choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རིག་འཛིན་སྒྲོལ་མ་བཙན་བྱོལ་དུ་འབྱོར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡ཚེས་༢༧ཉིན། རྒྱལ་གཅེས་དཔའ་མོ་རིག་འཛིན་སྒྲོལ་མ་སྤྱི་ལོ་ ༢༠༠༩།༡།༡༤། ཉིན་རྡ་ས་སྣེ་ལེན་ཁང་དུ་འབྱོར་འདུག ཁོ་མོ་སྤྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཁུལ་གྱི་ཁྲོམ་གཞུང་དུ་ཞི་རྒོལ་ནང་ཞུགས།  སྐབས་དེར་ཞི་རྒོལ་བའི་ཁྲོད་ནས་ཧ་ཅང་མང་པོར་མེ་མདས་བསད་པ་དང་རྡུང་བརྡེགས་ཤུགས་ཆེར་གཏོང༌། ཞི་རྒོལ་སྐབས་དྲག་སྤྱོད་དམག་མིས་ཉེས་རྡུང་ཚད་མེད་གཏོང་བའི་ཁྲོད་ནང་ཁོ་མོའི་ཕྲག་སྟེང་དུ་རྒྱུག་པ་བསྟུད་མར་ཐེངས་གསུམ་ཕོག་པས་ཁ་ཐུག་དྲན་པ་མཐོར། དྲན་གསོས་པ་དང་རང་ཉིད་སྲང་ལམ་ཟུར་གྱི་ཆུ་འདམ་ཞིག་ཏུ་རེངས་འདུག་པའི་ཐོག་ཉེན་རྟོག་དམག་མི་ཚོས་རྡོག་རྫིས་གཏོང་ནས་འགྲོ་བཞིན་ཡོད་པ་ཚོར་བ་དང༌། རང་ནུས་གང་ཡོད་ཀྱིས་གོག་ནུད་བྱས་པས་ལམ་ཟུར་ཞིག་ཏུ་མོ་ཊ་དཀར་པོ་ཞིག་འདུག་པའི་ཕག་ཏུ་ཅུང་ཟད་གབ་ཐུབ་པ་བྱུང༌། དེ་ནས་ངོ་མི་ཤེས་པའི་བོད་མི་ཞིག་གིས་ཡར་སློང་ནས་ཁོ་རང་གི་སྟོད་ཐུང་དེ་ང་ལ་གཡོག་འདུག  དེ་ནས་རྒྱབ་ཕྱོགས་ཀྱི་མི་ཚོགས་གསེབ་ཏུ་འཛུལ་ཏེ་རིམ་བཞིན་རང་གི་ཚོང་ཁང་གི་ཕྱོགས་སུ་བཅར་ནས་ནང་ལ་འཛུལ། ཚོང་ཁང་སྦུག་གི་ཤེལ་ཁྲ་བཅག་སྟེ་ཁང་རྒྱབ་ནས་རི་རྩ་རྒྱུད་སྟག་ཆུ་འདབ་རྫ་ཆུ་གཙང་འགྲམ་དུ་བྲོས། དེ་ནས་སྟག་ཆུ་འདབ་མི་ཚང་ཞིག་ཏུ(མིང་སྨྲས་མི་ཕོད)གབ་ཡིབས་བྱས། སྐབས་དེར་གྲོང་སྡེ་རྣམས་སུ་མངོགས་གཤེར་བྱེད་ཀྱི་ཡོད་པ་དང༌། ལམ་འགག་ཡོངས་རྫོགས་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་པས། སྡོད་ཐབས་བྲལ་ནས་ཁོང་ཚོའི་ཕྲུ་གུ་ཆུང་ཆུང་ཞིག་ཡོད་པ་དེ་སྒལ་པར་ཁུར། མགོར་སྐྲ་འདྲ་དང༌། ཁ་ལ་ཁ་རས་གོན། ལུས་ལ་རྒྱ་ཆས་གོན། ལག་ཏུ་ཟ་ཆས་དང་གདན་ཆུང་ཞིག་ཁུར་ནས་སྟག་ཆུ་འདབ་ལྕགས་ཟམ་ཐོག་ནས་ཆུ་ཕར་ཁར་སྤང་ཁར་རྒྱུན་ལྡན་འགྲོ་སྲོལ་ཡོད་པ་ལྟར་བྱས་ནས་སོང༌། ཟམ་སྲུང་དྲག་དམག་ཚོས་མངོགས་གཤེར་གང་འཚམ་བྱས་