choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་གཞུང་གི་ལག་ཆ་ཀྲུང་གོའི་བོད་ལྗོངས་ཟེར་བ་ལོ༢༠འཁོར་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༢༣ཉིན་སྤེལ། ༼ཀྲུང་གོའི་བོད་ལྗོངས་༽ཞེས་པའི་རྒྱ་ནག་གི་བོད་ཕྱོགས་སུ་འཛིན་པའི་ཆབ་སྲིད་ཀྱི་ལག་ཆ་ཅན་གྱི་དུས་དེབ་དེ་སྤྱི་ལོ་༡༩༨༩ལོར་ཐེངས་དང་པོ་བཏོན་ཡོད་འདུག་པ་དང༌། དུས་དེབ་དེའི་ནང་རྒྱ་ཡིག་དང༌། བོད་ཡིག དབྱིན་ཡིག་བཅས་དང༌། ད་དུང་དྲ་རྒྱའི་ནང་རྒྱ་ཡིག་དང་དབྱིན་བཅས་ཡོད་པ་རེད། དུས་དེབ་དེ་ནི་ས་ཁུལ་དང་འཛམ་གླིང་གི་རྒྱལ་ཁབ་ཁག་༡༨༠ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད་ཅེས་རྒྱ་ནག་གི་ཤིན་ཧྭ་གསར་འགྱུར་ནས་འགྲེལ་བརྗོད་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཤིན་ཧྭ་གསར་ཁང་གིས། སྤྱི་ཟླ་༡༢པའི་ཚེས་༡༨ཉིན་༼ཀྲུང་གོའི་བོད་ལྗོངས་༽ཞེས་པའི་དུས་དེབ་དེ་བཏོན་ནས་ལོ་ངོ་༢༠འཁོར་བའི་དུས་སྟོན་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་རྒྱུ་དང༌། དུས་དེབ་དེ་ནི་བོད་དང་འབྲེལ་བ་ཟབ་མོ་ཡོད་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་གནས་བོད་རང་སྐྱོང་ལྗོངས་ཀྱི་གལ་ཆེན་དུས་དེབ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག

འོན་ཀྱང་ལོ་ངོ་༢༠རིང་དུས་དེབ་དེའི་ཤོག་ལྷེབ་རེ་རེ་བཞིན་ཞིབ་ཕྲ་བལྟས་པ་ཡིན་ན། རྒྱ་ནག་དམར་ཤོགས་ཚོགས་པའི་ཕྱོགས་ལྷུང་དང་རྫུན་བཟོ་ཁོ་ནའི་གཏམ་དང་སྐད་ཆ་རྣམས་བཀོད་ནས་དཔར་སྐྲུན་དང་འགྲེམས་སྤེལ་བྱས་ཡོད་པ་རེད།

