དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་བཙོན་འཇུག་དང་ཁྲིམས་ཆད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༦ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པར་ལྟར་ན། གསེར་རྟ་བླ་རུང་ཆོས་སྒར་ནས་ཡིན་པ་གྲྭ་ངག་ཆུང་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༨ ཉིན་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་པ་དང༌། ཉེ་བའི་ཆར་ཁོང་ཉིད་ལ་ལོ་དྲུག་དུས་བཀག་བཙོན་འཇུག་དང་ཆབ་སྲིད་ཀྱི་ཁེ་དབང་ལོ་གཅིག་འཕྲོགས་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༨ ཉིན་གྱི་དགོང་མོ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲ་ངག་ཆུང་དང༌། ཁོང་གི་ཕ་གཅིག་གི་སྤུན་མཆེད་རྒན་པ་གྲ་བཀྲ་ཕུན་དང༌། སློབ་གླིང་དེའི་གྲ་འགུ་དྲག་བཅས་ཁྲིན་ཏུའུ་གྲོང་ཁྱེར་དུ་སི་ཁྲོན་ཞིང་ཆེན་སྤྱི་བདེ་ཉེན་རྟོག་ཁང་གིས་གསར་བའི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང༌། སྐབས་དེར་འཛིན་བྱས་པའི་གྲ་བཀྲ་ཕུན་དང༌། འགུ་དྲག་གཉིས་རྗེས་སུ་གློད་གྲོལ་བཏང་ཡོད་ནའང༌། གྲ་ངག་ཆུང་ལ་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལ་བརྟེན་ནས་འཇུ་བཟུང་བྱས་པ་ཡིན་ཚུལ་གྱིས་གསང་བའི་ཐོག་ནས་བཀག་ཉར་བྱས་ཏེ་ཉེ་བའི་ཆར་མ་གཏོགས་གཉེན་ཉེ་དང་འབྲེལ་ཡོད་སུས་ཀྱང་ཁོང་གི་གནས་སྟངས་གསལ་པོ་ཤེས་རྟོགས་གང་ཡང་བྱུང་མེད་པ་དང༌། ཉེ་ཆར་ཤེས་རྟོགས་བྱུང་བའི་སྐབས་ཁོང་ལ་ཡོངས་གྲགས་མིན་པར་གསང་བའི་ཁྲིམས་ཐག་དེ་བཅད་ནས་ཟླ་གཉིས་ཙམ་སོང་ཟིན་ཡོད་པ་རེད།

གྲ་ངག་ཆུང་ལགས་ནི་ད་ལྟའི་ཆར་རང་ལོ་ ༣༩ ཡིན་པ་དང༌། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུ་ཚ་ཡིན་པས་ཆུང་དུས་ནས་བླ་རུང་ཆོས་སྒར་དུ་འཛུལ་ཞུགས་ཀྱིས་ལོ་ཉི་ཤུ་ལྷག་སློབ་སྦྱོང་བྱས་པ་དང༌། བླ་རུང་ཆོས་སྡེའི་ལས་སྣེ་ཆེ་ཆུང་འདྲ་མིན་གྱི་འགན་ཁུར་མྱོང་བ་མ་ཟད། འཇུ་བཟུང་བྱེད་སྐབས་ཀྱང་ཆོས་སྡེ་དེའི་བཟང་སྤྱོད་ལས་ཁང་གི་འགན་ཁུར་གྲས་སུ་ཡོད་པ་དང༌། སྐབས་དེར་ཡང་བླ་རུང་ཆོས་སྡེའི་ལས་དོན་ཞིག་གི་ཆེད་དུ་ཁྲིན་ཏུའུ་རུ་ཡོང་བ་ཡིན་འདུག ད་ལྟའི་ཆར་ཁོང་ཁྲན་ཏུའུ་གྲོང་ཁྱེར་དང་ཧ་ཅང་ཐག་མི་རིང་བའི་ཡ་ཨན་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོག་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་མཁོ་སྤྲོད་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།