གསར་འགྱུར་གསར་པ།:
  • རྒྱ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༥པ་དེ་ཟླ་འདིའི་ཚེས་༡༥ཉིན་ཁེ་ན་ཌ་རུ་འགོ་འཛུགས་བྱས་པ།
    ༠༨༠༤༡༠
  • རོང་རྒྱས་ཨ་གྲགས་ཀྱི་འབོད་སྒྲའི་གཟུགས་མཐོང་བརྙན་པར་འགྲེམས་སྤེལ་བྱས་འདུག
    ༠༩༠༣༡༠
  • ཟླ་འདིའི་ཚེས་༦ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ལ་དྭགས་ལི་ཁུལ་དུ་ཆུ་ལོག་གིས་རྐྱེན་པས་མི་༨༠ཤི་རྨས་བྱུང་ཡོད་འདུག
    ༠༩༠༣༡༠
  • འདི་ལོ་ཕྱི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༤༢༠ཟིན་འདུག་ཟེར།
    ༡༨༠༢༡༠
  • ཟླ་འདིའི་ཚེས་༦ཉིན་ལྷ་ས་རུ་རྒྱ་ནག་གི་ཐང་ཀ་རི་མོ་བ་རྩེ་སོན་མི་གྲངས་༢༡འདེམས་སྒྲུབ་བྱས་ཡོད་ཟེར།
    ༡༡༠༡༡༠
  • ཉེ་ཆར་ཆར་ཞོད་ཀྱིས་རྐྱེན་པས་ལྷ་ས་ནས་ཧྲང་ཧེ་རུ་བསྐྱོད་འཆར་ཡོད་པའི་མེ་འཁོར་ཞིག་ཕྱི་འཐེན་བྱས་ཡོད་འདུག
    ༡༡༠༡༡༠
  • ལྡི་ལི་རུ་མྱུར་ཚད་ཆེ་བའི་རླངས་འཁོར་ཞིག་གིས་ལམ་ཟུར་དུ་ལས་བཟོ་བ་བཞི་བསད་ནས་བཞི་ལ་རྨས་སྐྱོན་བཏང་ཡོད་འདུག
    ༢༩༡༠༠༩

བོད་ཁ་བ་ལུང་རྟོཌ་དྭ་ཕྲུག་སློབ་གྲྭའི་རྨང་འདིང་མཛད་སྒོ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༥ཉིན། ལོ་གཅིག་ཙམ་ལ་གྲ་སྒྲིག་བྱས་པའི་མཚོ་སྔོན་བོད་ཁ་བ་ལུང་རྟོགས་དྭ་ཕྲུག་སློབ་གྲྭའི་རྨང་འདིང་མཛད་སྒོ་དེ་ཉེ་སྔོན་ཧོང་ཀྲུང་རྫོང་ཧྲང་ཞིན་ཀྲོང་གྲོང་བརྡལ་གྱི་དབྱང་ཕའོ་སྡེ་བ་ནས་སྤེལ་ཡོད་འདུག

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དྲ་གནས་སུ་གནས་ཚུལ་སྤེལ་བ་ལྟར་ན། སྤྲུལ་སྐུ་ལུང་རྟོགས་ཀྱིས་ཆོས་གསུང་ནས་གཏེར་བུམ་སྦས་པ་དང༌། དེ་ལས་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་དངོས་སུ་མགོ་བརྩམས་པ་མཚོན་ཡོད། སློབ་གྲྭ་དེ་འཛུགས་མཁན་གྱི་སྤྲུལ་སྐུ་ལུང་རྟོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་བོད་ཁ་བ་ལུང་རྟོགས་དྭ་ཕྲུག་སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་མུའུ་བདུན་ཡོད་པ་དང༌། འཆར་གཞི་ལྟར་ན་ཉིས་སྟོང་བཅུ་ལོའི་ཟླ་དགུ་བར་ཡོངས་གྲུབ་བྱེད་རྒྱུ་རེད།

སློབ་གྲྭའི་བཟོ་སྐྲུན་ཡོངས་འགྲུབ་བྱས་རྗེས་དྭ་ཕྲུག་དང་དགེ་རྒན་བསྡུ་བའི་བྱ་བ་སྤེལ་རྒྱུ་ཡིན་ཞིང༌། དྭ་ཕྲུག་ལ་མི་རིགས་དང་ས་ཁོངས་ཀྱི་ཁྱད་པར་མེད་ལ། ལོ་བཅུ་དྲུག་གི་མན་གྱི་དྭ་ཕྲུག་ཡིན་ན་ཆོག མཚོ་སྔོན་བོད་ཁ་བ་ལུང་རྟོགས་དྭ་ཕྲུག་སློབ་གྲྭས་སློབ་སྦྱོང་བྱེད་པའི་དྭ་ཕྲུག་རྣམས་ལ་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་བཅས་སྐད་རིགས་གསུམ་ཁྲིད་རྒྱུ་ཡིན་ཟེར།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།