འབྲི་རུ་རྫོང་དུ་རྒྱ་མིའི་རྒྱལ་དར་ཕབ་པ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢ཉིན། བོད་ཀྱི་བང་ཆེན་གསར་ཁང་གི་ངག་དབང་ཐར་པ་ལགས་སུ་ཕ་ཡུལ་ནགས་ཤོད་ནས་ཡིན་པ་ཞིག་གིས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་ཆར་བདུན་ཕྲག་གཉིས་ཙམ་གྱི་སྔོན་དུ་ཁམས་ནགས་ཤོད་འབྲི་རུ་རྫོང་ཚྭ་ཆུ་ཤང་ཏོ་ཐོ་གྲོང་དུ། རང་ལོ་༢༢ ཅན་གྱི་ན་གཞོན་དཀོན་མཆོག་རྣམ་རྒྱལ་གྱིས་གྲོང་ཚོའི་ཚོགས་འདུ་འཚོག་སའི་ཚོགས་ཁང་གི་ཐོག་ཏུ་བསྒྲེངས་ཡོད་པའི་རྒྱ་ནག་དམར་གཞུང་གི་རྒྱལ་དར་མར་ཕབ་ནས་མེར་བསྲེག་བཏང་སྐབས། འཕྲལ་དུ་རྒྱ་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ནས་ས་ཆ་གང་ཞིག་ཏུ་བཙན་འཁྲིད་བྱས་ཡོད་མེད་མི་སུ་གཅིག་གིས་ཧ་གོ་མེད་པ་མ་ཟད། ཁོང་གི་ནང་མི་རྣམས་ཀྱིས་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག་ཅེས་གནས་ཚུལ་མཁོ་སྤྲོད་གནང་བྱུང་ཟེར།།
ཁྱེད་ཀྱི་བསམ་ཚུལ་བྲིས།
བསམ་ཚུལ། (2)
གཟེངས་བསྟོད།
2
༠༥༢༠༡༠༢༡༠༦
ལས་ཀ་གཟེངས་སུ་ཐོན་པ་ཞིག་བྱས་འདུག་པས་དགའ་བསུ་དང་བསྔགས་བརྗོད་ཞུ།
འབྲི་རུ།
1
༠༦༢༠༡༠༠༢༣༢
དངོས་གནས་དཔའ་བོ་རེད།