དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་གསུམ་ལ་ལོ་གཉིས་སྲོག་ཐོག་དང་ཚེ་བཙོན་སོགས་ཀྱི་ཁྲིམས་ཆད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢༦ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདི་གར་་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། ཉེ་ཆར་དཀར་མཛེས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་རྒྱལ་ཁབ་ཁ་བྲལ་གཏོང་བ་དང༌། སྤྱི་པའི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་བོད་མི་པད་མ་ཡེ་ཤེས་དང༌། བསོད་ནམས་མགོན་པོ། ཚེ་དབང་རྒྱ་མཚོ་བཅས་ལ་ཁག་སོ་སོར་ལོ་གཉིས་སྲོག་ཐོག་དང༌། ཚེ་བཙོན། མི་ལོ་ ༡༦ བཅས་ཀྱི་ཁྲིམས་ཆད་བཏང་ཡོད་འདུག

དེ་ཡང་ ༢༠༠༩ ལོའི་ཟླ་ ༢ ཚེས་ ༢༨ ཉིན་ཉག་རོང་རྫོང་ཐང་སྐྱིད་ཤང་གྲོང་བརྡལ་ནང་བོད་རང་བཙན་གྱི་སྦྱར་ཡིག་བཀྲམས་ཡོད་པ་དང༌། ཐང་སྐྱིད་ཤང་སྲིང་གཞུང་གི་གཞུང་ལས་ཁང་ཆེན་ལ་མེ་སྐྱོན་བྱུང་ཡོད་པ་རེད། དོན་རྐྱེན་བྱུང་རྗེས་ཟླ་ ༣ ཚེས་ ༡༡ ཉིན་ཉག་རོང་རྫོང་གི་སྤྱི་བདེ་ཉེན་རྟོག་པས་ཤང་སྲིད་གཞུང་གི་གཞུང་ལས་ཁང་ཆེན་ལ་མེ་བརྒྱབ་མཁན་གྱི་དྭོགས་གཞིའི་འོག་བོད་མི་པད་མ་ཡེ་ཤེས་དང༌། བསོད་ནམས་མགོན་པོ། ཚེ་དབང་རྒྱ་མཚོ་བཅས་རང་ཁྱིམ་ནས་འཇུ་བཟུང་བཙན་འཁྲིད་བྱས་ཏེ་ཟླ་ལྔ་ཙམ་རིང་གར་སོང་ཆ་མེད་དུ་འགྱུར་བ་དང༌། དེ་རྗེས་ཟི་ཁྲོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁྲེན་ཏུར་བཀག་སྐྱིལ་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད།

༢༠༠༩ ལོའི་ཟླ་ ༡༢ ཚེས་ ༡༠ ཙམ་གྱི་གཡས་གཡོན་ལ་ཐང་སྐྱིད་ཤང་གི་ལས་བྱེད་ནས་ཁོང་གསུམ་ལ་དཀར་མཛེས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁྲིམས་ཁང་གི་ཁྲིམས་ཐག་བཅད་ཚར་བ་བརྡ་ལན་བྱས་ཡོད་ཅིང༌། དེ་ཡང་ ༢༠༠༩ ལོའི་ཟླ་ ༡༡ ཚེས་ ༡༧ ཉིན་དཀར་མཛེས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་པད་མ་ཡེ་ཤེས་ལོ་གཉིས་ནར་འགྱངས་ཀྱི་སྲོག་ཐོག་ཁྲིམས་ཆད་བཏང་བ་དང༌། བསོད་ནམས་མགོན་པར་ཚེ་གང་བཙོན་འཇུག  ཚེ་དབང་རྒྱ་མཚོར་དུས་བཀག་བཙོན་འཇུག་ལོ་ ༡༦ བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད། 

