དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ཡུལ་ཤུལ་དུ་བོད་མི་བདུན་འཛིན་བཟུང་བཀག་ཉར་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་༡༠ཚེས་༣༠ཉིན་སྤེལ། འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན།བོད་མདོ་ཁམས་ཡུལ་ཤུལ་ཁྲིན་འདུ་རྫོང་དུ་བོད་མི་བདུན་དྲ་ལམ་བརྒྱུད་ཕྱིར་ཕྱོགས་སུ་འབྲེལ་བ་བྱས་པའི་ནག་ཉེས་འོག་རྒྱ་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཏེ་ད་ལྟ་ཁྲིན་འདུ་རྫོང་ཐོག་གི་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་བོད་མི་བདུན་པོ་འཛིན་བཟུང་བཀག་ཉར་བྱས་པའི་སྐོར་གནས་ཚུལ་མཁོ་སྤྲོད་པས་འདི་ག་གསར་ཁང་དུ་འགྲེལ་བརྗོད་གནང་དོན་ལྟར་ན། ད་བ་ལྟའི་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་དེ་འཚོགས་བཞིན་ཡོད་ཅིང་། ཉིན་འདི་དག་གི་རིང་རྒྱ་གཞུང་གིས་སྤྱིར་དྲ་རྒྱའི་བརྒྱུད་ལམ་ཁག་ལ་རྟོག་ཞིབ་དང་དམ་དྲག་ནན་མོ་བྱེད་བཞིན་ཡོད་པ་མ་ཟད། དགའ་ཉེས་གྲོགས་པོ་དང་སྤུན་མཆེད་སོགས་ཀྱི་དབར་ས་ཐག་རིང་ཐུང་གང་དུ་བཞུགས་མིན་ལ་མ་ལྟོས་པར་སྤྱི་ཚོགས་དྲ་རྒྱ་དང་དམིགས་སྐད་འཕྲིན་ཚོགས་པ་བཙུགས་ནས་ཕན་ཚུན་དབར་ཁ་བརྡ་བྱེད་རྒྱུར་ཡང་སྟབས་བདེ་མེད་པ་དང་། ལྷག་པར་དུ་ཚོགས་པ་འདྲ་མིན་ནང་དུ་རྒྱ་གཞུང་གི་རྒྱུག་ཁྱིའམ་སོ་ཉུལ་བྱེད་བཞིན་པའི་མི་འགའ་ཞིག་གིས་སྐད་འཕྲིན་གྱི་ཁ་བྱང་གསར་པ་མང་པོ་བཟོས་ཏེ་ཚོགས་པ་དེ་དག་གི་ནང་དུ་འཛུལ་ཞུགས་ཀྱིས་རྟོག་ཞིབ་སོ་ཉུལ་བྱེད་པ་སོགས་ལ་བརྟེན་ནས་དྲ་ལམ་བརྒྱུད་ཁ་བརྡ་བྱེད་རྒྱུར་ཉེན་ཁ་ཧ་ཅང་ཡོད་པ་ཞིག་རེད་འདུག ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་དོན། དེ་མིན་གལ་ཆེན་གནས་ཚུལ་ཞིག་ཡོད་པ་དེ་ནི་འདས་པའི་ཉིན་བཅུའི་གོང་དུ་བཀྲ་ཤིས་དགྲ་འདུས་དང་སྐལ་བཟང་རྒྱ་མཚོ་སོགས་བོད་མི་བདུན་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གིས་ད་ལྟ་ཁྲིན་འདུ་རྫོང་ཐོག་དུ་བཀག་ཉར་བྱས་ཡོད་ཅིང་། ཁོང་རྣམས་འཛིན་བཟུང་བཀག་ཉར་བྱེད་དགོས་དོན་ནི་ཁོང་རྣམས་ནས་བོད་ནང་དུ་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་བྱེད་མཁན་རྣམ་པས་རང་ལུས་མེར་བསྲེགས་གནང་སྐབས་སུ་བཟོད་སྒོམ་བྲལ་བའི་སྡུག་བསྔལ་དང་ན་ཟུག་ལྡན་སྐོར་གྱི་བརྙན་ཐུང་ཞིག་བཟོས་ཏེ་ཕན་ཚུན་དབར་དྲ་ལམ་ནས་བརྒྱུད་བསྐུར་བྱས་པ་དེ་རྣམས་རྒྱ་ནག་གཞུང་གིས་ཤེས་རྟོག་བྱུང་ཡོད་ལུགས་མང་ཚོགས་ནང་གླེང་སློང་བྱེད་བཞིན་ཡོད་པ་རེད། ཅེས་དང་། ཁ་སྔོན་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོགས་ལ་ཉེ་བའི་སྐབས་དང་བསྟུན་ནས་འཛིན་བཟུང་བྱས་པ་ཞིག་ཡིན་ལུགས་འགྲེལ་བརྗོད་གནང་སོང་།
གནས་ཚུལ་མུ་མཐུད་ནས་གསུངས་དོན། སྤྱིར་བོད་ཀྱི་རང་ལུས་མེར་བསྲེགས་སྐོར་གྱི་བརྙན་ཐུང་དེ་སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྒྱ་ཆེན་པོ་སོང་མེད་པར་བསམས་ཡོད་ཀྱང་ཁོང་ཚོ་ད་ལྟ་བཀག་ཉར་བྱེད་སྟངས་ཀྱི་རྣམ་འགྱུར་ལ་བལྟས་ན་རྒྱ་གཞུང་གིས་གནད་དོན་དེ་དག་ནག་ཉེས་ཆེན་པོ་རུ་བརྩིས་ནས་མང་ཚོགས་རྣམས་དཀའ་ངལ་འོག་ལྷུང་འདུག་པའི་གནས་ཚུལ་འདི་བརྒྱུད་སྒྲགས་བྱེད་རྒྱུ་གལ་ཆེན་རེད་ཅེས་གསུངས་སོང་།
གཞན་ཡང་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་པའི་བོད་མི་འདུན་ནི་བོད་ཡུལ་ཤུལ་ཁྲིན་འདུ་རྫོང་སྒ་སྟོད་ཁོངས་མཁར་རིང་སྡེ་པ་ནས་ཡིན་པ་བཀྲ་ཤིས་དགྲ་འདུས་དང་སྐལ་བཟང་རྒྱ་མཚོ། ཚེ་རིང་ཆོས་འཕེལ་དང་བསྟན་འཛིན་རྣམ་རྒྱལ། ཆོས་འཕེལ་དང་ཚེ་ནོར་བུ། དེ་བཞིན་སྐམ་ཡུལ་སྡེ་བ་ནས་ཚེ་འཇམ་བཅསཡིན་འདུག
རྒྱ་གཞུང་གིས་ཁོང་རྣམས་ལ་ཁྱེད་ཚོས་དྲ་ཐོག་ནས་བོད་ཕྱི་ལོག་ལ་འབྲེལ་བ་བྱས་ཚུལ་དང་། དེ་ནི་ཁྲིམས་འགལ་གྱིས་ལས་བསྒྲུབས་པ་ཞིག་ཡིན་སྐོར་ཉེས་བཙུགས་ཏེ་བོད་མི་བདུན་པོ་ད་ལྟ་ཁྲིན་འདུ་རྫོང་ཐོག་དུ་བཀག་ཉར་བྱས་ནས་བཞག་འདུག་ལ། ཁོང་རྣམས་རྒྱ་གཞུང་གི་ཉེན་རྟོག་པས་གསང་བའི་གཡོ་ཐབས་ཀྱིས་འཛིན་བཟུང་བྱས་ཡོད་སྟབས་ཁོང་རྣམས་ཀྱི་གནས་སྟངས་སོགས་ཀྱི་སྐོར་ཤེས་རྟོགས་ཡོང་རྒྱུར་ཁག་པོ་ཆགས་ཡོད་པ་རེད། ལྷག་པར་དུ་ཉེ་དུས་ནས་རྒྱ་གཞུང་གིས་དྲ་རྒྱའི་བརྒྱུད་ལམ་ཁག་ལ་དམ་དྲག་གི་ལས་འགུལ་ཤུགས་ཆེན་སྤེལ་བ་བཅས་ལ་བརྟེན་ནས་བོད་ཀྱི་གནས་ཚུལ་རྣམས་བོད་ཕྱི་ནང་དུ་མཁོ་ལེན་གནང་རྒྱུར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་དུ།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།