choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ནང་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་འགོ་ཚུགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༣ཉིན། གསུམ་བཅུའི་དུས་དྲན་འཆར་ལ་ཉེ་བའི་སྐབས་དེར་བོད་ནང་བོད་མིའི་ཞི་རྒོལ་ཡོང་བར་སྔོན་འགོག་བྱེད་ཆེད་རྒྱ་གཞུང་གིས་ལྷ་ས་གྲོང་ཁྱེར་དང༌། དེ་བཞིན་ས་ཁུལ་ཁག་ནང་གཞི་རྒྱ་ཆེ་བའི་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་འགོ་ཚུགས་ཡོད་པ་དང༌། སྤྱི་བདེ་ཉེན་རྟོག་པ་དང༌། དྲག་ཆས་ཉེན་རྟོག་དམག་མིས་ལམ་མདོ་ཁག་ལ་སྐོར་གཡེང་དང༌། ཞིབ་བཤེར་ས་ཚིགས་བཙུགས་ཏེ་འགྲོ་བསྐྱོད་བྱེད་རྒྱུར་བཀག་སྡོམ། བོད་མི་འདུས་སྡོད་བྱེད་ཡུལ་ཆེ་ཁག་ཏུ་ཞིབ་བཤེར་ནན་པོ་བྱས་ཏེ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་འདུག

དེ་ཡང་ལྷ་ས་དགོང་དྲོའི་ཚགས་པར་ཐོག་ཕྱི་ཟླ་ ༣ ཚེས་ ༣ ཉིན་གནས་ཚུལ་སྤེལ་བར། ཁ་སང་དགོང་དྲོ་ཚོུད་ ༩ ཐོག་ལྷ་གྲོང་ཁྱེར་སྤྱི་བདེ་ཚན་པས་ལྗོང་དང་གྲོང་ཁྱེར་ཏང་ཨུད་དང༌། སྲིད་གཞུང༌། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་དྲག་རླུང་ལ་རྡུང་རྡེག་ཚ་ནན་གཏོང་བའི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་བ་དང༌། དུས་ཚོད་གཅིག་གི་ཐོག་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་ཉེན་རྟོག་རླངས་འཁོར་གྱི་གློག་འོད་འཕྲོ་བཞིན། སྤྱི་བདེ་ཉེན་རྟོག་ཡོངས་ནས་དྲག་ཆས་ཆ་ཚང་སྤྲད་དེ་དུས་ཚོད་གཅིག་གི་ཐོག་བདེ་འཇགས་རྙོག་ཟིང་ཆེ་བའི་ཁུལ་དང༌། འགུལ་སྐྱོད་མི་སྣ་མང་བའི་བོག་གཏོང་ཁང་པ་དང་མགྲོན་ཁང་སོགས་ལ་ཞིབ་བཤེར་དང་སྤྱི་ཚོགས་འཆམ་མཐུན་ལ་ཤུགས་རྐྱེན་བཟོ་བའི་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་མེད་པ་བཟོས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དྲུག་ལ་ཡང་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་ཡོད་པ་རེད།

ལྷ་སའི་གྲོང་ཁུལ་དུ་དམིགས་བསལ་ཉེན་རྟོག་རུ་ཆེན་དང༌། དྲག་ཆས་ཉེན་རྟོག་ལྷ་ས་རུ་ཆེན། ལྷ་ས་སྤྱི་བདེ་མེ་སྐྱོན་རུ་ཆེན་སོགས་ཀྱི་ཉེན་རྟོག་པས་དྲག་ཆས་ཆ་ཚང་སྤྲད་དེ་དམིགས་བསལ་སྒྲིག་ཆས་རླངས་འཁོར་དང༌། སྐོར་གཡེང་རླངས་འཁོར། གཙང་བཤེར་རླངས་འཁོར་སོགས་བེད་སྤྱོད་ཀྱིས་དྲག་ཆས་ཀྱི་སྐོར་གཡེང་སྤེལ་བ་དང༌། དྲག་ཆས་ཉེན་རྟོག་པས་རུ་སྟར་སྒྲིག་ནས་གོམ་བགྲོད་ཐོག་སྐོར་གཡེང་བྱེད་པ། ད་དུང་དྲག་ཆས་ཉེན་རྟོག་འཐབ་འཛིང་ཁག་ཅིག་གཙོ་བོའི་ལམ་མདོ་ཁག་ལ་ཚོུད་ ༢༤ བཀའ་སྒུག་ནས་བསྡད་ཡོད་ཅིང༌། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཡན་ལག་ཅུད་ཀྱི་ཉེན་རྟོག་པས་སེ་རའི་ལམ་གྱོ་བོགས་གཏོང་ཁང་པ་གཏོང་ཡུལ་ནས་ངོ་སྤྲོད་ལག་འཁྱེར་གང་ཡང་མེད་པའི་མི་སྣ་ ༧༠ འཇུ་བཟུང་བྱས་ཡོད།

