choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་གསར་པ་དང་ལོ་རྒྱུས་རྙིང་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༠༩ཟླ་༡ཚེས་༡༩ཉིན། བདུན་ཕྲག་སྔོན་མར་རྒྱ་ནག་དམར་ཤོགས་ཚོགས་པས་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་བྱམས་པ་ཕུན་ཚོགས་གནད་དོན་ཞིག་གི་འོག་གློ་བུར་དུ་ཁོང་གི་ལས་གནས་ནས་རྩ་དགོངས་ཞུ་དགོངས་པའི་བཙན་བཀའ་བཏང་ཡོད་པ་དང་། གསར་དུ་བསྐོ་བཞག་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གསར་པ་པདྨ་འཕྲིན་ལས་ནི་དེ་སྔོན་དྲག་ཆས་དམག་མི་འགོ་གཙོ་ཟུར་པ་དང་བོད་རང་སྐྱོང་ལྗོངས་དབུས་དམག་ཤོགས་ཚོགས་པའི་དྲུང་ཆེ་ཡང་ཡིན་འདུག ད་དུང་ཁོང་ནི་ཕྱི་ལོ་༢༠༠༨ཟླ་༣པའི་ནང་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་སྐབས་རྒྱ་ནག་གཞུང་གིས་མི་ཆོས་ལས་འདས་པའི་དྲག་གནོན་མནར་གཅོད་དེ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་ཞིག་ཀྱང་ཡིན་པ་རེད།

ཁོང་གཉིས་ཀ་ནི་དེ་སྔོན་བོད་རང་སྐྱོང་ལྗོངས་རྒྱ་ནག་དམར་ཤོགས་ཚོགས་པའི་དྲུང་ཆེ་དང༌། བོད་རང་སྐྱོང་ལྗོངས་ཟེར་བ་དེའི་ནང་ཆེས་དབང་ཤུགས་ཆེ་ཤོས་གྲས་ཀྱི་མི་སྣ་ཞིག་ཡིན་པས་མ་ཚད། གཉིས་ཀ་ལ་དམག་དཔུང་གི་རྒྱབ་རྟེན་ཡོད་པ་ཞིག་ཡིན་དུས། ཐེངས་འདིར་ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་ཀོ་ལམ་བྷི་ཨ་གཙུག་ལག་སློབ་གཉེར་ཁང་གི་བོད་རིག་པའི་སྐོར་ཞིབ་འཇུག་པ་སྐུ་ཞབས་རོའོ་བྷིད་བྷར་ནི་ཋི་ལགས་ཀྱིས་ཁོང་གཉིས་ནི་བཅོས་མིན་གྱི་རྒྱ་ནག་གི་དར་དམར་ཞིག་ཏུ་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་ཡོད་འདུག

རྒྱ་ནག་གཞུང་གིས་དམག་དཔོན་ཟུར་པ་ཞིག་དང་དམར་ཤོགས་ཚོགས་པའི་དྲུང་ཆེ། དེ་བཞིན་དམག་གི་རྒྱབ་རྟེན་ཡོད་པའི་མི་ཞིག་མིང་ཙམ་གྱི་འགོ་ཁྲིད་དུ་བསྐོས་དགོས་དོན་ནི། ད་ལྟ་རྒྱ་ནག་གཞུང་གིས་བོད་འདིར་དམག་གིས་སྟངས་འཛིན་བྱ་རྒྱུར་དཀའ་ངལ་ཡོད་པ་ཞིག་ཏུ་མཐོང་གི་ཡོད་པ་རེད་ཅེས་སྐུ་ཞབས་རོའོ་བྷིད་བྷར་ནི་ཋི་ལགས་ཀྱིས་རུའུ་ཁྲེར་ཞེས་པའི་གསར་ཁང་དེ་ལ་འགྲེལ་བརྗོད་གནང་ཡོད་འདུག

འོན་ཀྱང་བོད་མི་མང་ཆེ་བས་རྒྱ་གཞུང་གིས་འཁྲབ་སྟོན་འདི་ནི་ཕྱིའི་སྲིད་ཇུས་དང་འབྲེལ་བའི་རྒྱལ་སྤྱིའི་ལྟད་མོ་བ་རྣམས་དོ་སྣང་ཡོང་ཆེད་དུ་རྒྱ་ནག་གིས་སྡིང་ཆ་ཞིག་གི་ཐོག་ཨ་ལད་པད་ཀོའི་འཁྲབ་སྟོན་དེ་ཡུན་ཙམ་བྱས་ཡོད་ཀྱང༌། མི་རིང་བར་དམག་དཔུང་གི་དྲག་སྤྱོད་ཀྱི་ལས་འགུལ་དེ་མངོན་རྒྱུ་ཡིན་པ་འདོད་ཀྱི་ཡོད་པ་རེད། གང་ལྟར་ཁོང་གཉིས་ནི་བོད་ཞེན་ཅན་ཞིག་མིན་ན་ཡང་བོད་མི་རིགས་ཞིག་ཡིན་པ་ནི་གཏམ་བཟང་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་ལ་རྒྱུན་དུ་དོ་སྣང་བྱེད་མཁན་ཚོར་མཚོན་ན་ཐེངས་འདིའི་རྒྱ་གཞུང་གི་ལས་འགུལ་འདི་ནི་ཧ་ཅང་གི་གཟབ་ནན་དང་འཆར་གཞི་གཏིང་ཟབ་ཡོད་པ་ཞིག་གསལ་པོར་མཐོང་ཐུབ་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་གསར་པས་མ་འོངས་པར་དཔལ་འབྱོར་འཕེལ་རྒྱས་ཡོང་བར་ཁས་ལེན་བྱེད་ཀྱི་ཡོད་འདུག་མོད། དེ་བཞིན་མ་འོངས་པར་ཁོང་གིས་བོད་འདིར་དྲང་བདེན་དང་ཞི་བདེ་ལྷིང་འཇགས་གཅིག་བཟོ་ཐུབ་ཀྱི་རེད་དམ། འོན་ཀྱང་ང་ཚོས་དེ་ལྟར་ཡོང་གི་རེད་བསམས་ཀྱི་ཡོད་པ་མ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།