་གསེར་གྱི་གཟེངས་རྟགས་ཤིག་སྤྲོད་རྒྱུ་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཁ་སང་རེས་གཟའ་པ་སངས་ཉིན་ཕྱི་དྲོ་ཆུ་ཚོད་༥པའི་ཐོག་རྒྱ་ནག་ཤིན་ཧྭ་གསར་ཁང་ནས། སྐབས་དེར་ས་ཡོམ་ཁྲོད་ཁྱོན་མི་གྲངས་༡༡༤༤འདས་གྲོངས་སུ་ཕྱིན་པ་དང་། ༤༡༧ཤེས་རྟོགས་མེད་པ། ༡༡༧༤༤རྨས་སྐྱོན་ཕོག་པ་དེའི་ཁྲོད་མི་གྲངས་༡༡༩༢ལ་རྨས་སྐྱོན་ཚབ་ཆེན་ཐེབས་པ། ཁྱོན་མི་གྲངས་༡༠༠༠༠༠ལྷག་ཙམ་གྱི་སྡོད་གནས་མེད་པ་གྱུར་ཡོད་པ་རེད་ཅེས་བརྗོད་འདུག

ད་ནང་ཞོགས་པར་ཁུལ་དེའི་དགེ་འདུན་པ་མང་པོ་འདུན་འཛོམས་ཀྱིས་བེམ་པོ་རྣམས་དབོར་ནས། ཆོས་ཕྱོགས་ཀྱིས་བྱེད་སྒོ་སྟེ་ཕུང་པོ་རྣམས་མེ་བསྲེགས་གཏོང་བཞིན་ཡོད་འདུག

མ་ཚད་ས་ཡོམ་གྱི་གོད་ཆགས་ཐེབས་ཡུལ་སྐྱེ་དགུ་མདོ་མི་མང་རྣམས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་དང་། སྲིད་བློན་ཝུན་ཅ་པོའི་མིང་ཐོག་ཏུ། ཐཻངས་འདིར་རྒྱ་ནག་དབུས་གཞུང་གིས་མཛུབ་སྟོན་འོག ང་ཚོར་ཐུགས་འཁུར་བླ་ན་མེད་པ་གནང་ཡོད་པ་དེར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ང་ཚོ་ནི་ཆོས་ལུགས་ལ་དད་པ་དང་མོས་འདུན་ཡོད་མཁན་ཞིག་ཡིན་པས། ཏང་ཀྲུང་དབྱངས་ཀྱིས་དགོངས་བཞེས་ཟབ་མོ་འོག ༧རྒྱལ་བ་རིན་པོ་ཆེ་ས་ཡོམ་གྱི་གོད་ཆགས་ཐེབས་ཡུལ་དུ་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་བསྔོ་སྨོན་ཆེད་ཕེབས་ཆོག་པའི་རེ་བ་ཞུ་རྒྱུ་ཡིན་ཞེས་པའི་སྙན་ཞུ་ཞིག་ཕུལ་ཡོད་འདུག
འོན་ཀྱང་ད་ལྟའི་ཆར་སྙན་ཞུ་དེའི་སྐོར་ཐག་གཅོད་དང་ཡ་ལན་གང་ཞིག་བྱས་མིན་སོགས་གནས་ཚུལ་གང་ཡང་འཁོད་མི་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༧༢༠༡༠༡༡༣༩
གང་ལཏར་ང་ཚོས་ནུས་ཡོད་ཀ྅ཡིས་རོགས་སཀཡོབས་བཡེད་པ་ལས་ཐབས་གཞན་མི་འདུག སགོས་སུ་གསར་འགོད་པ་དག་གིས་གསལ་འགཡུར་སོགས་གཅིག་གཅིག་གཉིས་གཉིས་ཀཡིས་མ་གསང་དརང་བོར་དུས་ཐིག་ཏུ་འགོད་པ་ནི་གལ་ཆེའི་རང་གཞན་ལདན་པ་ཞིག་རེད་འདོད།



བརྗོད་གཞི་གཞན་ཁག་ལ་གཟིགས།