choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་མིས་དགོན་པར་དཔལ་འབྱོར་བསླུ་བྲིད་བྱས་ཡོད་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༥ཉིན། རེབ་གོང་བློ་བཟང་ཀུན་མཁྱེན་ཞེས་པས་འདི་ག་གསར་ཁང་གི་ཤམ་བྷ་ལའི་ཕོ་ཉ་དྲ་གནས་ཀྱི་བསམ་ཚུལ་སྤེལ་སར་གནས་ཚུལ་ཞིག་སྤེལ་དོན། རེབ་གོང་དགོན་ཆེན་དོ་དམ་པའི་མིང་འཛིན་ཞང་རྩེ་དང་དབུ་མཛད་དགེ་དོན། བསྟན་འཛིན་ཆོས་གྲགས། དཔྱི་གྲགས་སོགས་རྒྱ་མིའི་ལས་བྱེད་པའི་ཁོག་ཏུ་འཛུལ་ནས་དགོན་པ་ཉམས་གསོ་དང་འཛུགས་སྐྲུན་བྱེད་ཁུལ་གྱིས་ད་ལྟ་དགོན་པའི་ཐང་ཆེན་དང་སྒོ་ཆེན་ལྟ་སྒོར་འཛིན་བྱང་བཙོང་ས་ལྟ་སྐོར་ཡོང་སྒོ་ཚང་མ་རྒྱ་མིས་བདག་པོ་བརྒྱབས་ཚར།

དགོན་པའི་ནང་དུ་རྒྱ་མིའི་ལས་བྱེད་པ་སྡོད་ས་དང་དམག་མིའི་སྡོད་ཁང་ལས་བཞིན་པར་གྲྭ་པ་ཚོས་ངོ་རྒོལ་བྱས་དང་བྱེད་མུས་སུ་མཆིས་ཟེར། རེབ་གོང་བློ་བཟང་ཀུན་མཁྱེན་ཞེས་པས་མུ་མཐུད་དུ་བཀོད་དོན། ༢༠༠༧ནས་བཟུང་རྒྱ་ནག་སྲིད་གཞུང་གིས་རོང་བོ་དགོན་པ་འཛུགས་སྐྲུན་བྱེད་དགོས་ཟེར་ནས། སྒོར་ཁྲི་མང་པོ་ཞིག་གིས་ཕུད་ནས་དགོན་པར་ཐང་རྒྱ་ཆེན་པོ་ཞིག་ལས་ཡོད་པ་རེད། དེ་ནི་དགོན་པར་ཤ་ཚ་ནས་ལས་པ་ཞིག་མ་ཡིན་པར། དགོན་པའི་མཐའ་འཁོར་དུ་ལྟ་སྐོར་བ་མང་པོ་ཞིག་འགུགས་ཆེད་ཡིན།

༢༠༠༨ལོར་དགོན་པར་སྒོ་ཆེན་ལེགས་པོ་ཞིག་ལས་འགོ་བརྩམས་ཏེ་༢༠༠༩ལ་ཡོངས་སུ་འགྲུབ་ཅིང༌། སྒོ་ཆེན་གྱི་གཡས་གཡོན་དུ་ཡུལ་སྐོར་འཛིན་བྱང་བཙོང་སའི་ཁང་བ་གཉིས་ལས་ཡོད་པ་འདི་དག་ནི་དགོན་པ་འདི་རིག་རྫས་སྣ་མང་ཅན་ཡིན་པས་ཕྱི་གླིང་བ་དང༌། རྒྱ་ནང་གི་ཡུལ་སྐོར་མང་པོའི་ཡོང་སྒོ་ཐམས་ཅད་ཁོང་ཚོ་ལ་ཐོབ་པའི་ཆེད་དུ་ཡིན་པ་རེད། ༢༠༡༠ནསབཟུང་དགོན་པའི་ལྟ་སྐོར་གྱི་ཡོང་སྒོའི་བདག་དབང་ཡོད་ཚད་སྲིད་གཞུང་མི་སྣས་བཟུང་ཡོད་ཅིང༌། ལྟ་སྐོར་བའི་ཡོང་སྒོ་ནི་ལོ་རེར་རྒྱ་སྒོར་ཁྲི་༢༠ནས༣༠་མ་མཐའ་ཡང་ཡོང་སྲིད་པ་རེད། ཁོང་ཚོས་དགོན་པ་ལ་ལོ་རེར་སྒོར་ཁྲི་༤ནས་༥་སྟེར་རྒྱུ་བྱས་ཡོད་ཟེར། དཀོར་གཉེར་ཚོས་འདུ་ཁང་སོ་སོའི་སྒོ་ཉིན་རྒྱུན་ལེགས་པར་ཕྱེ་དགོས་ཟེར།

