choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཡུལ་ཤུལ་ཁུལ་ཏུ་མི་༣༠༠ལྷག་རྐྱེན་ལམ་ཏུ་ཕྱིན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༤ཉིན། རྒྱ་ནག་གི་ཞིན་ཧྭ་གཞུང་འབྲེལ་གསར་གནས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དེ་རིང་ཞོགས་པའི་དུས་ཚོད་༧དང་སྐར་མ་༤༩སྟེང༌། མཚོ་སྔོན་ཞིང་ཆེན་ཟེར་བའི་མངའ་ཁོངས་ཀྱི་ཡུལ་ཤུལ་རྫོང་ལ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་ཅན་གྱི་ས་འགུལ་བརྒྱུགས་ཏེ། མི་༨༠༠༠ ལྷག་རྨས་སྐྱོན་བཏང་ཡོད་པས་མ་ཚད། མི་༣༠༠ལྷག་རྐྱེན་ལམ་ཏུ་ཕྱིན་ཡོད་འདུག

དེ་ཡང་རྒྱ་ནག་མི་དམངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་དོན། ཐེངས་འདིའི་ས་འགུལ་ཁྲོད་ཡུལ་མི་བརྒྱ་ཆ་དགུ་བཅུའི་སྡོད་ཁང་བརྡིབས་སྐྱོན་བྱུང་ཡོད་པ་མ་ཟད།  རྒྱུ་ནོར་ལ་གྱོང་གུན་དང་ཡུལ་མི་ལ་ཤི་རྨས་ཚབས་ཆེན་བྱུང་ཡོད་འདུག་པ་དང༌།  ད་ལྟའི་ཆར་ཉེན་སྐྱོབ་རུ་དཔུང་ཁག་གིས་གོད་ཆགས་བྱུང་ཡུལ་ན་བརྡིབས་སྐྱོན་བྱུང་བའི་སྡོད་ཁང་རིགས་བསྔོག་བཤེར་གྱིས་ཉེན་སྐྱོབ་ཀྱི་ལས་ཀ་སྒྲུབ་བཞིན་ཡོད་འདུག

ཕྱི་ལོ་༢༠༠༥ལྔ་ལའི་མི་གྲངས་ཞིབ་བཤེར་སྙན་ཐོར་ལྟར་ན། ཡུལ་ཤུལ་ཁུལ་དུ་འཚོ་སྡོད་བྱས་པའི་བོད་རིགས་ཀྱིས་ས་ཁུལ་དེའི་མི་འབོར་གྱི་བརྒྱ་ཆ་༩༧་༢༥ཟིན་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (12)
12 ༡༦༢༠༡༠༡༨༢༥
གནོད་འཚེ་ཕོག་ཡུལ་མི་དམངས་ཀྱིས་རྒྱ་ནག་གཞུང་ལ་རྒྱལ་བ་རིན་པོ་ཆེ་ཕེབས་ཆོག་པའི་སྙན་ཞུ་ཕུལ་འདུག དེ་ནས་འདས་གསོན་གཉིད་ཀྱི་རེ་བ་དངོས་གནས་དེ་རེད། ཡིན་ན་ཡང་བོད་གཞུངས་གི་ངོས་ནས་དེ་སྔོན་གསར་སྒྲགས་གང་ཡང་མི་འདུག ང་རང་གིས་རེ་བ་ཞུ་རྒྱུ་ཡ་ང་བའི་གནས་ཚུར་འདི་འདྲའི་སྐབས་བོད་གཞུང་གིས་རྒྱ་ནག་གཞུང་ལ་རབ་ན་༧རྒྱལ་བ་རིན་པོ་ཆེ་ཕེབས་ཐུབ་ཐབས་དང་། དེ་ལྟར་མ་བྱུང་ན་གཞུང་འབྲེལ་གྱི་རོགས་ཚོགས་ཞིག་ཕེབས་ཆོག་པའི་རེ་བ་བཏོན་དགོས་གྱི་རེད་བསམས།
ཡེ་ཤུལ་ས་ཡོམ་ཁྲོད་བོད་རིགས་འདས་རྐྱེན་དུ་ཕྱིན་པའི་ཤུལ་མའི་རེ་བ་ཆེ་ཤོས་ནི་ཕྱིར་སྡོད་དགོན་ཆེན་རྣམས་དང་བླ་སྤྲུལ་རྣམས་ཀྱི་མདུན་དུ་བསྔོ་ཡིག་ཕུལ་རྒྱུ་ཡིན་ཞིང་། དྲྭ་འཕྲིན་བརྒྱུད་ནས་བསྔོ་ཡིག་ཕུལ་ཐབས་སྐོར་ཅི་འདྲ་ཡོད་ན་དང་། འབྲེལ་བ་བྱེད་སའི་གློག་དྲྭའི་ཁ་བྱང་ཡོད་པ་འདིར་བཀོད་གནང་རོགས་ཞུ། གཞན་ཡང་དྲྭ་འཕྲིན་འདི་བརྒྱུད་ནས་བསྔོ་ཡིན་ཕུལ་སའི་ས་ཁོང་དམིགས་བསལ་ཞིག་བཟོས་ན་ཤིན་ཏུ་དགེ་མཚན་ཆེ་བ་མངོན།།
