རྒྱ་གཞུང་གིས་འཇོ་མདའ་འཇོ་ཕུ་དགོན་པ་སྒོ་བརྒྱབ་ཡོད་འདུག

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༣༠ཉིན། འདི་གར་གསར་ཁང་དུ་འབྲེལ་ཡོད་བསྟན་པ་ཡར་འཕེལ་ལགས་རྒྱུད་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་མདོ་ཁམས་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ཁོངས་སུ་ཡོད་པའི་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཆོས་སྡེ་ཆེ་མོ་འཇོ་ཕུ་དགོན་ནི་ད་ལྟའི་ཆར་ཁམས་ཁུལ་གྱི་བཀའ་དགོན་ཆེ་གྲས་ཡིན་པ་མ་ཟད། ནམ་རྒྱུན་སློབ་གཉེར་བ་བརྒྱ་ཕྲག་ཁ་ཤས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པར་འཆད་རྩོད་རྩོམ་གསུམ་གྱིས་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་གནང་མུས་ཡིན་པ་དང། ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གིས་ལས་འགུལ་མི་ཉུང་བ་ཞིག་སྤེལ་ཏེ་སློབ་གཉེར་བ་ཚོར་སུན་བཙེར་རྒྱུན་ཆད་མེད་པ་བྱུང་བར་བརྟེན། དགོན་པའི་གྲྭ་རིགས་མི་ཉུང་བ་ཞིག་ལ་རྒྱ་གཞུང་གི་བཀའ་ལ་གུས་བཀུར་མེད་པའི་ཉེས་མིང་སྤྱད་དེ་རྫོང་ཉེན་རྟོག་མི་སྣས་བཙོན་འཇུག་ཁྲིམས་ཆད་མུ་མཐུད་སྤེལ་བ་དང། ལྷག་པར་ཟླ་ཤས་སྔོན་དུ་དགོན་པའི་དབུ་འཛིན་བྱང་ཆུབ་སྤྲུལ་སྐུ་གློ་བུར་དུ་འཛིན་བཟུང་གྱིས་བཙོན་དུ་བཅུག་པར་བརྟེན། དགོན་པའི་གྲྭ་རིགས་ཁག་ཅིག་ནས་ཉེས་མེད་འཛིན་བཟུང་བྱས་པར་འཕྲལ་དུ་གློད་གྲོལ་དགོས་པའི་སྐད་འབོད་བྱས་ཀྱང་མ་ཕན་པར་གྲྭ་པ་དེ་རྣམས་ཀྱང་དོ་དམ་བཙོན་འཇུག་བྱས་པ་ད་ལྟའང་གློད་གྲོལ་བཏང་མེད་ཁར། འདི་ཟླའི་ཚེས་ཉེར་བརྒྱད་ཉིན་བོད་ནས་ཁ་པར་འབྱོར་དོན། ད་སྐབས་འཇོ་ཕུ་དགོན་པ་ནི་རྒྱ་གཞུང་གིས་སྒོ་བརྒྱབས་ཟིན་པ་དང༌། དགོན་པའི་གྲྭ་རིགས་ཤུལ་ལུས་རྣམ་ཀྱི་རྒན་ཤོས་སྤེ་ཚེ་ཡང་འཛིན་བཟུང་བྱས་སོང་ཟེར་བའི་གནས་ཚུལ་ཐོན་འདུག །འདིའི་སྐོར་འབྲེལ་ཡོད་ལ་སྐད་ཆ་ཞིབ་འབྲི་བྱས་སྐབས་གྲྭ་སྤེ་ཚེའི་ཉེ་འབྲེལ་མང་པོ་རྒྱ་གར་དུ་ཡོད་པས་གནས་ཚུལ་ཞིབ་ཕྲ་བཤད་ན་ཉེ་འབྲེལ་ཚོས་སེམས་ཁུར་ཚད་མེད་བྱ་རྒྱུར་ངེས་པས་གནས་སྐབས་འགྲེལ་བཤད་དེ་ཙམ་ལས་མེད་ཚུལ་བཤད་སོང༌ཟེར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (1)
1 ༣༠༢༠༡༠༡༥༡༠
བསྟན་པ་ཡར་འཕེལ།
འདིའི་སྐོར་གནས་ཚུལ་ཞིབ་ཕྲ་མུ་མཐུད་འདྲི་རྩེད་ཀྱིས་དྲྭ་ལམ་དུ་གཏོང་རྩིས་ཡོད་པས་དུས་ཐོག་ཏུ་ཐུགས་སྣང་གནང་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།