གསར་འགྱུར་གསར་པ།:
  • རྒྱ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༥པ་དེ་ཟླ་འདིའི་ཚེས་༡༥ཉིན་ཁེ་ན་ཌ་རུ་འགོ་འཛུགས་བྱས་པ།
    ༠༨༠༤༡༠
  • རོང་རྒྱས་ཨ་གྲགས་ཀྱི་འབོད་སྒྲའི་གཟུགས་མཐོང་བརྙན་པར་འགྲེམས་སྤེལ་བྱས་འདུག
    ༠༩༠༣༡༠
  • ཟླ་འདིའི་ཚེས་༦ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ལ་དྭགས་ལི་ཁུལ་དུ་ཆུ་ལོག་གིས་རྐྱེན་པས་མི་༨༠ཤི་རྨས་བྱུང་ཡོད་འདུག
    ༠༩༠༣༡༠
  • འདི་ལོ་ཕྱི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༤༢༠ཟིན་འདུག་ཟེར།
    ༡༨༠༢༡༠
  • ཟླ་འདིའི་ཚེས་༦ཉིན་ལྷ་ས་རུ་རྒྱ་ནག་གི་ཐང་ཀ་རི་མོ་བ་རྩེ་སོན་མི་གྲངས་༢༡འདེམས་སྒྲུབ་བྱས་ཡོད་ཟེར།
    ༡༡༠༡༡༠
  • ཉེ་ཆར་ཆར་ཞོད་ཀྱིས་རྐྱེན་པས་ལྷ་ས་ནས་ཧྲང་ཧེ་རུ་བསྐྱོད་འཆར་ཡོད་པའི་མེ་འཁོར་ཞིག་ཕྱི་འཐེན་བྱས་ཡོད་འདུག
    ༡༡༠༡༡༠
  • ལྡི་ལི་རུ་མྱུར་ཚད་ཆེ་བའི་རླངས་འཁོར་ཞིག་གིས་ལམ་ཟུར་དུ་ལས་བཟོ་བ་བཞི་བསད་ནས་བཞི་ལ་རྨས་སྐྱོན་བཏང་ཡོད་འདུག
    ༢༩༡༠༠༩

བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་ཀྱི་ལས་ཁུར་དགོངས་ཞུ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༡༣ཉིན། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་༡ཚེས་༡༢ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་ཚོགས་ཡོད་ཅིང༌། ཚོགས་ཐོག་ཏུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལེགས་མཆོག་དང༌། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་རྣམ་གཉིས་ཀྱིས་ལས་ཁུར་རྩ་དགོངས་ཞུ་བའི་སྙན་ཞུ་སྒྲོག་འདོན་གནང་ཡོད་འདུག ལེགས་མཆོག་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ལས་ཁུར་རྩ་དགོངས་ཞུས་པ་དང༌། བྱམས་པ་ཕུན་ཚོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡི་ལས་ཁུར་རྩ་དགོངས་ཞུས་པར་གྲོས་འཆམ་བྱུང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་གཡང་བྱམས་ཀྱིས་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ནམ་ཡང་དགོངས་པ་ཞུས།
1 ༡༣༢༠༡༠༢༢༤༩
གངས་ཕྲུག །
སྡོད་ས་ཐོད་པར་བསྡད་ནས་མིག་ལ་ཐལ་བ་ཤོ་མཁན་གྱི་རྒྱ་གཅེས་རིང་ལུགས་པ་རྣམས་ནམ་ཡང་དགོངས་པ་ཞུས་ནས་འཇིག་རྟེན་ཕ་རོལ་དུ་ཕྱིན་པ་དགའ།



བརྗོད་གཞི་གཞན་ཁག་ལ་གཟིགས།