ཀྱང༌། ངོ་སྤྲོད་ལག་ཁྱེར་ཞིབ་གཤེར་བཟོས་མ་བྱུང་བས་ཐར་ཙམ་བྱུང༌། དེ་ནས་དཀར་མཛེས་གསེར་ཆུ་སྟེང་དང༌། འོ་བཟང༌། རྫ་ཁོག་(རྫ་ཁོག་ཡོད་དུས་དགོན་གསར་དགོན་དུ་ཞི་རྒོལ་ནང་གྲ་བ་ཞིག་ལ་མེ་མདའ་ཕོག་པ་སོགས་ཀྱི་དོན་སྐྱོན་བྱུང་བས་སྡོད་བཟོད་མ་བདེ་བར་བྲོས་དགོས་བྱུང༌)། རོང་པ་ཚ་ཁ་འབྲོག་གྲོང༌། གླིང་འདབ་གྲོང་སོགས་སུ་རྒྱུན་རིང་གབ་ཡིབས་(གབ་ཡིབས་བྱེད་སའི་གྲོང་དང་མི་ཚང་དེ་དག་ད་ལྟར་གསལ་པོ་བྱེད་མི་རུང་)བྱས་ནས་ལོ་གཅིག་ལྷག་ཕྱིར་རྗེས། གཞི་ནས་དམ་དྲག་ཅུང་ཟད་ལྷོད་པའི་སྐབས་དང་བསྟུན་ནས་གསང་བའི་བཀོད་སྒྲིག་ལྟར་དཀར་མཛེས་ནས་མཚན་མོར།  ༢༠༠༩།༡༠།པའི་ནང་དཀར་མཛེས་ནས་ལྷ་སར་ཡོང༌། ལྷ་སར་གསང་བ་དམ་དྲག་གིས་ཉིན་ ༨ གབ་རྗེས་བཀོད་སྒྲིག་ལྟར་ཀུ་རུ་ཟམ་ཁ་ནས་མོ་ཊ་ཞིག་གི་ནང་ལྷ་ས་ནས་གཞིས་རྩེར་སླེབས། དེ་ནས་བཀོད་སྒྲིག་ལྟར་ལྷ་རྩེ་བའི་ཆས་གོས་གོན་ནས་སྦག་སྦག་གི་རྒྱབ་ལ་ཞོན་ཏེ་ལམ་ཀྱོག་ཁོ་ན་རྒྱུད་མཚན་མོ་ཞིག་ལ་ས་མཚམས་སུ་སླེབས། དེ་ནས་ནཻ་པ་ལ་མི་ཞིག་གིས་འཁྲིད་ནས་ལ་ལུང་གཙང་པོ་འདྲ་མིན་བརྒལ་རྗེས་དོ་སྐྱེལ་མོ་ཊ་ཞིག་ནང་འཛུལ་ནས་བལ་ཡུལ་རྒྱལ་སར་སླེབས་པ་དང༌། ཏྲེ་ཧོར་དར་རྒྱས་བ་པད་མ་བསུ་མཁན་ཡོང་སྟེ་ཁོང་གི་ཁྱིམ་དུ་ཟླ་བ་ ༡ བསྡད། བལ་ཡུལ་སྣེ་ལེན་ནས་གཟིགས་སྐྱོང་གང་ལེགས་ཐོག་རྒྱ་གར་དུ་བསྐྱལ། སྤྱི་ལོ་ ༢༠༠༩།༡།༡༤ ཉིན་རྡ་ས་སྣེ་ལེན་ཁང་དུ་འབྱོར། 

ཁོ་མོས་གསུང་གསལ། སྐབས་དེར་ཞི་རྒོལ་ནང་ཞུགས་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་སོང༌། ང་ཚོས་ྋགོང་མཆོག་བོད་དུ་ཕེབས་དགོས། བོད་ལ་མི་རིགས་ཐོབ་ཐང་དགོས། པཎ་ཆེན་རིན་པོ་ཆེ་གློད་དཀྲོལ་གཏོང་དགོས་སོགས་མང་ཚོགས་དང་མཉམ་དུ་འབོད་ནས་སྟག་ཆུ་འདབ་ནས་སྐྱབས་མགོན་སློབ་གྲྭ་བར་གོམ་བགྲོད་ཟིན་མཚམས། བར་ལམ་ནས་ཁྲོམ་གཞུང་གི་བོད་རིགས་ཡོངས་རྫོགས་ཞི་རྒོལ་གྱི་གོམ་བགྲོད་ནང་འཚང་ཀ་བརྒྱབ་ནས་འཛུལ་བྱུང༌། ཚོུད་ ཕྱེད་ཀ་ལྷག་ཙམ་སོང་རྗེས་གློ་བུར་དུ་ཉེན་རྟོགས་པ་དང་དྲག་སྤྱོད་དམག་མི་མང་པོ་ འགྲོ་ལམ་འཕྲོད་བཀག་གིས་ཞི་རྒོལ་སྔོན་བསྐྱོད་པ་དང་མཇུག་འཐུད་པའི་བར་འཕྲེད་ བཀག་གིས་རྗེས་མ་རྣམས་བཀག་བསྐྱིལ་ཐོག མེ་མདའ་རྒྱག་པ་དང་དྲག་རྡུང་གཏོང་རྒྱུའི་མགོ་ཚུགས་སོང༌། གུས་མོ་ཡང་ཉེས་རྡུང་འོག་དྲན་མེད་དུ་སོང་ནས་དེ་རྗེས་ཀྱི་གནས་ཚུལ་གསལ་པོ་མི་ཤེས། རང་ཉིད་ཀྱིས་དངོས་སུ་མཐོང་བའི་གནས་ཚུལ་སྐོར་ནི་གོང་ཞུས་ལྟར་ཡིན་གསུངས། གནས་ཚུལ་མཁོ་འདོན་པ་བོད་མི་དམངས་སྤྱི་འཐུས་ཆབ་སྲིད་སྡེ་ཚན་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་བས། སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༧ ཉིན་ཕུལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (9)
རིག་འཛིན་སྒྲོལ་མ་ལགས་ནི་དངོས་གནས་མིང་དོན་མཚུངས་པའི་དཔའ་མོ་ཞིག་རེད། བཀྲ་ཤིས་བདེ་ལེགས་ཡོད།
8 ༢༨༢༠༡༠༡༤༣༨
རིག་འཛིན་སྒྲོལ་མ་ལགས། ཁྱེད་གཙན་བྱོལ་དུ་འབྱོར་་བར་དགའ་བསུ་ཞུ་བ་ཆབ་ཅིག་ཁྱེད་ཀྱི་བསམ་དོན་ཡིད་སེམས་ལྟར་འགྲུབ་པའི་སྨོན་ལམ་གྲངས་མེད་ཞུ།
7 ༢༨༢༠༡༠༡༤༣༢
བཀྲ་ཤིས་བདེ་ལེགས།
སྐྱབས་སུ་ཆེ་དགེ་བཤིས་ལགས་ཀྱིས་དངོས་ཉིད་རྒྱལ་གཅེས་པ་ཞིག་གི་གནས་ཚུལ་རྒྱ་ཆེ་ཀློགས་པ་པོའི་སྤྱན་ལམ་འབུལ་བ་དེ་དངོས་ཉིད་ཡག་པོ་བྱུང་འདུག་
རིག་འཛིན་སྒྲོལ་མ་བཙན་བྱོལ་དུ་འབྱོར་བ་ཧ་ཅང་དགའ་བོ་བྱང་། ཁོ་མོས་གནས་ཚུལ་དེ་དག་དངོས་བྱང་ཡིན་པས། དེ་ལ་ལྟའི་ན་ང་ཚོས་བོད་པ་ཚོས་རང་དབང་མེད་པ་གསལ་བོ་ཤེས་ཐུབ།
4 ༠༡༢༠༡༠༡༧༤༢
བེ་རི་དབང་རྒྱལ་ལགས་སྐབ་དེར་ཁོ་མོས་ཉེ་འཁོར་ཀུན་ནས་གང་དང་གང་ཡོད་པ། དེ་དག་གི་འགྲོ་འདུག་དང་བྱ་སྤྱོད་ལ་ཁུང་གང་ཡོད།
དང་ཐོག་རིག་འཛིན་སྒྲོལ་མ་ཟེར་དུས་ངས་ཀྱང་ནོར་སོང་། འོན་ཀྱང་ ཞིབ་ཏུ་ཀློག་དུས་ཁོང་ནི་དངོས་གནས་རིག་འཛིན་སྒྲོལ་མ་དཔའ་མོ་ཞིག་རེད་འདུག
ཐེངས་དང་པོ་གནས་ཚུལ་དེ་གོ་དུས། བོད་ནང་གི་གཞས་མ་སྐད་གྲགས་ཅན་རིག་འཛིན་སྒྲོལ་མ་ཟེར་བ་དེ་མིན་འགྲོ་བསམས་སོང་། འོན་ཀྱང་རིག་འཛིན་སྒྲོལ་མ་གཞན་པ་ཞིག་རེད་འདུག
ངས་འདི་གཞས་མ་རིག་འཛིན་སྒྲོལ་མ་ཡིན་ན་བསམ་སོང་།



བརྗོད་གཞི་གཞན་ཁག་ལ་གཟིགས།