གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་གསུམ་བཅུའི་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

སོག་རྫོང་གི་བོད་མི་བཞི་ལ་ལོ་གཅིག་ནས་གསུམ་བར་ཁྲིམས་ཆད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༢༩ཉིན། འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན་༢༠༡༠ལོའི་ཟླ་༠༡ཚེས་༥ཉིན་དེ་སྔོན་ལྷ་ས་ནས་འཛིན་བཟུང་བྱས་པའི་ཁམས་སོག་རྫོང་གི་གྲྭ་ཡེ་ཤེས་སྦྱིན་པ་དང༌།  མི་སྐྱ་བསྟན་འཛིན་དར་རྒྱས། ནོར་བུ་བཟང་པོ། ཨ་ནེ་ཆོས་སྒྲོན་བཅས་ལ་ལོ་གཅིག་ནས་ལོ་གསུམ་བར་ནག་ཆུ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཁྲིམས་ཐག་བཅད་ཡོད་འདུག 

ཡེ་ཤེས་སྦྱིན་པ་དང་བསྟན་འཛིན་དར་རྒྱས་གཉིས་རྒྱ་གར་ལ་འགྲོ་མཁན་ཡིན་པར་བསྙད་ནས་འཛིན་བཟུང་བྱས་པ་དང།  བསྟན་འཛིན་དར་རྒྱས་ཀྱིས་ལོ་ཤས་སྔོན་བོད་རང་བཙན་གྱི་སྐད་འབོད་བྱེད་མྱོང་བར་བསྙད་ནས་ཁྲིམས་ཆད་ལོ་གསུམ་དང༌། དེ་བཞིན་ཡེ་ཤེས་སྦྱིན་པ་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་བོད་ཀྱི་རྒྱལ་ལྷ་སར་བཙན་འཁྲིད་བྱས་ཡོད་ལུགས་ངག་དབང་ཐར་པ་ལགས་ཀྱིས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་སོང༌།

དེ་ཡང་ཁོང་གིས་མུ་མུ་ཐུད་གསུངས་དོན། ཨ་ནེ་ཆོས་སྒྲོན་དང་ནོར་བུ་བཟང་པོ་གཉིས་ལ་ལོ་གཅིག་རེའི་ཁྲིམས་ཐག་བཅད་ནས་ནག་ཆུའི་བཙོན་ཁང་དུ་བཞག་ཡོད་པ་དང༌།  ཡེ་ཤེས་སྦྱིན་པ་དེ་སྔོན་ནད་བཅོས་ཆེད་ལྷ་སར་ཡོང་བ་ཞིག་ཡིན་པས་དེང་སྐབས་ན་ཚ་སྡུག་ཏུ་ཕྱིན་ནས་སྨན་ཁང་དུ་ལུས་ཡོད་འདུག

ཕྱི་ཟླ་༡༢ ཚེས་༢ ཉིན་སོག་རྫོང་ཙན་དན་དགོན་པའི་གྲྭ་ཡེ་ཤེས་སྦྱིན་པ་དང། ན་གཞོན་བསྟན་འཛིན་དར་རྒྱས་གཉིས་ལྷ་སའི་ཇོ་ཁང་སྒོ་འགྲམ་དུ་ཕྱག་འཚལ་བཞིན་ཡོད་པས། བཙུན་མ་ཆོས་སྒྲོན་དང་ནོར་བུ་བཟང་པོ་གཉིས་ཀྱིས་ཁོང་གཉིས་ལ་ཁ་ལག་སྐྱེལ་བར་འགྲོ་སྐབས་གློ་བུར་དུ་འཛིན་བཟུང་བྱས་པ་ཞིག་རེད། ཟླ་༡ དང་པོའི་ཚེས་ཤར་ནས་སོག་རྫོང་གི་གྲོང་སྡེ་ཁག་ལ་རྒྱ་གཞུང་གི་ལས་དོན་རུ་ཁག་ཟེར་བའི་མི་སྣ་༣༡ཙམ་ཡོང་ནས་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་དང་འབྲེལ། ཕྱིའི་རྒྱལ་ཁབ་ཏུ་ཕྱིན་པའི་མི་སྣ་སུ་ཡོད་ཞིབ་བཤེར་བྱེད་བཞིན་ཡོད་འདུག །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བོད་ཡུལ་
1 ༣༠༢༠༡༠༡༡༣༨
གཙང་པ་བ་
ད་ལམ་གྱི་བོད་མི་ཚང་གི་རྣམ་ཤེས་རྒྱ་དམར་གྱི་བཟུང་གི་
གཏམ་ཤོད་པའི་དབང་མེད་གི་
ཅི་བྱ་