གྲོང་ཁྱེར་ཁྱབ་ཁོངས་རྫོང་བདུན་གྱི་སྤྱི་བདེ་ཚན་པས་ཀྱང་ལས་འགུལ་སྤེལ་ཏེ་རྫོང་སོ་སོའི་གནས་ཡུལ་གྱི་རྒྱལ་ཁབ་རིམ་པའི་གཞུང་ལམ་དང༌། ལྗོངས་ནང་ཁོངས་ཀྱི་གཞུང་ལམ། ལྷ་སར་ཕར་བསྐྱོད་ཚུར་བསྐྱོད་བྱེད་ཡུལ་གྱི་གཞུང་ལམ་གཙོ་བོའི་ཐོག་ཞིབ་བཤེར་ས་ཚིགས་བཙུགས་ཏེ་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་དང༌། དོགས་གཞི་ཡོད་པའི་མི་སྣར་ཞིབ་བཤེར་ནན་པོ་བྱེད་པ། ལུས་ཐོག་ཏུ་འཁྱེར་བའི་གྲི་རིགས་ཚང་མ་བསྡུ་ལེན་བྱེད་བཞིན་ཡོད། ཅེས་བཀོད་ཡོད་པ་དང༌། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་ཕྱི་ཟླ་ ༣ ཚེས་ ༣ ཉིན་གནས་ཚུལ་སྤེལ་བར། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱིས་ཀྱང་ལྷ་ས་གྲོང་ཁྱེར་གཞུང་ལས་ཁང་གིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་སྐོར་གྱི་བརྡ་ཐོ་གཞིར་བཟུང་ཚན་པ་ཁག་དང༌། སྲང་ལམ་དོན་གཅོད་ཁང༌། གྲོང་མི་ཨུ་ཡོན་ལྷན་ཁང་སོགས་ལ་བསམ་བློ་གཅིག་གྱུར་དང༌། ཁ་བྲལ་ངོ་རྒོལ་ལ་ཤུགས་སྣོན་སོགས་ཀྱི་སློབ་གསོ་སྤེལ་རྒྱུ་དང༌། ལས་བྱེད་ ༡༤༧ ཤང་ཁག་ལ་གཤམ་བསྐྱོད་ཀྱིས་ལས་དོན་སྤེལ་རྒྱུ་ཡིན་པ་བརྗོད་ཡོད།

བོད་ནང་བོད་མིའི་ཚོའི་གནས་སྟངས་ཧ་ཅང་བློ་འཚབ་ཆེན་པོ་ཆགས་ཡོད་པ་དང༌། ལྷག་པར་དུ་ཆབ་སྲིད་དོགས་གཞི་ཡོད་པའི་མི་སྣ་དང༌། ཆབ་སྲིད་བཙོན་ཟུར། གྲྭ་བཙུན། དེ་བཞིན་ས་གནས་སུ་ཐེམ་ཐོ་མེད་པའི་མི་སྣ་སོགས་ནི་རྡུང་རྡེག་ཚ་ནན་གཏོང་ཡུལ་གྱི་ཁ་གཏད་གཙོ་བོ་ཆགས་ཡོད་པས་བོད་མི་འདི་དག་གི་གནས་སྟངས་ལ་དེ་བས་བློ་འཚབ་ཆེན་པོ་ཆགས་ཡོད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང༌གི་དྲ་ཚིགས་ལས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།