choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འཇིགས་བྲལ་གློག་བརྙན་བཟོ་སྐུན་པར་ལོ་དྲུག་ཁྲིམས་ཆད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༧ཉིན། ཧྥ་རན་སིའི་རྒྱལ་ས་པེ་རིས་སི་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ཀྱི་༼འཇིགས་བྲལ་༽གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་ན་ནིང་སྤྱི་ལོ་༢༠༠༨ལོའི་ཟླ་༣པ་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང༌། ཉེ་ཆར་སྤྱི་ལོ་༢༠༠༩ཟླ་༡༢པའི་ཚེས་༢༨ཉིན་ཁོང་ལ་ལོ་༦བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག་ཅེས། ད་ལྟ་ཁོང་གི་གཟུགས་པོའི་གནས་སྟངས་དང་ནག་ཉེས་གང་གི་ཐོག་ནས་ཁོང་ལ་ཁྲིམས་ཆད་དེ་ལྟ་བཅད་ཡོད་མེད་ཤེས་རྟོགས་ཅུང་ཙམ་ཡང་བྱུང་མེད་པའི་ནང་མི་ཚོས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།

དོན་འགྲུབ་དབང་ཆེན་ལགས་ཀྱིས་བོད་མི་ཁག་ཅིག་ལ་བཅའ་འདྲི་བྱས་པ་ཙམ་ལས་ནག་ཉེས་གང་ཡང་བསགས་ཡོད་པ་མ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཁོང་ཉིད་དུས་ཡུན་རིང་པོ་བཙོན་འཇུག་བྱས་ཡོད་པ་འདི་ནི་ཁོང་གི་ཐོབ་ཐང་ལ་ཁྲིམས་འགལ་བྱས་པ་ཞིག་དང༌། ལྷག་པར་ཐེངས་འདིའི་ཁྲིམས་ཆད་དེ་ནི་རྒྱ་ནག་གཞུང་གིས་མིང་ཆད་ངན་པ་ཞིག་བཟོས་ཡོད་པ་རེད་ཅེས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འགྲེལ་བརྗོད་བྱས་ཡོད་འདུག

སུད་སི་རུ་སྐྱབས་བཅོལ་ཡོད་པའི་འགྲུབ་དབང་ཆེན་ལགས་ཀྱི་ཚ་བོ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས། ཐེངས་འདིར་རྒྱ་གཞུང་གིས་ཁོང་ལ་བཏང་པའི་ཁྲིམས་ཆད་དེ་དྲང་བདེན་རྩ་བ་ནས་བྱུང་ཡོད་པ་མ་རེད། ད་དུང་ང་ནི་དོན་འགྲུབ་དབང་ཆེན་གྱི་སྐོར་སེམས་ཁྲལ་ཆེན་པོ་འདུག གང་ཡིན་ཟེར་ན། ཁོང་ལ་ད་ལྟ་མཆིན་ནད་ཕོག་ཡོད་ཀྱང་རྒྱ་གཞུང་གིས་སྨན་བཅོས་བྱ་རྒྱུར་མོས་མཐུན་བྱེད་ཀྱིན་མེད་པ་རེད། དེར་བརྟེན་ད་ལྟ་ཁོང་གིས་གཟུགས་པོའི་གནས་སྟངས་ཧ་ཅང་གི་ཉེན་ཚབ་ཅན་ཆགས་ཡོད་པ་རེད་ཅེས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ལ་འགྲེལ་བརྗོད་བྱས་ཡོད་འདུག

དོན་འགྲུབ་དབང་ཆེན་ལགས་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཁྲིམས་ཐག་བཅད་ཡོད་འདུག་པ་དང༌། ༼ས་གནས་དེར་བོད་མི་འབོར་ཆེན་གནས་སྡོད་བྱེད་བཞིན་ཡོད་པ་རེད་འདུག༽ ན་ནིང་ཁོང་གི་ནང་མི་ཚོས་ཁྲིམས་རྩོད་པ་ཞིག་བརྩལ་ཡོད་འདུག་ཀྱང་དེར་ཟི་ལིང་དུ་ཡོད་པའི་ཁྲིམས་ཁང་ཞིག་གིས་ངོས་ལེན་བྱས་མེད་པ་རེད། དོན་འགྲུབ་དབང་ཆེན་ལགས་ཀྱིས་སྤྱི་ཟླ་༡ཚེས་༧བར་དུ་ཞུ་གཏུགས་བྱས་ཡོད་པ་རེད་འདུག

དོན་འགྲུབ་དབང་ཆེན་ལགས་ཀྱི་སྐུ་ཟླ་ལྷ་མོ་མཚོ་ལགས་ནི་ད་ལྟ་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་་རམ་ས་ལ་སྐྱབས་བཅོལ་དུ་བསྡད་ཡོད་པ་དང༌། ཁོང་གིས་དོན་འགྲུབ་དབང་ཆེན་ལགས་ཀྱིས་༼བོད་ཀྱི་ཆེད་དུ་ལས་དོན་ཞིག་བསྒྲུབ་འདོད་ཡོད་པ་ཞིག་རེད།༽ཅེས་འགྲེལ་བརྗོད་བྱས་ཡོད་འདུག

བོད་ཀྱི་གསར་འགོད་པ་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ལ་འགྲེལ་བརྗོད་གནང་དོན། རྒྱ་ནག་པེ་ཅིང་གཞུང་གིས་ཐེངས་འདིའི་ཁྲིམས་ཆད་དེ་ལ་སྐྱོན་བརྗོད་བྱེད་རྒྱུ་ཡིན། འདི་ནི་གསར་འགོད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་པས་མི་ཚད། སེམས་པ་སྐྱོན་དགོས་པ་ཞིག་ནི་ཁོང་ལ་ནག་ཉེས་ག་རེའི་ཐོག་ནས་ཁྲིམས་ཆད་དེ་ལྟ་གཅོད་མིན་དང༌། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་གང་འདྲ་ཡོད་མེད་ཤེས་རྟོགས་གང་ཡང་བྱུང་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།