དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་ནག་གིས་སྐད་འཕྲིན་ཚོགས་གཙོའི་གསབ་སྦྱོང་འཛིན་གྲྭ་བསྡུས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༢༩ཉིན་སྤེལ། མདོ་སྨད་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡིས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་གཙོའི་གསབ་སྦྱོང་འཛིན་གྲྭ་ཐོག་མ་བསྡུས་ཏེ་སྤྱི་ཚོགས་བརྒྱུད་ལམ་སྟངས་འཛིན་བྱེད་ཀྱིན་འདུག

འདི་ཟླའི་ཕྱི་ཚེས་༢༧ཉིན། རྩེ་ཁོག་རྫོང་སྤྱི་བདེ་ཅུས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་རྩ་འཛུགས་བྱས་ཏེ་ཁྲིམས་ལུགས་གསབ་སྦྱོང་འཛིན་གྲྭ་བསྡུས་པའི་གནས་ཚུལ་ཞིག་འདི་ག་གསར་ཁང་གིས་རག་སོང་།

Tibet-wechart-2017དེ་ཡང་། རྒྱ་ནག་གཞུང་ཕྱོགས་ཀྱིས་སྒྲུབ་པའི་བོད་ཀྱི་ཆེས་ཐོག་མའི་བཅའ་ཁྲིམས་ཆེད་ལས་འཕྲིན་སྟེགས་སུ་གནས་ཚུལ་འཁོད་པ་ལྟར་ན། གོམ་གང་མདུན་སྤོས་ཀྱིས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོའོ་དོ་དམ་དང་ལྟ་སྐུལ་འགན་འཁྲིའི་འདུ་ཤེས་མཐོར་འདེགས་དང་ཚོགས་པའི་གཏམ་གླེང་བྱ་སྤྱོད་ཚད་ལྡན། ཚོགས་པའི་གཏམ་གླེང་ནང་དོན་ཁྲིམས་མཐུན་ལ་འགེབས་སྲུང་། ཁྲིམས་འགལ་ནག་ཉེས་བྱ་སྤྱོད་དང་གནོད་སྐྱོན་ཡོད་པའི་ཆ་འཕྲིན་སྣ་ཚོགས་བཀག་འགོག  ཧུར་ཐག་གིས་བདེ་འཇགས་དྲ་རྒྱའི་འབྲེལ་འདྲིས་ཁོར་ཡུག་ཅིག་བསྐྲུན་ཆེད། 2017ལོའི་ཟླ9པའི་ཚེས27ཉིན། རྩེ་ཁོག་རྫོང་སྤྱི་བདེ་ཅུས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་རྩ་འཛུགས་བྱས་ཏེ་ཁྲིམས་ལུགས་གསབ་སྦྱོང་འཛིན་གྲྭ་བསྡུས།

