བོད་མི་པར་སྐྲུན་པ་ཞིག་ལ་ལོ་ངོ་བདུན་གྱི་ཁྲིམས་ཐག་བཅད་པ།
མཐའ་མའི་བསྐྱར་བཅོས། (༡༦༢༠༠༩༠༥༡༦)
ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢་ཚེས་༨ཉིན་སྤེལ། རྒྱ་ནག་གཞུང་གིས་དགུང་གྲངས་༨༡ལ་ཕེབས་པའི་ལྷ་སའི་ནང་ཕྱག་དཔེ་པར་སྐྲུན་གནང་མཁན་པར་པ་དཔལ་འབྱོར་ནོར་བུ་ལགས་སུ་ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་དེར་རྒྱལ་སྤྱིའི་ཚོགས་ནས་ངོ་རྒོལ་སྐྱོན་བརྗོད་གནང་བ་དང་ཆབས་གཅིག་ཁོང་ཐོག་བཙུགས་པའི་ནག་ཉེས་ཆག་ཡང་དང་ཆ་རྐྱེན་མ་བཏོན་པའི་ཐོག་ནས་དཔལ་འབྱོར་ནོར་བུ་ལགས་འཕྲལ་དུ་གློད་འགྲོལ་ཡོང་ཐབས་སུ་འབོད་སྐུལ་གནང་དགོས་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་གསལ་བསྒྲགས་གནང་ཡོད་པ་རེད།
རྒྱ་གཞུང་གིས་དཔལ་འབྱོར་ནོར་བུ་ལགས་སུ་བོད་ཀྱི་རྒྱལ་དར་ལ་སོགས་པའི་པར་འགྲེམས་བྱེད་མི་ཆོག་པའི་ཡིག་ཆ་རིགས་མང་པོ་པར་རྒྱབ་པའི་ནག་ཉེས་བཙུགས་ཏེ་ཟླ་༡༠ཚེས་༣༡ཉིན་ཁོང་རྒྱལ་ས་ལྷ་སར་ཡོད་པའི་རང་ཁྱིམ་ནས་བློ་བུར་དུ་འཛིན་བཟུང་བྱད་ཡོད་པ་དང༌། ཁོང་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་དང་ཁྲིམས་ཐོག་ནས་ཁོང་ལ་ནག་ཉེས་ག་རེ་བཙུགས་ཡོད་མེད་སོགས་ཀྱི་སྐོར་ཁོང་གི་ནང་མི་ཚོར་གནས་ཚུལ་ཁ་གསལ་གང་ཡང་འགྲེལ་བརྗོད་གནང་མེད་པ་རེད།
ཉེ་དུས་ཟླ་༡༡ནང་ཁོང་ལ་རྒྱ་གཞུང་གིས་གསང་བའི་སྒོ་ནས་ཁྲིམས་ཞིབ་བྱས་པའི་རྗེས་སུ་ལོ་༧རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་ཡོད་མེད་མི་སུས་ཀྱང་ཤེས་རྟོགས་ཡོད་པ་མ་རེད།
ཁྱེད་ཀྱི་བསམ་ཚུལ་བྲིས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|