choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྗེས་དྲན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༡༩ཉིན། ཁ་སང་སྔ་དྲོར། གནའ་མཁར་ཟི་ལིང་དུ་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་འཁོར་ཉི་ཤུ་ལོན་པའི་བཞུགས་མོལ་ཚོགས་འདུ་ཞིག་བསྡུས་ཡོད་པ་དང༌། བཞུགས་མོལ་ཚོགས་འདུ་འདི་ནི་མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང༌། མཚོ་སྔོན་ཞོན་ཧྭ་རྫོང་བིས་མདོ་དགོན་ཆེན་གྱི་སྒར་བ་ངག་དབང་བཟང་བོས་མ་དངུལ་གྱི་མཐུན་རྐྱེན་སྦྱར་ནས་ཚོགས་པ་ཞིག་རེད་འདུག

ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཐོག་མཚོ་སྔོན་གྱི་འབྲེལ་ཡོད་མགོ་ཁྲིད་དང༌། ཆེད་ལས་མཁས་པ། དགོན་སྡེ་ཁག་གི་བླ་སྤྲུལ་བཅས་ངོ་ཞུགས་གནང་འདུག་ལ། མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ལགས་གསེར་ཁྲི་ཚང་དང༌། ཨ་ལགས་རྟ་མགྲིན་ཚང༌། མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་བིས་མདོ་དགོན་ཆེན་གྱི་སྒར་བ་ངག་དབང་བཟང༌། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སངས་རྒྱས་ལགས། དེ་བཞིན་མགོ་ལོག་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླེང་གི་སློབ་གཙོ་འཇིགས་མེད་རྒྱལ་མཚན་ལགས་བཅས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད་གནང་ཡོད་འདུག

པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནི༡༩༣༨ལོའི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ཞོན་ཧྭ་བིས་མདོ་དཔོན་ཚང་དུ་སྐུ་འཁྲུངས་ཤིང༌།   ༡༩༨༩ལོའི་སྤྱི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་པའི་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།  སྐུ་གཤེགས་སྐབས་དགུང་ལོ་ལྔ་བཅུ་ང་གཅིག་རེད།   པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་མི་རིགས་བཅས་ལ་བཞག་པའི་བླ་མེད་ཀྱི་མཛད་རྗེས་དང༌། ཁོང་གིས་བོད་མི་རིགས་ཀྱི་སྐད་ཡིག་དང༌།   རིག་གནས་སློབ་གསོ།  སྤྱི་ཚོགས་དཔལ་འབྱོར་སོགས་ཀྱི་ཐད་བཅིངས་པའི་ཐུན་མོང་མ་ཡིན་བསམ་པའི་སྙིང་སྟོབས་ལ་སློབ་སྦྱོངས་བྱེད་དགོས་ལུགས་ཚོགས་ཐོག་ཏུ་གོ་བསྡུར་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་གཡང་བྱམས་ཀྱིས་རྩོམ་སྒྲིག་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།