ཟླ་འདིའི་ཚེས་༡༥ཉིན་ནམ་ཡེ་ཤུལ་ས་འགུལ་གྱི་ཉིན་གཉིས་པ། ཕྱི་དྲོའི་དུས་ལྔ་ཕྱེད་ཙམ་གྱི་སྟེང་། ཐེངས་འདིར་ས་འགུལ་སྐབས་རྨས་སྐྱོན་ཚབས་ཆེན་བྱུང་བའི་རྨས་མ་ཁ་ཤས་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་། སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་རུ་གནམ་གྲུར་ཁྱེར་ཡོད་ཞིང་། མིག་སྔར་རྨས་མ་དེ་དག་ལ་འབྱུང་བཞིན་པའི་བཀའ་ངལ་ཆེ་ཤོས་ནི། སྐད་རིགས་མ་གཅིག་པའི་དབང་གིས་སྨན་པ་དང་ནད་པའི་བར་ལ་གོ་བརྡ་མ་འཕྲོད་པར་གྱུར་འདུག གནས་ཚུལ་དེ་དག་ཤེས་གསལ་བྱུང་མ་ཐག་སྡེ་དགེ་རྫོགས་ཆེན་དགོན་ཁྲིན་ཏུའུ་གཞུང་སྒྲུབ་ཁང་གི་སྐད་གཉིས་སྨྲ་ཤེས་ཀྱི་བཙུན་པ་དང་བཙུན་མ་རྣམས་གཙོ་བོར་བྱས་པའི་མི་གྲངས་བཅུ་ཕྲག་ལྷག་ཁག་གཉིས་སུ་བགོས་ནས། ཁྲིན་ཏུའུ་ཧྭ་ཤས་སྨན་ཁང་དང་། ཁྲིན་ཏུའུ་ཞིང་ཆེན་སྨན་ཁང་དུ་ཕྱིན། སྨན་ཁང་དུ་སླེབས་སྐབས་སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭའི་བོད་རིགས་སློབ་མ་བཅུ་ཕྲག་ལྷག་ཀྱང་དེར་སྐད་བསྒྱུར་སོགས་ཀྱི་རོགས་སྐྱོར་བྱེད་པར་འབྱོར་འདུག་པ་དང་། ཡིན་ན་ཡང་ད་དུང་རྨས་མ་མང་པོ་འབྱོར་མུས་སུ་འདུག་ལ་ང་ཚོ་བོད་རིགས་ཡོངས་སྐྱིད་སྡུག་གཅིག་པ་ཡིན་པ་ཚང་མ་སྟོབས་ཤུགས་ནུས་པ་ཕྱོགས་ཏུ་བསྡོམས་པའི་འབོད་བསྐུལ་ཞུ་བ་ཡིན།
9 ༡༥༢༠༡༠༢༠༠༤
ཡུལ་ཤུལ་དུ་བྱུང་བའི་ས་འགུལ་གནོད་སྐྱོན་ཁྲོད་དུ་ཚེ་སྲོག་ཤོར་བའི་མི་དུ་ཡོད་པ་གསལ་བོ་ཞིག་གོ་མ་སོང་བས་འདིའི་ཐད་ལ་སྐད་ཆ་ངོ་མ་ཞིག་བརྗོད་རྒྱུ་མཁྱེན།
8 ༡༥༢༠༡༠༡༨༤༢
བོད་པ་ཚོ་བྱམས་དང་སྙིང་རྗེའི་བདག་ཉིད་བླ་སྤྲུལ་དང་འབྱོར་ལྡན་གྱི་ཕྲུགས་པོ་རྣམ་པའི་དབུས་བོད་རིགས་ཡོད་ཚད་ནས་གདུང་སེམས་མཉམ་སྐྱེད་དང་ནུས་གང་ཡོད་ཀྱིས་རོགས་རམ་གང་ཐུབ་བྱེད་པའི་དུས་ལ་སླེབས་འདུག གོད་ཆག་བྱུང་ནས་དུས་ཚོད་བཞི་བཅུ་ལྷག་སོང་ཡང་རོགས་རམ་བྱེད་མཁན་གང་ཡང་མེད་པར་ལྷག་པའི་རྨས་མ་ཚོ་ལ་གཟིག་དང་། བླ་མ་མཁྱེན།
7 ༡༥༢༠༡༠༡༤༢༦
ཤ་དང་རུས་པ་གཅིག་དུ་འབྲེལ་བའི་བོད་མི་རིགས་ཀྱི་བླ་མ་དང་སྤྲུལ་སྐུ། ལས་བྱེད་དང་དབོན་པོ། ཚོང་བ་དང་ཚོང་དབོན། བསམ་དཀར་དང་ནུས་ཐོན་རྣམས་པ། ཐང་འདིའི་མཚོ་སྔོན་ཡུལ་ཤུལ་གྱི་ས་འགུལ་ཁྲོད་ན་སྡུག་བསྔལ་གྱི་གཅིར་བའི་བོད་མི་རྣམས་ལ་སྡུག་བསྔལ་དང་ཉེན་ཁ་ལས་སྐྱོབ་རོག
