choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཀོང་པོ་ཁུལ་རྫ་ཡུལ་རྫོང་གི་ནཌ་ཚལ་ལ་མེ་སྐྱོན་བྱུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༢ཉིན། རྒྱ་ནག་ཉིན་རེའི་གསར་འགྱུར་ཞེས་པས་དེ་རིང་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༢༡ཉིན་གྱི་ཉིན་གུང་ཙམ་ལ་ཀོང་པོ་ཁུལ་རྫ་ཡུལ་རྫོང་གི་ནགས་ཚལ་ལ་མེ་སྐྱོན་ཤོར་ཏེ་ས་ཁྱོན་སྟོང་མུའུ་༢༦ལྷག་གི་ཤིང་ནགས་མེས་འཚིགས་ཡོད་འདུག

གོང་གསལ་གྱི་རྒྱ་ནག་གི་གཞུང་འབྲེལ་གསར་གནས་དེས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཡིན་གུང་ཙམ་ལ་ཀོང་པོའི་རྫ་ཡུལ་གྱི་ནགས་ཚལ་ལ་མེ་སྐྱོན་ཤོར་ཏེ་ས་ཁྱོན་སྟོང་མུའུ་༢༦ལྷག་གི་ཤིང་ནག་འཚིག་སྐྱོན་བྱུང་ཡོད་པ་དང༌། མེ་སྐྱོན་ཤོར་ས་དང་མི་ཊར་༥༠༠མཚམས་སུ་རྫ་ཡུལ་རྫོང་གི་སློབ་གྲྭ་ཞིག་ཀྱང་ཡོད་འདུག ད་སྐབས་ས་ཁུལ་དེའི་གནམ་གཤིས་སྐམ་པོ་དང་རླུང་ཤུགས་ཆེ་བར་བརྟེན་མེ་དེ་མུ་མཐུད་ནས་རྒྱ་ཁྱབ་ཏུ་མཆེད་ཀྱིན་འདུག་ལ། དམག་མི་ ༡༠༠༠ ལྷག་མེ་སྐྱོན་ཤོར་སར་མངགས་གཏོང་གིས་མེ་གསོད་ཐབས་བྱེད་ཀྱིན་ཡོད་འདུག

རྒྱ་ནག་ཉིན་རིའི་གསར་འགྱུར་ལྟར་ན། ད་ལྟའི་ཆར་མེ་སྐྱོན་ཁྲོད་སྲོག་སྐྱོན་སོགས་གང་ཡང་བྱུང་ཡོད་མི་འདུག་ལ། མེ་སྐྱོན་གྱི་འབྱུང་གཞིའི་ཐད་རྟགས་དཔྱད་ཞིབ་འཇུག་བྱེད་ཀྱིན་པའི་སྒང་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡམ་བྱམས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༢༢༠༡༠༢༡༠༡
དཔེར་བསགས་འདུག

བརྗོད་གཞི་གཞན་ཁག་ལ་གཟིགས།