བསྐྱར་ཞིབ་ཀྱི་ལམ་ནས་བརྗོད་ན། འཛམ་གླིང་གསར་འགྱུར་རྒྱུད་ལམ་ཁག་ནས་རྒྱ་ནག་གི་གསར་འགོད་རང་དབང་ཐོག་བཏོན་པའི་ལོ་ངོ་༦༠རིང་གི་སྙན་ཐོ་ཡོངས་རྫོགས་རྒྱ་ནག་དམར་ཤོག་ཚོགས་པས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་དེ་འཛམ་གླིང་ནང་ཕྱོགས་ལྷུང་གི་གསར་ཁང་ཆེ་ཤོས་ཤིན་ཧྭ་ཟེར་བའི་གཙོས་རྒྱ་ནག་གི་གསར་འགྱུར་རྒྱུད་ལམ་ཁག་གིས་ཞིབ་ནན་རྟོགས་ཞིབ་དང༌། རྫུན་བཟོ་ཁྱབ་བསྒྲགས་ཁོ་ན་བྱས་ཡོད་པ་རེད་ཅེས་སྐྱོན་བརྗོད་དྲག་པོ་བྱས་ཡོད་ལ། རྒྱ་ནག་གི་ཤིན་ཧྭ་དྲ་རྒྱ་ཐེ་བའི་རྫུན་བཟོ་ཁྱབ་བསྒྲགས་ཅན་གྱི་གསར་འགྱུར་ཁག་ནས་གནས་ཚུལ་རྫུན་བཟོ་དང་ཕྱོགས་ལྷུང་ཅན་བཏོན་པ། དྲང་བདེན་མ་ཡིན་པར་བརྟེན་དེང་དུས་སྤྱི་ཚོགས་སུ་༼རྒྱལ་ནང་བཀྲ་ཤིས་བདེ་ལེགས། རྒྱལ་སྤྱི་ཁ་ཆག་སྣ་རལ་༽ཞེས་འབོད་སྲོལ་ཞིག་ཆགས་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆ་ཚང་མར་དྲ་རྒྱ་ལ་རྟོགས་ཞིབ་དང་བཀག་འགོག་སོགས། རྒྱ་ནག་གི་ཞིང་ཆེན་གཞན་དག་ལས་ཀྱང་དམ་དྲག་ཆེ་བ་བྱེད་བཞིན་ཡོད་པ་རེད། མ་ཚད་སྤྱི་ལོ་༢༠༠༩ནས་བཟུང་སྟེ་བོད་ནང་དུ་དྲ་ལམ་ནས་རྩོམ་ཡིག་སྤེལ་བ་དང༌། ༧གོང་ས་མཆོག་དང་བོད་ཀྱི་རྒྱལ་དར་སོགས་ཀྱི་འདྲ་དཔར་གཟིགས་པ། ཕྱི་ཕྱོགས་སུ་གློག་འཕྲིན་གཏོང་བ་བཅས་བྱེད་ཚེ། ན་ནིང་སྤྱི་ལོ་༢༠༠༨སྤྱི་ཟླ་༣པའི་ནང་ཞི་རྒོལ་དང་ཕྱི་ཕྱོགས་སུ་བཞུགས་ཡོད་པའི་བོད་མི་རྣམས་ལ་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག དྲ་རྒྱ་བེད་སྤྱོད་གཏོང་བོད་མི་མང་པོ་ཞིག་འཛིན་བཟུང་དང་ཁྲིམས་ཆད་གཅོད་བཞིན་ཡོད་པ་རེད། ཟླ་འདིའི་ནང་བོད་རང་སྐྱོང་ལྗོངས་ཞེས་པའི་དབང་འཛིན་པ་ཚོས།

རྫུན་སྒྲིག་རང་བཞིན་གྱི་༼ཀྲུང་གོའི་བོད་ལྗོངས་༽ཞེས་པའི་དུས་དེབ་དེ་ལོ་༢༠སོན་པའི་དུས་སྟོན་དང༌། ལོ་ངོ་༥༠རིང་རྩོམ་ཡིག་རེ་རེ་དང་ལྷན་དུ་ཤོག་སྦག་དང་དམག་དཔུང་རུ་སྒྲིག་བྱས་ཡོད་པ་ནི། གཞི་རྩའི་བོད་མི་རྣམས་ཀྱི་ཐོབ་ཐང་དང་རྫུན་སྒྲིག་ལ་གོམ་པའི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་སྐད་གྲགས་ཅན་དེ་དག་གི་རང་གཟུགས་དེ་ཕྱི་ཕྱོགས་སུ་ཡང་བསྐྱར་གསལ་སྟོན་བྱས་པ་ཞིག་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཚགས་པ་དེ་ཡི་ཐོག་རྫུན་གཏམ་མ་གཏོགས་ངོ་མ་ཡི་དོན་དག་ཅི་ཀྱང་མ་མཆིས། རི་བོང་རྭ་ཅོའི་སྨྱོས་གཏམ་མི་མཐུད་ནས་རྒྱལ་སྤྱི་ལ་དྲིལ་བསྒྲགས་བཏང་པ་ནི་རྒྱ་དམར་གྱི་ངོ་ཚ་ཡིན་། འགྲོ་བ་མི་རྣམས་ཀྱིས་ངེས་པར་དུ་ངོ་རྒོལ་བྱེད་དགོས་པ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།