choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་༥༠ལྷག་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་ཉེས་འཛུཌ་འོག་བཙོན་འཇུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༢ཉིན། བོད་ནང་དུ་ས་བྱི་ལོའི་ཞི་རྒོལ་ཆེན་མོ་བྱུང་ནས་ད་ལྟ་བར་རྒྱ་གཞུང་གིས་ཉུང་མཐར་ཡང་བོད་མི་༥༠ལྷག་རྒྱ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་ཉེས་འཛུགས་འོག་འཛིན་བཟུང་བཙོན་འཇུག་སོགས་ཀྱི་ཁྲིམས་གཅོད་བྱས་འདུག་ལ། ཉེ་བའི་ཆར་དྲ་རྒྱ་རྒྱུན་སྤྱོད་པ་ཟླ་ཤེར་ཟེར་བ་ཞིག་ལ་ས་བྱི་ལོའི་འོས་རྒོལ་ཆེན་མོའི་སྐོར་གྱི་པར་རིས་དང་གནས་ཚུལ་ཕྱིར་གཏོང་གིས་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་འཛུགས་འོག་ལོ་༡༠དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་ཡོད་འདུག ཅེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་དེ་རིང་སྤེལ་བའི་གསར་འགྱུར་ནང༌། ཕྱི་ལོ་༢༠༠༨ལོར་བོད་ས་ཡོངས་སུ་རྒྱ་རྒོལ་གྱི་འོས་ལངས་བྱུང་བ་ནས་བཟུང་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོར་བཙན་གནོན་མནར་གཅོད་གཏོང་མཚམས་བཞག་ཡོད་པ་མ་རེད། དེ་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཁུངས་སྐྱེལ་དག་འབུད་ཀྱི་བདེན་དཔང་ཕྱིར་གཏོང་བྱེད་མཁན་བོད་མི་ཚོར་རྒྱ་གཞུང་གིས་ཡ་ང་བའི་སྡུག་སྦྱོར་གཏོང་གིན་ཡོད་པ་ལས། བོད་ནང་གི་ད་ལྟའི་ཛ་དྲག་པོའི་གནས་བབས་གསལ་རྟོགས་ཐུབ། ང་ཚོས་ཁོ་ཚོ་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བཏང་བ་ཡིན། ཞེས་བཀོད་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༠༨ལོའི་ཞི་རྒོལ་ཆེན་མོའི་སྐབས་དབོན་པོ་དགོན་པའི་གྲྭ་པ་ཚོ་ལས་འགུལ་དུ་ཡོད་པ་དབོན་པོ་དགོན་པའི་བླ་མ་ཨ་དྲི་རིན་པོ་ཆེས་ཤེས་འཕྲལ། རིན་པོ་ཆེ་ཡིས་བལ་ཡུལ་དུ་ཡོད་པའི་ཁོ་རང་གི་རིགས་སྲས་ཟླ་ཤེར་ལ་ཁ་པར་བཏང་སྟེ། གང་མགྱོགས་བོད་དུ་ལོག་ཡོང་དགོས་སྐོར་རྣམས་ཞིབ་པར་གསུངས་ཡོད། རིན་པོ་ཆེའི་སྲས་ཟླ་ཤེར་གྱིས་དེ་མ་ཉིད་དུ་རྒྱ་གར་དུ་ཡོད་པའི་ཁོ་རང་གི་གྲོགས་པོ་དང་སྐུ་ཞབས་ཚོར། ལན་བསྐུར་ཏེ་གནས་ཚུལ་འདི་དང་འབྲེལ་བའི་སྐོར་ལ་དེ་ཕྱོགས་ནས་དྲིལ་བསྒྲགས་དང༌། རྒྱབ་སྐྱོར་གང་ཐུབ་བྱེད་རོགས་ཞེས་གསུངས། རིན་པོ་ཆེའི་སྲས་ཟླ་ཤེར་གྱིས་ཁ་པར་བཏང་བའི་གནས་ཚུལ་རྣམས་མགྲོན་ཁང་གི་བདག་པོས་རྒྱ་གཞུང་གི་གནས་ཡོད་མི་སྣར་རྩིས་སྤྲད་ཡོད།

སྤྱི་ལོ་༢༠༠༨ ཟླ་བ་༣ པའི་ཚེས་༡༣ ཉིན་ཁོང་ལྷ་སར་སླེབས་མཚམས་ནས་རྒྱ་མིའི་དམག་མིས་བཀག་སྟེ། རིན་པོ་ཆེའི་ཐུགས་སྲས་དང་དེ་མིན་རོགས་པ་བཞི་སྐབས་དེར་འཇུ་བཟུང་བྱས་ཡོད། དེ་རྗེས་རོགས་པ་བཞི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་ནས་གློད་ཐོབ་ཡོད། འོན་ཀྱང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་གྱི་ཉེས་མིང་འོག་རིན་པོ་ཆེའི་སྲས་ཟླ་ཤེར་ཡང་རིན་པོ་ཆེ་དང་མཉམ་གཅིག་ཏུ་ཉེ་ཆར་ཟླ་བ་༢ པའི་ནང་ལོ་ངོ་བཅུ་ཡི་ཁྲིམས་ཐག་བཅད་ཡོད། ད་ལྟ་རིན་པོ་ཆེ་དང་ཁོང་གི་སྲས་གཉིས་ཀ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་སྡུག་སྦྱོར་མྱོང་བཞིན་ཡོད་འདུག ཅེས་བཙན་བྱོལ་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་འདུག

གཞན་ཡང་ཟླ་སྔོན་མའི་ཟླ་དཀྱིལ་ཙམ་དུ་ཕ་ཡུལ་ཁམས་སོག་རྫོང་ར་རྟ་གྲོང་ཚོ་ནས་ཡིན་པ་བོད་མི་བཀྲ་ཤིས་རང་ལོ་༢༤ཡིན་པ་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་ཡོད་པ་རེད། འཇུ་བཟུང་བྱེད་དོན་ནི། གློག་ཀླད་དྲ་ཁང་ནང་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང། ཆབ་སྲིད་དང་འབྲེལ་བའི་པར་རིས་བལྟས་པ་བཅས་ཀྱི་ཉེས་མིང་བཏགས་ཡོད་འདུག ད་སྐབས་ནག་ཆུའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་རེད།

ལོ་སྔོན་མའི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེད་སྐབས་སུ་འཇུས་ནས་ལོ་གསུམ་གྱི་ཁྲིམས་ཐག་བཅད་པའི་རྒྱལ་སེང་ལ་ད་སྐབས་དུས་ཚོད་བཀོད་སྒྲིག་གིས་ནང་མི་ཐུག་འཕྲད་བྱེད་བཅུག་གི་ཡོད་ཀྱང། བདུན་རེའི་ནང་དུ་འདྲི་རྩད་ཀྱིས་ཉེས་རྡུང་རྒྱུན་ཆད་མེད་པ་གཏོང་གི་ཡོད་འདུག སྤྱིར་དེང་སང་སོག་རྫོང་ར་རྟ་གྲོང་ཚོ་གཙོ་བོར་གྱུར་པའི་ས་གནས་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་པའི་ཚོགས་འདུ་བཙན་ཚུགས་ཀྱིས་འཚོགས་སུ་བཅུག་པ་སོགས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།