 དཀར་མཛེས་ཉིན་རེའི་ཚགས་པར་ཐོག་ཟླ་ ༣ ཚེས་ ༡༨ ཉིན་གནས་ཚུལ་སྤེལ་བར། ༢༠༠༩ ལོའི་ཟླ་ ༢ ཚེས་ ༢༨ ཉིན་གྱི་ནམ་ལངས་ཁར། ཉག་རོང་རྫོང་ཐང་སྐྱིད་ཤང་དུ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་དང༌། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་དོན་གྱོད་གཞི་ཞིག་བྱུང་ཡོད་ཅིང༌། ཉེས་ཅན་པས་ཐང་སྐྱིད་ཤང་སྲིད་གཞུང་གནས་ཡུལ་གྱི་སྲང་ལམ་དང༌། སྲང་ལམ་གྱི་ཁང་པའི་ཐོག་རྒྱལ་ཁབ་ཁ་བྲལ་གྱི་སྦྱར་ཡིག་བྲིས་པ་དང་སྦྱར་ཡིག་བཀྲམ་པ། ད་དུང་ཤང་སྲིད་གཞུང་གི་ཕྱོགས་བསྡུས་གཞུང་ལས་ཁང་མེར་བསྲེགས་བཏང་ཡོད་པས། གཞུང་ལས་ཁང་ནང་གི་སྒྲིག་བཀོད་དང་དངོས་རྫས་ཚང་མ་མེར་བསྲེགས་བཏང་ཡོད་པ་རེད། ཁྱོན་བསྡོམས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་ ༢༠ ལྷག་བཟོས་ཡོད་པ་རེད།

གྱོད་གཞི་བྱུང་རྗེས་སྤྱི་བདེ་ཚན་པས་ལམ་སེང་མྱུལ་ཞིབ་ལས་དོན་སྤེལ་ཏེ་ ༢༠༠༩ ལོའི་ཟླ་ ༣ ཚེས་ ༡༡ ཉིན་ནམ་ལངས་ཁར་དྭོགས་ཡོད་ཉེས་ཅན་པ་པད་མ་ཡེ་ཤེས། ཕོ། རང་ལོ་ ༢༨ ཉག་རོང་རྫོང་ཐང་སྐྱིད་ཤང་ཉི་ཟླ་གྲོང་ནས་ཡིན་ དང༌། ཚེ་དབང་རྒྱ་མཚོ། ཕོ་རང་ལོ་ ༣༢ ཉག་རོང་རྫོང་ཐང་སྐྱིད་ཤང་སློབ་ཆུང་གི་མ་བྱན། བསོད་ནམས་མགོན་པོ་ ཕོ། རང་ལོ་ ༢༤ ཉག་རོང་རྫོང་ཐང་སྐྱིད་ཤང་སློབ་ཆུང་གི་མ་བྱན།བཅས་གསུམ་འཛིན་བཟུང་བྱེད་ཐུབ་ཡོད་པ་རེད། དྭོགས་ཡོད་ཉེས་ཅན་གསུམ་གྱིས་རྒྱལ་ཁབ་ཁ་བྲལ་གཏོང་བའི་སྦྱར་ཡིག་བྲིས་པ་དང༌། རྒྱལ་ཁབ་ཁ་བྲལ་གཏོང་བའི་སྦྱར་ཡིག་བཀྲམ་པ། ཐང་སྐྱིད་ཤང་སྲིད་གཞུང་གི་ཕྱོགས་བསྡུས་གཞུང་ལས་ཁང་མེར་བསྲེགས་བཏང་བ་སོགས་ཀྱིས་ཉེས་སྤྱོད་སྦས་གསང་མེད་པར་ངོས་ལེན་བྱས་ཡོད་པ་རེད། དྭོགས་ཡོད་ཉེས་ཅན་གསུམ་གྱི་ཉེས་སྤྱོད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བས་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ལས་འགལ་ཡོད་པས། ད་ལྟ་སྤྱི་བདེ་ཚན་པས་ཁྲིམས་ལུགས་གཞིར་བཟུང་འཇུ་བཟུང་བཀག་སྐྱིལ་བྱས་ཡོད་པ་རེད། ཅེས་བཀོད་འདུག

ད་ལྟ་པད་མ་ཡེ་ཤེས་དར་རྩེ་མདོར་སྤྱི་བདེ་ལྟ་སྲུང་ཁང་དུ་མུ་མཐུད་བཀག་སྐྱིལ་བྱེད་བཞིན་ཡོད་པ་དང༌། བསོད་ནམས་མགོན་པོ་དང་ཚེ་དབང་རྒྱ་མཚོ་གཉིས་ཟི་ཁྲོན་ཞིང་ཆེན་གྱི་སྡེ་ཡང་ས་ཁུལ་ནང་ཡོད་པའི་བཙོན་ཁང་ཞིག་ཏུ་བཀག་སྐྱིལ་བྱེད་བཞིན་ཡོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང༌། ༢༠༡༠།༢།༢༦ཉིན་སྤེལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།