ཡང་ཉིས་སྟོང་དགུ་ལོར་དགོན་པའི་ཚོགས་ཆེན་ལ་ཇ་ཁང་ཞིག་ལས་རྒྱུ་ཟེར་ཞོར་སྲིད་གཞུང་ལས་བྱེད་པ་ཚོས་བ་ལས་སའི་ཁང་བ་གསུམ་ལས་ཏེ་དེའི་ནང་དུ་ལས་བྱེད་དག་འཚོགས་ནས་ཡོད་སྐབས། གྲྭ་བ་འགས་དགོན་པ་ནི་ཁྱེད་ཚོས་ཆང་འཐུང་ས་དང་ཤོ་རྒྱག་ས་མིན་ཟེར་ནས་ཁ་འཛིངས་བྱས། ༢༠༡༠ལོའི་ཟླ་གཉིས་པའི་ཚེས་མགོ་ཡར་མར་གྱི་དགོང་མོ་ཞིག་ལ་གྲྭ་བ་འགས་ཁང་བ་དེ་གསུམ་པོའི་སྒོ་དྲ་མ་མེར་བསྲེགས་བཏང༌། ཕྱི་ཉིན་དགེ་སྐོས་དཔལ་བཟང་ཟེར་བས་གུང་ཁྲན་ཚང་གི་མགྲིན་ཚབ་བྱས་ཏེ་ཚོགས་གཏམ་ཞིག་བཏང་མ་གཏོགས་རྩད་གཅོད་བྱས་ཏེ་གྲྭ་བ་ཚོ་འཇུ་བཟུང་གི་གནས་ཚུལ་མ་བྱུང༌།

ཡང་༢༠༠༩ལོརདགོན་པའི་གྲྭ་བ་ཚོར་སྡོད་ཁང་ལས་དགོས་ཟེར་ནས་ཐོག་ཁང་དྲུག་ཅན་མང་བོ་ཞིག་ལས་བཞིན་ཡོད་པ་དེས་ནི་དགོན་པའི་སྲོལ་རྒྱུན་གྱི་རྣམ་པ་བརླགས་ཡོད་པ་མ་ཟད། ཕྱིས་སུ་གོ་ཐོས་ལྟར་ན་ཁང་བ་དེ་དག་དགོན་པ་ལ་དབང་བ་ཞིག་མ་ཡིན་པར་རྒྱ་མི་ཁོ་ཚང་གི་ཚོང་རྒྱག་བྱེད་ཅིག་ཡིན་ཞིང། གྲྭ་བ་ཚོར་ལྟ་རྟོག་བྱེད་པའི་སྲིད་གཞུང་གི་ལྟ་ཞིབ་པ་དང་དགོན་པའི་འབྲེལ་ཡོད་ཀྱི་ལས་ཁུངས་ཁ་ཤས་ནང་དུ་སྤོ་རྩིས་ཡོད་ཟེར།

ད་སྐབས་དགོན་པའི་གྲྭ་བ་ཚོས་གླེང་བ་ནི་དོན་འདི་དག་དགོན་པའི་དོ་དམ་པའི་མིང་ཅན་ཞང་རྩེ་དང། དགེ་དོན། བསྟན་འཛིན་ཆོས་གྲགས། དཔྱི་གྲགས་སོགས་རྒྱ་དམར་གྱི་ལས་བྱེད་པ་དེ་དག་དང་ཁ་མཐུན་གྲོས་འགྲིགས་ཀྱིས་དགོན་པར་མགོ་སྐོར་་བཏང་བ་ཞིག་རེད་ཟེར་ཞིང༌། འཛུགས་སྐྲུན་དེ་དག་ནི་རྒྱ་དམར་སྲིད་གཞུང་གིས་རང་དོན་དུ་གཡོ་ཐབས་་རྐྱང་རྐྱང་བཀོལ་ཡོད་པ་ཞིག་ཡིན་་པ་ནི་་གསལ་ཐག་ཆོད་པ་དེ་རེད། ཤར་ཚང་སྤྲུལ་སྐུས་ནི་ཁོང་དོན་འདི་དག་ལ་ཐེ་གཏོགས་ཅི་ཡང་བྱས་མེད་ཟེར། བོད་ནང་དགོན་པ་མང་བོ་ཞིག་སྨད་འཚོང་མ་བཞིན་གུང་ཁྲན་ཚང་གི་སྒོར་མོའི་བསླུ་བྲིད་འོག་རང་གི་རིག་གནས་ལ་གཏོར་བརླག་ཕོག་བཞིན་པའི་ངང་ཚུལ་མཁྱེན་གྱི་མེད། ཅེས་བཀོད་ཡོད་འདུག

