choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཁམས་འབྲི་རུ་རྫོང་རྩ་ལ་ཤང་སློབ་མས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༥ཉིན། བཞུགས་སྒར་དྷ་སར་གནས་སྡོད་བྱས་པའི་ངག་དབང་ཐར་པས་འདི་ག་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༢༢ཉིན་ཁམས་འབྲི་རུ་རྫོང་རྩ་ལ་ཤང་ལྟེ་བའི་སློབ་ཆུང་གི་སློབ་ཕྲུག་ཉི་ཤུ་ལྷག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༢༢ཉིན་ཁམས་འབྲི་རུ་རྫོང་རྩ་ལ་ཤང་ལྟེ་བའི་སློབ་ཆུང་སློབ་མ་ཉི་ཤུ་ལྷག་གིས་བོད་རང་བཙན་གཙང་མ་ཡིན། རྒྱ་དམར་བོད་ནས་མཐར་བསྐྲོད་དགོས། ྋརྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་འཇུག་དགོས་ཞེས་རྒྱ་གཞུང་གི་བཙན་གནོན་དབང་བསྒྱུར་ལ་རྒོལ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་འདུག་ལ། དེ་རྗེས་ཅུང་མ་འགོར་བར་ས་ཁུལ་དེའི་དམག་མི་དང་ཉེན་རྟོག་པས་སློབ་ཕྲུག་ངོ་རྒོལ་བ་རྣམས་ཀྱི་མཐའ་བསྐོར་ཡོངས་སུ་བསྐོར་འདུག་ཅིང༌། སློབ་ཕྲུག་ཚོའི་ཁྱིམ་བདག་ལ་འདྲི་རྩད་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་རྒྱ་གཞུང་གིས་ས་ཁུལ་དེར་སྟངས་འཛིན་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་སྟབས་སློབ་ཕྲུག་ངོ་རྒོལ་བ་རྣམས་འཛིན་བཟུང་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་རྒྱས་པ་ཤེས་རྟོགས་ཐུབ་ཡོད་མི་འདུག

གནས་ཚུལ་མཁོ་སྤྲོད་གནང་མཁན་སོག་རྫོང་ངག་དབང་ཐར་པ་ལགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།