choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བྱང་ནག་ཆུ་ཁུལ་དུ་ས་ཡོམ་ཐེངས་གཉིས་བརྒྱབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༣ཚེས་༢༤ཉིན། དེ་རིང་ཞོགས་པར་སྔ་མོར་བྱང་ནག་ཆུ་ས་ཁུལ་གཉན་རོང་རྫོང་དུ་སྔ་ཕྱི་ས་ཡོམ་ཐེངས་གཉིས་བརྒྱབ་ཡོད་འདུག་པ་དང༌། ས་ཡོམ་དང་པོ་དེ་སྔ་དྲོ་ཆུ་ཚོད་༡༠དང་སྐར་མ་༦དང༌། ཐེངས་གཉིས་པ་དེ་སྔ་དྲོ་ཆུ་ཚོད་༡༠དང་སྐར་མ་༤༤ཐོག་བརྒྱབ་ཡོད་འདུག

སྔ་ཕྱི་ཐེངས་གཉིས་ཀྱི་ས་ཡོམ་དེ་དག་གི་ཚད་གཞི་ནི་རིམ་པ་༥་༧དང་༥་༥བར་རེད་འདུག་ཅེས་རྒྱ་ནག་ས་ཡོམ་འབྲེལ་མཐུད་ལྟེ་གནས་ནས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་འདུག

རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། ཐེངས་དང་པོའི་ས་ཡོམ་དེ་ས་ཡོམ་འབྱུང་ཡུལ་དེ་ལས་བྱང་ངོས་སུ་ལེ་དབར་༣༢དང་ཚེག་༤དང༌། ཤར་ཕྱོགས་སུ་ལེ་དབར་༩༣བར་ཁྱབ་ཡོད་འདུག་པ་དང༌། ས་འོག་ཏུ་གཏིང་ཚད་ལ་ལེ་དབར་༨ཕྱིན་ཡོད་འདུག

ཡང་ཐེངས་གཉིས་པའི་ས་ཡོམ་དེ་ནི་ས་ཡོམ་འབྱུང་ཡུལ་དེ་ལས་བྱང་ཕྱོགས་སུ་ལེ་དབར་༣༢དང་ཚེག་༥དང༌། ཤར་ཕྱོགས་སུ་ལེ་དབར་༩༢དང་ཚེག་༨བར་ཁྱབ་ཡོད་འདུག་ལ། ས་འོག་ཏུ་གཏིང་ཚད་ལ་ལེ་དབར་༧བར་ཕྱིན་ཡོད་འདུག

རྒྱ་ནག་གིས་དབང་སྒྱུར་འོག་ཡོད་པའི་བོད་ནང་དུ་ས་འགུལ་དཔྱད་ཞིབ་རིག་པའི་ལས་ཁུངས་ཅིག་གི་འགན་འཛིན་ཀྲུའུ་ཆུན་གྱིས། ཉེ་བའི་ལོ་འགའི་ནང་གཉན་རོང་ཁུལ་གྱི་ས་ཆ་དེ་ནི་རྒྱུན་ཆད་མེད་པ་ས་ཡོམ་གྱིས་གནོད་འཚེ་ཕོག་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག

ཁུལ་དེའི་གནས་བཅའ་བ་རྣམས་ནི་ཁ་ཐོར་དུ་གནས་ཡོད་པ་ཞིག་དང༌། ས་ཆ་དེ་ནི་རྒྱ་མཚོ་ནས་བརྩིས་པའི་ཉུང་མཐར་ཡང་རྨིད་༤༠༠༠ཙམ་ཡོད་པས། གནས་ཚུལ་འབྱུང་ཡུལ་དེར་མྱུར་སྐྱོབ་བྱེད་མཁན་དང་གསར་འགོད་པ་སོགས་ལམ་སེང་འབྱོར་ཐུབ་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།