choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ནང་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་འགོ་ཚུགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༦ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་བཀོད་དོན། ཟླ་༣ཚེས་༢ཉིན་དགོང་དྲོ་ནས་ལྷ་ས་གཙོ་བོར་འགྱུར་བའི་བོད་ཀྱི་ས་ཁུལ་ཁག་ནང་གཞི་རྒྱ་ཆེ་བའི་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང༌། གནས་མཆོག་ལྷ་ས་དེ་ཉིད་དྲག་ཆས་ཚ་ཚང་སྤྲས་པའི་སྤྱི་བདེ་ཉེན་རྟོག་པ་དང༌། དྲག་ཆས་ཉེན་རྟོག་དམག་མིའི་དམ་དྲག་སྐོར་གཡེང༌། དེ་བཞིན་སྡོད་ཁང་ཞིབ་བཤེར། དོགས་གཞི་བྱས་ཏེ་བོད་མི་གང་བྱུང་འཇུ་བཟུང་དང་འགྲོ་བསྐྱོད་བཀག་སྡོམ་འོག་དྲག་པོའི་ཁྲིམས་གཞི་བསྡམས་པ་ལྟ་བུའི་གནས་སྟངས་འོག་ཡུལ་མི་དངངས་འཚབ་ཆེན་པོ་འོག་གནས་ཡོད་པ་རེད།

ཟླ་ ༣ ཚེས་ ༤ ཉིན་ལྷ་ས་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར། ཟླ་གསུམ་པའི་རྡུང་རྡེག་ཚ་ནན་དང་བཅོས་སྒྲིག་ལས་འགུལ་ནང་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ཉེན་རྟོག་པ་རྣམས་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་གྱོད་གཞི་མྱུལ་ཞིབ་རྩད་གཅོད་ལས་འགུལ་ཚོགས་ཆུང་དང༌། ཉེས་དོན་ཉེས་གསོག་གྱོད་གཞི་རྩད་གཅོད་ཚོགས་ཆུང༌། དཀྲོག་གཏམ་བཟོ་བ་དཀྲོག་གཏམ་སྤེལ་མཁན་ལ་རྡུང་རྡེག་ཚོགས་ཆུང༌། ཁྲིམས་ལུགས་ཞིབ་བཤེར་དང་དྲིལ་བསྒྲགས་ཚོགས་ཆུང་སོགས་ལ་ཁག་བགོས་ཀྱིས་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ཉེས་སྤྱོད་ཁག་ལ་རྡུང་རྡེག་གཏོང་རྒྱུ་་་་་་་་་་་ཅེས་འཁོད་འདུག

ཡང་ཟླ་ ༣ ཚེས་ ༤ ཉིན་ཀྲུང་གོའི་བོད་ཀྱི་ཆ་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར། རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་བའི་ནང་ལྷ་སའི་སྤྱི་བདེ་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་ཉེན་རྟོག་པས་དོགས་ཡོད་མི་སྣ་ ༤༣༥ ཞིབ་བཤེར་དང༌། བོགས་གཏོང་ཁང་པ་ ༤༡༡༥ གློ་བུར་ཞིབ་བཤེར་བྱས་པ། འགུལ་བསྐྱོད་མི་སྣ་ ༧༣༤༧ ལ་ཞིབ་བཤེར་བྱས་ཡོད་ཅིང༌། མགྲོན་ཁང་དང་ཟ་ཁང༌། སྤྲོད་སྐྱིད་ཁང༌། དྲ་རྒྱ་ཁང་སོགས་ལ་ཡང་ཞིབ་བཤེར་བྱས་སྐོར་བཏོན་ཡོད།