    རྩེ་ཁོག་རྫོང་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་ཧྲིས་ཏུང་ཡོན། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་རྫོང་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་སྤྱི་བདེ་ཅུའི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ཀླུ་བྱམས་ཚེ་རིང་། རྫོང་སྤྱི་བདེ་ཅུའི་ཅུའུ་ཀྲང་གཞོན་པ་འཇམ་དཔལ། ཅུའུ་ཀྲང་གཞོན་པ་ཁྲང་ཧྭ། གཞི་རིམ་མངག་གཏོང་ཁང་གི་སའོ་ཀྲང་སོ་སོ་དང་། བདེ་སྲུང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་རྣམས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ248གསབ་སྦྱོང་འཛིན་གྲྭར་ཞུགས། རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་རྩ་འཛུགས་བྱས་ཏེ་གཅིག་གྱུར་སྒོས་གསབ་སྦྱོང་བྱས་པ་འདི་ནི་ཁུལ་ཡོངས་སུ་ཐོག་མར་སྤེལ་བ་རེད།
    གསབ་སྦྱོང་འཛིན་གྲྭའི་སྟེང་དུ་རྫོང་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་ཧྲིས་ཏུང་ཡོན་གྱིས་ཐོག་མར་ཐེངས་འདིའི་གསབ་སྦྱོང་འཛིན་གྲྭའི་དམིགས་འབེན་ནམ་དོན་སྙིང་སོགས་ཀྱི་ཐད་ནས་གཏམ་བཤད་གལ་ཆེན་གནང་བར་མ་ཟད། གསབ་སྦྱོང་འཛིན་གྲྭས་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་པར་སྨོན་འདུན་ཞུས།
  u  རྫོང་སྤྱི་བདེ་ཅུའི་ཅུའུ་ཀྲང་གཞོན་པ་འཇམ་དཔལ་གྱིས་སྐད་འཕྲིན་ཚོགས་གཙོ་མང་པོ་ཞིག་འཛིན་བཟུང་བཀག་སྐྱིལ་བྱས་པའི་གྱོད་དཔེ་གཞིར་བཟུང་སྟེ། དབྱེ་ཞིབ་རྒྱས་འགྲེལ་བྱས་ནས་ཚོགས་གཙོ་དག་ལ“སྐད་འཕྲིན་ཚོགས་པར་གཏམ་གླེང་སྤེལ་སྐབས་མི་ཆོག་པའི་རྩ་དོན་དགུ”དང་སྐད་འཕྲིན་ཚོགས་གཙོའི་ལྟ་སྐུལ་དོ་དམ་འགན་ནུས་ནན་བཤད་བྱས་ཏེ། རྒྱ་ཆེའི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་དག་ལ་ཚོགས་པའི་ནང་དུ་གཏམ་གླེང་བྱེད་དུས་སྔར་ལས་ལྷག་པར་མཉམ་འཇོག་བྱ་དགོས་པར་སློབ་གསོ་བཏང་།

    རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་རྫོང་ཏང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་བདེ་ཅུའི་ཏང་ཨུའི་ཧྲུའུ་ཅིའམ་ཅུའུ་ཀྲང་ཀླུ་བྱམས་ཚེ་རིང་གིས་མང་ཚོགས་ལ་གོ་བདེ་བའི་བོད་ཀྱི་ཁ་སྐད་ལམ་ནས་སྐད་འཕྲིན་ཚོགས་གཙོས་འཁུར་དགོས་པའི་བཅའ་ཁྲིམས་འགན་འཁྲི་དང་། སྐད་འཕྲིན་ཚོགས་གཙོས་བཅའ་ཁྲིམས་ཉེན་ཁ་འགོག་སྲུང་བྱེད་པའི་ཐབས་བཀོད་སོགས་ཀྱི་ཐད་ནས་འགྲེལ་བཤད་བྱས་པར་མ་ཟད། སྐད་འཕྲིན་ཚོགས་གཙོས་དོན་དངོས་ཀྱིས་དོ་དམ་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་བཟང་པོ་བྱེད་པར་རེ་བ་བཏོན།

    གཞན་རྩེ་ཁོག་རྫོང་སྤྱི་བདེ་ཅུའི་ཅུའུ་ཀྲང་གཞོན་པ་དང་མངག་གཏོང་ཁང་གི་སའོ་ཀྲང་། སྐད་འཕྲིན་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་རིམ་པ་བཞིན་འགན་འཁྲིའི་ཡི་གེར་མིང་ཡིག་བཀོད།

   Tibet-china-perpoganda-wechart-2017 སྐད་འཕྲིན་ཚོགས་གཙོའི་དོ་དམ་ལ་ཤུགས་སྣོན་དང་ཁྲིམས་ལུགས་དྲིལ་སྒྲོག་རྣམ་པ་གསར་གཏོད་བྱ་ཆེད། རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་བདེ་སྲུང་རུ་ཆེན་གྱིས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་གཙོ་དོ་དམ་ཚོགས་པ་བཙུགས་པར་མ་ཟད། ཚོགས་གཙོ་རྣམས་ནང་འཇུག་བྱས་ཏེ། རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་གཙོར་གཅིག་གྱུར་གྱིས་དོ་དམ་བྱས། བདེ་སྲུང་རུ་ཆེན་གྱིས་ཚོགས་གཙོ་དོ་དམ་ཚོགས་པ་བརྒྱུད་དེ་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་། དེ་ནས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་གཙོས་རང་རང་གི་ཚོགས་པའི་ནང་དུ་དྲིལ་སྒྲོག་བྱ་དགོས་ལ། བྱ་བྱེད་འདི་ཡིས་ཁྲིམས་ལུགས་དྲིལ་སྒྲོག་དང་དམངས་ཕན་སྲིད་ཇུས་དྲིལ་སྒྲོག་ལ་གར་སྟེགས་གསར་བ་ཞིག་བསྐྲུན་ཡོད་པས། རྗེས་ཕྱོགས་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡི་ཁྲིམས་ལུགས་དྲིལ་སྒྲོག་བྱ་བའི་ཐབས་ལམ་གསར་བ་ཞིག་དང་ཁྱད་ཆོས་གཙོ་བོ་ཞིག་ཏུ་འགྱུར་ངེས།

