གསར་འགྱུར་གསར་པ།:
  • རྒྱ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༥པ་དེ་ཟླ་འདིའི་ཚེས་༡༥ཉིན་ཁེ་ན་ཌ་རུ་འགོ་འཛུགས་བྱས་པ།
    ༠༨༠༤༡༠
  • རོང་རྒྱས་ཨ་གྲགས་ཀྱི་འབོད་སྒྲའི་གཟུགས་མཐོང་བརྙན་པར་འགྲེམས་སྤེལ་བྱས་འདུག
    ༠༩༠༣༡༠
  • ཟླ་འདིའི་ཚེས་༦ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ལ་དྭགས་ལི་ཁུལ་དུ་ཆུ་ལོག་གིས་རྐྱེན་པས་མི་༨༠ཤི་རྨས་བྱུང་ཡོད་འདུག
    ༠༩༠༣༡༠
  • འདི་ལོ་ཕྱི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༤༢༠ཟིན་འདུག་ཟེར།
    ༡༨༠༢༡༠
  • ཟླ་འདིའི་ཚེས་༦ཉིན་ལྷ་ས་རུ་རྒྱ་ནག་གི་ཐང་ཀ་རི་མོ་བ་རྩེ་སོན་མི་གྲངས་༢༡འདེམས་སྒྲུབ་བྱས་ཡོད་ཟེར།
    ༡༡༠༡༡༠
  • ཉེ་ཆར་ཆར་ཞོད་ཀྱིས་རྐྱེན་པས་ལྷ་ས་ནས་ཧྲང་ཧེ་རུ་བསྐྱོད་འཆར་ཡོད་པའི་མེ་འཁོར་ཞིག་ཕྱི་འཐེན་བྱས་ཡོད་འདུག
    ༡༡༠༡༡༠
  • ལྡི་ལི་རུ་མྱུར་ཚད་ཆེ་བའི་རླངས་འཁོར་ཞིག་གིས་ལམ་ཟུར་དུ་ལས་བཟོ་བ་བཞི་བསད་ནས་བཞི་ལ་རྨས་སྐྱོན་བཏང་ཡོད་འདུག
    ༢༩༡༠༠༩

བོད་ཀྱི་གནས་བབས་དང་མདུན་ལྗོངས་ལེཌ་པོ་ཡོད་རབ་ཟེར།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༨ཉིན། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་མི་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ཏང་ཨུའི་དྲུང་ཆེ་ཀྲང་ཆིང་ལིས་བོད་ཀྱི་གནས་བབས་དང་མདུན་ལྗོངས་ལེགས་པོ་ཡོད་རབ་སྐོར་བརྗོད་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་དྲ་གནས་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས༦ཉིན་ཀྲང་ཆིང་ལིས་རྒྱ་ནག་གི་དྲ་རྒྱ་བརྙན་འཕྲིན་ཁང་༼བསྐྱར་དར་༽ཞེས་པའི་བཅར་འདྲི་དང་ལེན་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་གནས་བབས་སྐོར་ལ། བོད་ལྗོངས་ནི་རླབས་ཆེ་བའི་མེས་རྒྱལ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལ། བོད་ལྗོངས་ཀྱི་སེར་སྐྱ་མང་ཚོགས་ཡོངས་ནི་མེས་རྒྱལ་ལ་བརྩེ་འདང་ཟབ་མོ་ཡོད་པ་རེད། གལ་ཏེ་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ཁ་བྲལ་པ་ཁ་ཤས་ཤིག་དང་ཏཱ་ལའི་རུ་ཚོགས་ཀྱིས་ནམ་རྒྱུན་མེས་རྒྱལ་གཏན་འཇགས་ལ་གཏོར་བརླགས་མི་བྱེད་པའི་དབང་དུ་བཏང་ན། བོད་ལྗོངས་འདི་ཉིད་དེ་ལས་ཀྱང་བདེ་ཞིང་སྐྱིད་པ་ཡིན། ཞེས་དང༌། བོད་ལ་༼གནམ་ས་བླ་འོག་སྒྱུར་བ༽་ཞེས་པའི་ཐ་སྙད་སྤྱད་ནས་མཚོན་གྱིན་ཡོད་པ་དེར་འུད་ཤོབ་ཅུང་ཟད་ཀྱང་མི་འདྲེས་ཟེར།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།