དེ་བཞིན་ཟླ་ ༣ ཚེས་ ༥ ཉིན་ཀྲུང་གོའི་བོད་ཀྱི་ཆ་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་ཉེན་རྟོག་པ་མི་གྲངས་ ༡༡༣༤ དང་བདེ་འཇག་མི་སྣ་ ༣༠༠ ཞིབ་བཤེར་ལས་འགུལ་ནང་བཞུགས་ཏེ་བོགས་གཏོང་ཁང་པ་ ༩༨༧ དང་བདེ་འཇག་རྙོགས་ཟིང་ཆེ་བའི་ས་ཁུལ་ ༢༡ བཅོས་སྒྲིག་བྱས་པ་མ་ཟད། འགུལ་སྐྱོད་མི་སྣ་ ༦༢༤༡ ཞིབ་བཤེར་དང༌། མགྲོན་ཁང་དང་སྣེ་ལེན་ཁང༌། རོལ་རྩེད་ཁང༌། དྲ་ཁང༌། ནང་མ་ཁང༌། ཨར་ཁང་སོགས་ལ་ཞིབ་བཤེར་བཅོས་སྒྲིག་བྱས་པ་དང༌། མེད་པ་གསུམ་གྱི་མི་སྣ་ ༤༩ དང་བཙུན་མ་གཅིག་བཅས་རྩད་གཅོད་ཐུབ་ཡོད་སྐོར་འཁོད་འདུག

ལྷ་ས་གྲོང་ཁྱེར་ཁོངས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་ཁག་གིས་ཀྱང་ཆེད་མངགས་བདེ་འཇག་མི་སྣ་ཆེད་འཛུགས་ཀྱིས་རང་ཁྱབ་ཁོངས་ཀྱི་སྡོད་ཁུལ་དུ་བསྐོར་གཡེང་དང་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་པ་དང༌། ལྷ་སར་བཅའ་སྡོད་བྱེད་པའི་ལས་ཁུངས་ཁག་གིས་ཀྱང་ལས་ཁུངས་ཁྱབ་ཁོངས་ཀྱི་མི་སྣར་དོ་དམ་དང་ཞིབ་བཤེར། ལས་ཁུངས་ཀྱི་རྒྱལ་སྒོར་ཡར་མར་འཛུལ་ཞུགས་བྱེད་པར་ཐོ་འགོད་བྱེད་བཅུག་ཡོད་པ་རེད།

ཐེངས་དེའི་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་ནང་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པས་གློ་བུར་དུ་བོད་མིའི་སྡོད་ཁང་དང༌། བོགས་གཏོང་ཁང་པ་སོགས་ལ་ཞིབ་བཤེར་ཐོག་ངོ་རྟགས་ལག་འཁྱེར་མེད་མཁན་ལ་དོགས་གཞི་བྱས་ཏེ་བོད་མི་མང་པོ་གང་བྱུང་འཇུ་བཟུང་བྱེད་པ་དང༌། སྡོད་ཁང་བསྔོག་བཤེར་བྱེད་པ། ལམ་མདོ་ཁག་ལ་ཞིབ་བཤེར་ས་ཚིགས་བཙུགས་ཏེ་འགྲོ་བསྐྱོད་བཀག་སྡོམ་དང། ཉེན་ཟོན་སྐོར་གཡེང༌། དྲག་པོའི་འཇིགས་སྐུལ་སོགས་ཀྱིས་མི་སེམས་དངངས་འཚབ་དང༌། བོད་མི་ཚོའི་གནས་སྟངས་ལ་བློ་ཚབ་ཆེན་པོ་ཆགས་ཡོད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ཀྱི་སེམས་སུ་ཉར་དགོས་པ་ཞིག་ལ། ང་ཚོ་བོད་ལ་རང་བཙན་མ་ཐོབ་ཀྱི་བར་དུ་རང་དབང་དང་བདེ་སྐྱིད་ཅིག་ཡོང་རྒྱུ་མེད་པ་ནི། དེང་གི་གནས་ཚུལ་རྣམས་མིག་གིས་མཐོང་བས་སྔོན་དཔག་ཐུབ་པ་ཞིག་རེད། དེས་ན་བཙན་བྱོལ་རང་དབང་དུ་གནས་པའི་བོད་པ་ཀུན་གྱིས་ནུས་ཤུགས་ཡོད་ཚད་མ་འོངས་བོད་ཀྱི་རང་བཙན་ཐོག་ཏུ་སྤུངས་ན་སྙམ།



བརྗོད་གཞི་གཞན་ཁག་ལ་གཟིགས།