གསར་འགྱུར་གསར་པ།:
  • རྒྱ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༥པ་དེ་ཟླ་འདིའི་ཚེས་༡༥ཉིན་ཁེ་ན་ཌ་རུ་འགོ་འཛུགས་བྱས་པ།
    ༠༨༠༤༡༠
  • རོང་རྒྱས་ཨ་གྲགས་ཀྱི་འབོད་སྒྲའི་གཟུགས་མཐོང་བརྙན་པར་འགྲེམས་སྤེལ་བྱས་འདུག
    ༠༩༠༣༡༠
  • ཟླ་འདིའི་ཚེས་༦ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ལ་དྭགས་ལི་ཁུལ་དུ་ཆུ་ལོག་གིས་རྐྱེན་པས་མི་༨༠ཤི་རྨས་བྱུང་ཡོད་འདུག
    ༠༩༠༣༡༠
  • འདི་ལོ་ཕྱི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༤༢༠ཟིན་འདུག་ཟེར།
    ༡༨༠༢༡༠
  • ཟླ་འདིའི་ཚེས་༦ཉིན་ལྷ་ས་རུ་རྒྱ་ནག་གི་ཐང་ཀ་རི་མོ་བ་རྩེ་སོན་མི་གྲངས་༢༡འདེམས་སྒྲུབ་བྱས་ཡོད་ཟེར།
    ༡༡༠༡༡༠
  • ཉེ་ཆར་ཆར་ཞོད་ཀྱིས་རྐྱེན་པས་ལྷ་ས་ནས་ཧྲང་ཧེ་རུ་བསྐྱོད་འཆར་ཡོད་པའི་མེ་འཁོར་ཞིག་ཕྱི་འཐེན་བྱས་ཡོད་འདུག
    ༡༡༠༡༡༠
  • ལྡི་ལི་རུ་མྱུར་ཚད་ཆེ་བའི་རླངས་འཁོར་ཞིག་གིས་ལམ་ཟུར་དུ་ལས་བཟོ་བ་བཞི་བསད་ནས་བཞི་ལ་རྨས་སྐྱོན་བཏང་ཡོད་འདུག
    ༢༩༡༠༠༩

རྡི་ཚ་དགོན་གྱི་དགེ་འདུན་པ་འཇུ་བཟུང༌།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༩ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་མཁོ་སྤྲོད་བྱེད་པར་ལྟར་ན། མཚོ་སྔོན་ཞིང་ཆེན་ཧྭ་ལུང་རྫོང་རྡི་ཚ་ཤང་ཁོངས་སུ་ཡོད་པའི་རྡི་ཚ་དགོན་པའི་ནང་ཡིག་ཆ་སྦྱར་འགྲེམས་ཀྱི་དྭོགས་གཞིའི་འོག་སྤྲུལ་སྐུ་འོད་ཟེར་དང༌། གྲྭ་ཡེ་ཤེས་དང་འཇམ་དབྱངས་བཅས་གསུམ་ཧྭ་ལུང་རྫོང་གི་སྤྱི་བདེ་ཉེན་རྟོག་པས་དགོན་པ་ནས་འཇུ་བཟུང་བྱས་ཡོད་འདུག

དེ་ཡང་ ༢༠༡༠ ལོའི་ཟླ་ ༣ ཚེས་ ༡༤ ཉིན་མཚོ་སྔོན་ཞིང་ཆེན་ཧྭ་ལུང་རྫོང་རྡི་ཚ་ཤང་དུ་ཡོད་པའི་རྡ་ཚ་དགོན་པའི་ནང་ྋགོང་ས་མཆོག་བོད་ལ་ཆིབས་བསྒྱུར་གནང་དགོས་ཅེས་དང༌། བོད་མིར་རྡུང་རྡེག་དང་དྲམ་དྲག་བྱེད་མཚམས་འཇོག་དགོས་སོགས་ཀྱི་སྦྱར་ཡིག་འབོར་ཆེན་དགོན་པའི་ནང་སྦྱར་འགྲེམས་བྱས་ཡོད་པ་རེད།

དེ་རྗེས་ཧྭ་ལུང་རྫོང་གི་ལས་བྱེད་དང༌། སྤྱི་བདེ་ཉེན་རྟོག་པ། དེ་བཞིན་དྲག་ཆས་ཉེན་རྟོག་དམག་མི་བཅས་དགོན་པར་ཡོང་སྟེ་དགེ་འདུན་པ་ཚོ་ཕྱི་ལ་འགྲོ་རྒྱུར་བཀག་སྡོམ་ཐོག་དགོན་པར་དམ་དྲག་ཤུགས་ཆེ་བྱས་ཏེ་སྤྲུལ་སྐུ་འོད་ཟེར་དང༌། གྲྭ་ཡེ་ཤེས་དང་འཇམ་དབྱངས་བཅས་གསུམ་ཧྭ་ལུང་རྫོང་གི་སྤྱི་བདེ་ཉེན་རྟོག་པས་དགོན་པ་ནས་འཇུ་བཟུང་བྱས་ཏེ་བཙན་འཁྲིད་བྱས་ཤིང༌།

ཁོང་གསུམ་འཇུ་བཟུང་བྱས་རྗེས་ཉིན་གཉིས་པར་སྤྲུལ་སྐུ་འོད་ཟེར་གློད་བཀྲོལ་བཏང་ཡོད་ཀྱང༌། གཞན་གཉིས་མུ་མཐུད་བཀག་ཉར་འོག་གནས་ཡོད་འདུག ད་ལྟ་རྡི་ཚ་དགོན་པར་དྲག་ཆས་ཉེན་རྟོག་དམག་མིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང༌།

དགོན་པའི་ཆོས་ལུགས་བྱེད་སྒོ་ཁག་སྤེལ་མཚམས་འཇོག་བཅུག་སྟ་དགེ་འདུན་པ་འདུ་འཛོམས་བྱེད་རྒྱུར་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་འདུག དེ་བཞིན་ཟླ་ ༣ ཚེས་ ༨ཙམ་ལ་རྡི་ཚ་དགོན་པའི་ཤེས་རིག་རིན་ཆེན་ནོར་གླིང་ཞེས་པའི་དགོན་པའི་སློབ་གྲྭ་ཡང་སྒོ་བརྒྱབ་ཏུ་བཅུག་ཡོད་པ་རེད།

འཇུ་བཟུང་བྱས་པའི་གྲྭ་ཡེ་ཤེས་རང་ལོ་ ༢༠ དང༌། གྲྭ་འཇམ་དབྱངས་རང་ལོ་ ༡༩ ཡིན་པ་དང༌། ཁོང་གཉིས་སྐྱེས་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་རྩི་སྐོར་ཐང༌། ཤིན་ཧྭད་རྫོང་ལོ་པ་རྒྱ་བཟའ་ནས་ཡིན་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་མཁོ་སྤྲོད་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།