choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཞི་བདེ་ཉི་མར་དངོས་ཞུ་གློག་བརྙན་གྱི་བྱ་དགའ་ཐོབ་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༢༠ཉིན། བོད་ནང་གི་དྲ་གནས་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མི་འཁྲབ་ཁྲིད་པ་ཞི་བདེ་ཉི་མས་ཕབ་བསྐྲུན་བྱས་པའི་དངོས་ཞུ་གློག་བརྙན་༼རྟ་མགྲིན་བཟང་མོ༽་ཞེས་པར་རྒྱ་ནག་རྒྱལ་ཡོངས་གློག་བརྙན་བརྙན་འཕྲིན་འགྲན་བསྡུར་ཐེངས་གཉིས་པའི་སྟེང༌། དངོས་ཞུ་གློག་བརྙན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད་འདུག

རྒྱ་ནག་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་ཕྱི་ཕྱོགས་རིག་གནས་བརྗེས་རེས་མཐུན་ཚོགས་དང༌། རྒྱང་སྒྲག་བརྙན་འཕྲིན་ལས་ཁུངས། རིག་གནས་སྒྱུ་རྩལ་ལྷན་ཚོགས། དེ་བཞིན་གློག་བརྙན་བརྙན་འཕྲིན་མཐུན་ཚོགས་སོགས་ཀྱིས་བསྡུས་པའི་རྒྱ་ནག་རྒྱལ་ཡོངས་གློག་བརྙན་བརྙན་འཕྲིན་འགྲན་བསྡུར་ཐེངས་གཉིས་པ་དེ་ཁ་སྔོན་ཧྲིན་ཀྲིན་གྲོང་ཁྱེར་དུ་མཇུག་སྒྲིལ་ཡོད་པ་དང༌། ཐེངས་འདིའི་འགྲན་བསྡུར་ཁྲོད་བོད་མི་འཁྲབ་ཁྲིད་པ་ཞི་བདེ་ཉི་མས་ཕབ་བསྐྲུན་བྱས་པའི་དངོས་ཞུ་གློག་བརྙན་༼རྟ་མགྲིན་བཟང་མོ༽ཞེས་པར་དངོས་ཞུ་གློག་བརྙན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད་འདུག

 བརྗོད་གསལ་ལྟར་ན་གློག་བརྙན་འདི་ལས་སློབ་གྲྭ་འདོན་མ་ཐུབ་པའི་བོད་རིགས་བུ་མོ་རྟ་མགྲིན་བཟང་མོ་ཟེར་བ་ཞིག་གིས་རང་ཁྱིམ་དང་རྒྱང་ཐག་ལེ་བར་སུམ་ཅུའི་མཚམས་སུ་ནོར་ནག་ཁྱུ་ཞིག་དང་མཉམ་དུ་ཁེར་རྐྱང་གི་འཚོ་བ་རོལ་བཞིན་པ་གཞིར་བྱས་ནས་ཁོ་མོའི་ཞི་དུལ་བབ་ཆགས་ཀྱི་གཤིས་ཀ་དང་བཟོད་སྒོམ་གྱིས་བསྐྱལ་བའི་འཚོ་བ། མི་དང་རང་བྱུང་ཁམས་བར་གྱི་ཆ་མཐུན་སོགས་མངོན་པར་མཚོན་ཡོད་འདུག

གློག་བརྙན་དཔྱད་འདེམ་ཚོགས་པས་བོད་རིགས་གཞོན་ནུ་མ་རྟ་མགྲིན་བཟང་མོའི་འཚོ་བ་ལས་ཁོ་ཚོས་འབྲོག་པའི་འཚོ་བ་དངོས་མ་ཞིག་གི་ད་ཡོད་ཀྱི་གནས་ཚུལ་དང་ཕུན་སུམ་ཚོགས་པའི་ནང་སེམས་ཀྱི་འཇིག་རྟེན་མཐོང་ཚོར་ཐུབ་པ་དང༌། ད་དུང་གློག་བརྙན་འདིའི་གཞན་དང་མི་མཚུངས་བའི་སྒྱུ་རྩལ་གྱི་ཐབས་ལམ་དང་མཚོན་སྟངས་གསར་བ་སོགས་ཀྱི་དགེ་མཚན་ལ་གཅིག་མཐུན་གྱི་གྲོས་མཆམ་བྱུང་སྟེ་ཆེས་མཐའ་མཇུག་དངོས་ཞུ་གློག་བརྙན་གྱི་བྱ་དགའ་ཨང་གཉིས་པ་ཕུལ་ཡོད་འདུག

བོད་ཀྱི་སྒྱུ་རྩལ་པ་དང་སྙན་ངག་པ་ཞི་བདེ་ཉི་མ་ལགས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད། འཁྲབ་སྟོན་སོགས་བྱས་པའི༼བྱུ་རུའི་སྐེ་རྒྱན༽དང༌། ༼རྫི་གླུ༽  ༼ཁྱིམ་༽བརྙན་འཕྲིན་ཟློས་གར་༼མོ་སྟོན་ཕག་མགོ༽་དངོས་ཞུ་གློག་བརྙན་༼ལམ༽་དང་༼རྟ་མགྲིན་བཟང་མོ༽་སོགས་གློག་བརྙན་བརྙན་འཕྲིན་ཟློས་གར་ཕབ་བསྐྲུན་བྱས་མྱོང་འདུག་ལ། ལྷག་པར་དུ་བརྙན་འཕྲིན་ཟློས་གར་༼བྱུ་རུའི་སྐེ་རྒྱན༽་དང་༼མོ་སྟོན་ཕག་མགོ་༽་ཕབ་བསྐྲུན་བྱས་པ་ལས་བོད་སྐད་ཀྱི་བརྙན་འཕྲིན་ཟློས་གར་གྱི་ཐོག་མའི་སྟོང་ཆ་བསྐངས་ཡོད་པ་མ་ཟད། རྒྱ་ཆེའི་བོད་མི་རིགས་མང་ཚོགས་ཁྲོད་དགའ་མོས་ཆེན་པོ་ཐོབ་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་གཡང་བྱམས་ཀྱིས་རྩོམ་སྒྲིག་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༣༢༠༡༠༡༢༣༧
བོད་ནང་ན་རྒྱ་ཡིག་མ་གཏོགས་བོད་ཡིག་གིས་གནས་ཚུལ་འདི་མི་འདུག

བརྗོད་གཞི་གཞན་ཁག་ལ་གཟིགས།