གསར་འགྱུར་གསར་པ།:
  • རྒྱ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༥པ་དེ་ཟླ་འདིའི་ཚེས་༡༥ཉིན་ཁེ་ན་ཌ་རུ་འགོ་འཛུགས་བྱས་པ།
    ༠༨༠༤༡༠
  • རོང་རྒྱས་ཨ་གྲགས་ཀྱི་འབོད་སྒྲའི་གཟུགས་མཐོང་བརྙན་པར་འགྲེམས་སྤེལ་བྱས་འདུག
    ༠༩༠༣༡༠
  • ཟླ་འདིའི་ཚེས་༦ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ལ་དྭགས་ལི་ཁུལ་དུ་ཆུ་ལོག་གིས་རྐྱེན་པས་མི་༨༠ཤི་རྨས་བྱུང་ཡོད་འདུག
    ༠༩༠༣༡༠
  • འདི་ལོ་ཕྱི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༤༢༠ཟིན་འདུག་ཟེར།
    ༡༨༠༢༡༠
  • ཟླ་འདིའི་ཚེས་༦ཉིན་ལྷ་ས་རུ་རྒྱ་ནག་གི་ཐང་ཀ་རི་མོ་བ་རྩེ་སོན་མི་གྲངས་༢༡འདེམས་སྒྲུབ་བྱས་ཡོད་ཟེར།
    ༡༡༠༡༡༠
  • ཉེ་ཆར་ཆར་ཞོད་ཀྱིས་རྐྱེན་པས་ལྷ་ས་ནས་ཧྲང་ཧེ་རུ་བསྐྱོད་འཆར་ཡོད་པའི་མེ་འཁོར་ཞིག་ཕྱི་འཐེན་བྱས་ཡོད་འདུག
    ༡༡༠༡༡༠
  • ལྡི་ལི་རུ་མྱུར་ཚད་ཆེ་བའི་རླངས་འཁོར་ཞིག་གིས་ལམ་ཟུར་དུ་ལས་བཟོ་བ་བཞི་བསད་ནས་བཞི་ལ་རྨས་སྐྱོན་བཏང་ཡོད་འདུག
    ༢༩༡༠༠༩

ཨ་དྲི་རིན་པོ་ཆེ་དང་ཁོང་གི་སྲས་ཟླ་ཤེར་ལ་ཁྲིམས་ཐག་བཅད་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༥ཉིན།  བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་བྱེད་པར་ལྟར་ན། ཨ་དྲི་རིན་པོ་ཆེ་མདོ་ཁམས་ཛ་ཆུ་ཁར་སྐུ་འཁྲུངས། དབོན་པོ་དགོན་པའི་བླ་མ་ཡིན་ལ། སྤྱི་ལོ་༢༠༠༨ ཟླ་བ་༣ ཚེས་༡༥ ཉིན་རྒྱ་གཞུང་གིས་ཁོ་རང་གི་དགོན་པ་ནས་འཇུ་བཟུང་བྱས་ཡོད། འཇུ་བཟུང་བྱེད་དོན་ནི་སྤྱི་ལོ་༢༠༠༨ ཟླ་བ་༣ ཚེས་༡༠ ཡི་ཞི་རྒོལ་སྐབས་རིན་པོ་ཆེ་དགོན་པའི་གྲྭ་པ་བརྒྱད་ལས་འགུལ་ནང་བཞུགས་ཡོད་པ་དང༌། དེ་འབྲེལ་རིན་པོ་ཆེ་ཡང་ལས་འགུལ་དེའི་སྐབས་འབྲེལ་བ་ཡོད་སྐོར་བརྗོད་ནས་ཁོང་བཙོན་འཇུག་བྱས་ཡོད། ལོ་གཅིག་རིང་སྟོད་ལུང་བཙོན་ཁང་དུ་བཀག་ཉར་བྱས་པ་དང༌། སྤྱི་ལོ་༢༠༠༩ ཟླ་བ་༡༢ ཚེས་༡༥ ཉིན་རིན་པོ་ཆེ་ཡི་རྒྱ་རིགས་སློབ་མ་ལྷ་སར་སླེབས་ཏེ་རིན་པོ་ཆེ་དགུང་ལོ་བགྲེས་པོ་ཡིན་པ་དང༌། སྐུ་གཟུགས་བདེ་ཐང་མེད་པ་བཅས་ཀྱིས་ཞུ་གཏུགས་བྱས་ཡོད་ཀྱང་རྒྱ་གཞུང་གིས་ཁས་ལེན་བྱས་མེད། ཁོང་རིག་གསར་སྐབས་བཙོན་འཇུག་བྱས་པ་དང༌། དེ་ནས་བཙོན་གྲོལ་ཐོབ་མཚམས་རྒྱ་གཞུང་གིས་མཚན་གནས་ཞིག་ཀྱང་སྤྲད་ཡོད། སློབ་མ་ཚོའི་ཞུ་གཏུགས་ལ་རྒྱ་གཞུང་གིས་ལོ་གསར་རྗེས་ནས་མ་གཏོགས་སྐད་ཆ་ཤོད་ཀྱི་མིན་ཟེར། གོང་གསལ་ཉེས་མིང་འོག་སྤྱི་ལོ་༢༠༡༠ ཟླ་བ་༢ པའི་ནང་རིན་པོ་ཆེར་དངོས་སུ་ལོ་ངོ་ལྔ་ཡི་ཁྲིམས་ཐག་བཅད་ཡོད།

    སྤྱི་ལོ་༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་དབོན་པོ་དགོན་པའི་གྲྭ་པ་ཚོ་ལས་འགུལ་དུ་ཡོད་པ་ཤེས་འཕྲལ། རིན་པོ་ཆེ་ཡིས་བལ་ཡུལ་དུ་ཡོད་པའི་ཁོ་རང་གི་རིགས་སྲས་ཟླ་ཤེར་ལ་ཁ་པར་བཏང་སྟེ། གང་མགྱོགས་བོད་དུ་ལོག་ཡོང་དགོས་སྐོར་རྣམས་ཞིབ་པར་གསུངས་ཡོད། རིན་པོ་ཆེའི་སྲས་ཟླ་ཤེར་གྱིས་དེ་མ་ཉིད་དུ་རྒྱ་གར་དུ་ཡོད་པའི་ཁོ་རང་གི་གྲོགས་པོ་དང་སྐུ་ཞབས་ཚོར། ལན་བསྐུར་ཏེ་གནས་ཚུལ་འདི་དང་འབྲེལ་བའི་སྐོར་ལ་དེ་ཕྱོགས་ནས་དྲིལ་བསྒྲགས་དང༌། རྒྱབ་སྐྱོར་གང་ཐུབ་བྱེད་རོགས་ཞེས་གསུངས། རིན་པོ་ཆེའི་སྲས་ཟླ་ཤེར་གྱིས་ཁ་པར་བཏང་བའི་གནས་ཚུལ་རྣམས་མགྲོན་ཁང་གི་བདག་པོས་རྒྱ་གཞུང་གི་གནས་ཡོད་མི་སྣར་རྩིས་སྤྲད་ཡོད། སྤྱི་ལོ་༢༠༠༨ ཟླ་བ་༣ པའི་ཚེས་༡༣ ཉིན་ཁོང་ལྷ་སར་སླེབས་མཚམས་ནས་རྒྱ་མིའི་དམག་མིས་བཀག་སྟེ། རིན་པོ་ཆེའི་ཐུགས་སྲས་དང་དེ་མིན་རོགས་པ་བཞི་སྐབས་དེར་འཇུ་བཟུང་བྱས་ཡོད། དེ་རྗེས་རོགས་པ་བཞི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་ནས་གློད་ཐོབ་ཡོད། འོན་ཀྱང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་གྱི་ཉེས་མིང་འོག རིན་པོ་ཆེའི་སྲས་ཟླ་ཤེར་ཡང་རིན་པོ་ཆེ་དང་མཉམ་གཅིག་ཏུ་ཉེ་ཆར་ཟླ་བ་༢ པའི་ནང་ལོ་ངོ་བཅུ་ཡི་ཁྲིམས་ཐག་བཅད་ཡོད། ད་ལྟ་རིན་པོ་ཆེ་དང་ཁོང་གི་སྲས་གཉིས་ཀ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་སྡུག་སྦྱོར་མྱོང་བཞིན་ཡོད།།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་གནས་ཚུལ་མཁོ་སྤྲོད་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།