6 ༡༥༢༠༡༠༡༡༥༨
ཡེ་ཤུལ་ས་ཡོམ་གྱི་དངོས་པོའི་གནས་ཚུལ་རྒྱ་གཞུང་གི་གསར་འགྱུར་ཁག་དང་། དེ་མིན་རྒྱ་གཞུང་གི་གསར་འགྱུར་ཁག་ལ་གཞི་བཅོལ་བའི་cnnསོགས་ཕྱིའི་གསར་འགྱུར་ཁག་ལས་བཤད་པ་བས་ཚབས་ཆེ་ཞིང་། བདག་གི་ཡེ་ཤུལ་ས་གྱི་གྲོགས་པོ་དག་གིས་བཤད་པ་ལྟར་ཕར་བལྟས་ཚོད་ལ་ཕལ་ཆེར་མི་ཁྲི་ཕྲག་ཙམ་འདས་གྲོངས་སུ་སོང་འདུག་ཟེར། གཞན་རྒྱ་ཡུལ་གྱི་ཞིང་ཆེན་ཁག་དང་། བོད་ཀྱི་ཉེ་སྐོར་གྱི་དགོན་སྡེ། སེར་ཤུལ་དགོན། རྫོགས་ཆེན་དགོན་གྱི་གྲྭ་བ་ཤིན་ཏུ་མང་པོ་དང་། དེ་བཞིན་ཉེ་སྐོར་གྱི་བོད་མི་མང་པོ་ས་དེར་རོགས་སྐྱོར་བྱེད་མཁན་དུ་འབྱོར་བཞིན་འདུག་ཟེར་བ་ཐོ་གོས་བྱུང་བ།
5 ༡༥༢༠༡༠༠༦༡༤
རྒྱ་ནག་གི་གསར་ལམ་ཁག་ནས་ཐོས་པ་ལྟར་ན། ད་ནངས་བར་དུ་མི་གྲངས་དྲུག་བརྒྱར་ཉེ་བའི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་ཁྲི་ལྷག་ལ་རྨས་ཕོག་ཡོད་འདུག ད་དུང་མི་གྲངས་འབུམ་ལ་ཉེ་བའི་སྡོད་ཁང་རལ་བས་ཁྱིམ་མེད་པར་གྱུར་འདུག
4 ༡༤༢༠༡༠༡༣༥༥
གློ་བུར་དུ་འདི་ལྟ་བུའི་ས་འགུལ་ཅིག་ཡོང་ནའང་སྔོན་བརྡ་ཅི་ཡང་མེད་པ་ཅི་ཡིན་ནམ།
3 ༡༤༢༠༡༠༡༢༣༠
སྤྱི་ཟླ་བཞི་པའི་ཚེས་པ་བཅུ་བཞི་ཉིན། རྒྱ་མིའི་དུས་ཚོད་བཅུ་པ་ནས་ཁ་དཔར་རྒྱུད་ཤེས་གསལ་དུ་ཁམས་སྐྱེ་དགུ་མདོ་ལ་ས་མགུལ་ཆེན་པོ་ཞིག་བྱུང་ནས་མི་རྒྱུ་གཉིས་ལ་གོད་ཆག་ཚད་མེད་བྱུང་འདུག མང་ཚོགས་ཀྱི་སྡོད་ཁང་བརྒྱ་ཆ་དགུ་བཅུ་ཡན་ཞིབ་རལ་དུ་སོང་ཡོད་འདུག མི་ཤི་རྨས་ག་ཚོད་ཡོད་མིན། ད་ལྟའི་ཆར་བཤད་ཚོད་དཀའ་ཡང་མ་མཐའ་ཡང་ཤི་ཚད་སྟོང་ཕྲག་ཉེ་བ་དང་རྨས་མ་ནི་སྟོང་ཕྲག་མང་པོ་ཡོད་པ་རེད་འདུག ད་ལྟའི་ཆར་མྱུར་སྐྱོབས་ཀྱི་ལས་ཀ་བྱེད་མཁན་གང་ཡང་མེད་པ་རེད་འདུག མ་ཚད་གློག་གི་ཆུ་མཛོད་ཡང་ཞིབ་རལ་དུ་འགྲོ་ཉེན་ཆེ་སྟབས་མི་རྣམས་རི་མགོར་ལ་བྲོས་བྱོལ་དུ་ཕྱིན་ནས་ད་ལྟའི་ཆར་གནས་ཚུལ་དངོས་གནས་ཤེས་ཐབས་བྲལ།།
རྒྱ་ནག་གི་དུས་ཚོད་བཅུ་པ་ནས་ཁ་དཔར་རྒྱུད་གོ་ཐོས་བྱུང་བ་ལྟར་ན།
1 ༡༤༢༠༡༠༡༡༥༢
ད་རག་བར་དུ་མི་གྲངས་སུམ་བརྒྱ་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། སྟོང་བརྒྱད་ལྷག་ལ་རྨས་ཕོག་ཡོད་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།