གསར་འགྱུར་མཁོ་སྤྲོད་གནང་མཁན་རེབ་གོང་བློ་བཟང་ཀུན་མཁྱེན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
གོང་གི་གནས་ཚུལ་ཏེ་དག་ངོ་མ་དེ་འདྲ་ཞིག་རེད། ལོ་ངོ་བཅུ་ཡི་ཡར་སྔོན་ལ་ང་ཚོའི་དགོན་པ་འདི་དབེན་ཞིང་མཉམ་དགའ་བ་ཞིག་དང་གྲྭ་པ་རྣམས་ཀྱི་སྤྱོད་པ་ལེགས་ཤིང་ངང་རྒྱུད་འཇམ། ལོ་ངོ་འདི་དག་གི་རིང་ལ་དོ་དམ་མི་སྣ་འགས་དགོན་པ་ལ་ཤ་ཚ་་བའི་རྣམ་འགྱུར་གྱིས་དགོན་པ་འདི་རྒྱ་མས་སྣེ་ལན་ཁང་དང་གཉིས་སུ་མ་མཆིས། ༢༠༠༩ ནང་ལ་རྒྱ་མིས་ང་ཚོས་དགོན་པའི་གྲྭ་པ་རེ་ལ་བསྡུ་ལན་འཕྲུལ་ཆས་རེ་སྟེར་རྒྱུ་བྱས། འོན་ཀྱང་གྲྭ་པ་རྣམས་ཀྱིས་མི་འདོད་པའི་རྣམ་འགྱུར་ཀྱིས་ཁོ་ཚོ་ལ་བྱ་ཐབས་བྲལ། ༢༠༡༠ སྤྱི་ཟླ ༥ པའི་ཚེས་ ༡༨ ཡས་མས་ཞིག་ལ་སླར་ཡང་བརྙན་འཕྲིན་དང་བསྡུ་ལན་འཕྲུལ་ཆས་ཁ་ཚང་ཞིག་བྱིན་པས་གྲྭ་པ་བརྒྱ་ཆའི་དགུ་བཅུ་གོ་དགུས་བླངས། བརྒྱ་ཆའི་བཅུས་དེ་ལ་མི་འདོད་པའི་རྣམ་འགྱུར་ཡང་མཐོང་།ཁྱོད་ཚོས་བལྟས་ན་ང་ཚོས་ཅི་ཞིག་བྱེད་ན་བཟང་།
3 ༡༠༢༠༡༠༡༣༥༨
དེང་སང་རྒྱ་མི་དང་ལྷན་དུ་ལས་ཀ་ལས་ཏེ་ཉུལ་མ་བྱེད་མཁན་ནི་བོད་ཡུལ་དུ་ཇེ་མང་དུ་འགྲོ་བཞིན་འདུག
གྲོགས་པོ་བློ་བཟང་ཀུན་མཁྱེན་ལགས འཆལ་གཏམ་ཁོ་ན་ཟེར་བ་དེ་ཁྱེད་ཀྱི་འུ་ཤེས ང་ཚོས་ས་ཐོག་ནས་རྒྱ་དམར་གྱི་འཛུགས་སྐྲུན་བྱེད་ན་ཡག་པོ་འདུག མ་འོངས་བ ་ང་ཚོས་དངོས་པོ་རེད

བགྲོ་གླེང་བྱེད་འདོད་ན་13139133335

གོང་གསལ་བརྗོད་དོན་ཁག་ནི་དོན་དངོས་དང་རྒྱབ་འགལ་དུ་གནས་པའི་འཆལ་གཏམ་ཁོ་ན་རེད། དོན་ལ་མི་གནས་པའི་གནས་ཚུལ་རྫུན་པ་འདི་འདྲ་བཀོད་པ་ནི་ཁེ་ལས་ཉེན་ཆེ་བ་འདུག གནས་ཚུལ་དངོས་ལ་དབྱེ་ཞིབ་གང་ཡང་མེད་པར་གང་བྱུང་བྱུང་དུ་དྲྭ་ཚིགས་དུ་བཀོད་ན་ཁྱོད་ཚོས་སྒྲུབ་པའི་གསལ་སྒྲགས་ལའང་དགེ་མཚན་གང་ཡང་མ་མཆིས། དེ་བཞིན་བཀོད་ན་མ་ཉེས་ཁ་ཡོག་ཏུ་གྱུར་བ་དང་། སྐུར་འདེབས་དུའང་འགྱུར་སྲིད། འགའ་ཞིག་གིས་ལ་རྒྱ་ཁ་ལ་བཏགས་ནས་ལྐོག་ཏུ་ངན་སེམས་ཕྲག་དོག་གིས་ཐ་ཆད་བྱ་ངན་བྱེད་མཁན་འང་སྣང་མུས་སུ་འདུག འདིར་གནས་པའི་བོད་རིགས་སྤུན་ཟླ་རྣམས་ནི་སྟག་གི་སྡེར་མོའི་འོག་ན་གནས་ཡོད་པས། རང་དབང་ལུང་པ་ཞིག་ནས་སྐྱིད་གཏམ་དང་སྦུར་གཏམ་སྒྲོག་རྒྱུ་ནི་ལས་ལྷ་མོ་ཞིག་རེད་སྙམ།


 




བརྗོད་གཞི་གཞན་ཁག་ལ་གཟིགས།