choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འཇོ་མདའ་འཛི་སྒར་དགོན་གྱི་གྲྭ་པ་གཉིས་འཛིན་བཟུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༥ཉིན། ༢༠༡༠།༣།༢༥༄༅། །འདི་གར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གྱི་མཚན་མོ་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་འཛི་སྒར་དགོན་པ་ནས་རྒྱ་གཞུང་ལས་བྱེད་པའི་རླངས་འཁོར་ཞིག་མེ་བསྲེགས་བཏང་བའི་གནས་ཚུལ་ཐོན་ཡོད་འདུག་པ་དང༌། ཕྱི་ཉིན་རྒྱ་དམག་དང་ཉེན་རྟོག་པས་འཛི་སྒར་དགོན་པའི་གྲྭ་ཀརྨ་དཔལ་ལྡན་རང་ལོ་༢༤ཅན་དང་གཞན་གྲྭ་པ་གཉིས་བཅས་འཛིན་བཟུང་གིས་ཁྲིད་ནས་སོང་ཡོད་འདུག་ཅིང༌། མཐར་གྲྭ་པ་གཞན་གཉིས་ལྷོད་བཀྲོལ་བཏང་ཡོད་འདུག་ཀྱང་རྗེས་སུ་གྲྭ་མེ་ཕམ་དགེ་ལེགས་རང་ལོ་༢༠ཅན་འཛིན་བཟུང་གིས་འཇོ་མདའ་རྫོང་དུ་ཁྲིད་ནས་ཀརྨ་དཔལ་ལྡན་དང་ཁོང་གཉིས་བཀག་ཉར་དང་སྡུག་སྦྱོང་ཤུགས་ཆེ་བཏང་བ་མ་ཟད། རྫོང་ཐོག་ལ་ཁྲོམ་སྐོར་དུ་ཁྲིད་ནས་མི་མང་ཁྲོད་རྔམ་རྫིག་སྟོན་བཞིན་ཡོད་འདུག སྤྱིར་བཏང་ན་ནིང་༢༠༠༩ལོར་འཇོ་མདའ་རྫོང་དུ་ས་ཞིང་མ་བཏབ་པ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བ་དང༌། རྒྱ་གཞུང་གིས་གློ་བུར་དུ་ཡུལ་ཚོ་སོ་སོར་རླངས་འཁོར་ཆེ་ཆུང་མང་པོ་སྤྲད་འཆར་བྱས་སྐབས་བོད་མི་རྣམས་ཀྱིས་མ་བླངས་པའི་གྲས་ས་གནས་ལས་བྱེད་ཀྱིས་ཉར་བསྡད་པ་ཞིག་མེ་བསྲེགས་ཐེབས་ཡོད་འདུག རླངས་འཁོར་མེ་སྲེག་གཏོང་མཁན་གྲྭ་པ་དེ་གཉིས་ཡིན་པའི་བདེན་དཔང་ཅི་ཡང་ཐོབ་སོན་བྱུང་ཡོད་མི་འདུག་ཀྱང་རྒྱ་གཞུང་ལས་བྱེད་ པ་དང༌། ཉེན་རྟོག་པ། དམག་མི་བཅས་ཀྱིས་ཁོང་གཉིས་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་འདུག ད་དུང་ཆབ་མདོ་ས་ཁུལ་གྱི་རྫོང་ཁག་རྣམས་ལས་མཇོ་མདའ་རྫོང་དེ་རྒྱ་ཁབ་ཁ་བྲལ་གཏོང་མཁན་གྱི་ནག་ཉེས་ཆེ་གྲས་ཡིན་སྐོར་བགྲངས་ནས་ཉིན་རེ་ནས་ཉིན་རེ་བཞིན་དམ་བསྒྲགས་ཆེ་རུ་གཏོང་བཞིན་ཡོད་འདུག་པ་བཅས།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་ནས་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ ༢༠༡༠།༣།༢༥ ཉིན།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
གནས་ཚུལ་གསར་དུ་བཀོད་གནང་བར་ཐུགས་ེྗེ་ཆེ།
ཀརྨ་དཔལ་ལྡན་མ་རེད། ཀརྨ་དཔལ་དཔལ་བཟང་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།