  Tibet-secsor-wechart-2017  རྩེ་ཁོག་རྫོང་སྤྱི་བདེ་ཅུས་མི་དམངས་ཉེན་རྟོག་པའི་ན་གཞོན་དགེ་རྒན་རྩ་འཛུགས་བྱས་ཏེ་སྐད་འཕྲིན་ཚོགས་གཙོར་ཁྲིམས་ལུགས་གསབ་སྦྱོང་སྤེལ། ན་གཞོན་དགེ་རྒན་རྣམས་ཀྱིས་ཚོགས་གཙོ་རྣམས་ལ《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཁྲིམས་ལྟར་རྒྱལ་སྐྱོང་གི་རྣམ་བཤད་གལ་ཆེན》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》《མཉམ་སྦྲེལ་དྲ་བའི་ཚོགས་སྤྱི་ཆ་འཕྲིན་ཞབས་ཞུ་དོ་དམ་གཏན་ཁེལ》《བོད་འབྲེལ་ཁྲིམས་འགལ་བྱ་སྤྱོད་རིགས་ཉི་ཤུ》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་སློབ་ཁྲིད་བྱས།

   Tibet-sensortowechart-2017 ཐེངས་འདིའི་གསབ་སྦྱོང་འཛིན་གྲྭ་བསྒྲུབས་པ་བརྒྱུད། རྒྱ་ཆེའི་སྐད་འཕྲིན་ཚོགས་གཙོའི་དོ་དམ་ལྟ་སྐུལ་འགན་འཁྲི་དང་སྒྲིག་བརྩི་ཁྲིམས་སྲུང་འདུ་ཤེས་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་བཏང་། ཚོགས་གཙོ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད་རྒྱུར། རྗེས་ཕྱོགས་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ཞོར་དུ། ངེས་པར་ཚོགས་པའི་ནང་གི་གཏམ་གླེང་ཚད་ལྡན་དུ་གཏོང་དགོས་ཤིང་། ཚོགས་མིའི་གཏམ་གླེང་ལ་འགན་འཁུར་དགོས་ལ། ཚོགས་པའི་ནང་སྤེལ་བའི་ཡོངས་བསྒྲགས་བརྒྱུད་སྤེལ་བརྡ་འཕྲིན་ལ་བླང་དོར་ལེགས་པོ་བྱས་ཏེ། ཚོགས་མིས་སྤེལ་བའི་ཁྲིམས་འགལ་ནང་དོན་ལ་ཡང་དག་པའི་སྒོ་ནས་ཡོ་བསྲང་དང་དོ་དམ་བྱས་ནས། ཆགས་སྲེད་དང་དྲག་ཤུགས་འཇིགས་སྐུལ། དཀྲོག་གཏམ་མགོ་སྐོར། བརྡ་ཁྱབ་རྫུན་མ། བརྒྱུད་འཚོང་རྒྱན་སྐུགས་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བརྡ་འཕྲིན་སྐད་འཕྲིན་ཚོགས་པ་བརྒྱུད་དེ་ཁྱབ་གདལ་དུ་གཏོང་བར་མཐའ་གཅིག་ཏུ་གཏན་འགོག་བྱ་རྒྱུ་ཡིན་པ་བཅས་འཁོད་འདུག

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།