དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཡང་གསེར་གྱི་རྟགས་མ་བླངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༢༧ཉིན་སྤེལ། སྤྱི་ལེ་ ༡༠ ཡི་བུད་མེད་ཀྱི་འདུར་རྒྱུག་འགྲན་བསྡུར་ཁྲོད་བོད་རིགས་ཨོ་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སྐར་མ་ ༤༢། ༤༦ གི་མགྱོགས་ཚད་ཀྱིས་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་ཡོད་འདུག

Tibet-Choeyangkyi-2017ཟླ་འདིའི་ཕྱི་ཚེས་ ༢༥ ཉིན། རྒྱ་ནག་སུའུ་ཀྲུའུ་གྲོང་ཁྱེར་ཝུ་ཀྲུང“ཐའེ་ཧུའུ་མཚེའུ་བསྐོར་བའི”རྒྱལ་སྤྱིའི་འདུར་རྒྱུག་འགྲན་བསྡུར་སྐབས། སྤྱི་ལེ་ ༡༠ ཡི་བུད་མེད་ཀྱི་འདུར་རྒྱུག་འགྲན་བསྡུར་ཁྲོད་བོད་རིགས་ཨོ་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སྐར་མ་ ༤༢། ༤༦ གི་མགྱོགས་ཚད་ཀྱིས་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། དེ་བཞིན་འདུར་རྒྱུག་དེའི་ཁྲོད་བོད་རིགས་ལུས་རྩལ་པ་ཀླུ་མོ་མཚོ་ཡིས་ཨང་བདུན་པ་བླངས་པའི་གནས་ཚུལ་འདུག

དེ་ཡང་། ཐེངས་འདིའི་རྒྱལ་སྤྱིའི་འདུར་རྒྱུག་འགྲན་བསྡུར་དེ་ནི་ཟླ་འདིའི་ཕྱི་ཚེས་ ༢༤ ནས་ ༢༨ བར་ཉིན་ ༤ རིང་འཚོགས་ཀྱི་ཡོད་པ་དང་། རྒྱུག་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ལ་ཆེད་ལས་ཚོགས་ཆུང་དང་། གཞོན་ནུ་ལོ་ཆུང་ཚོགས་ཆུང་སོགས་རྣམ་གྲངས་མི་འདྲ་བ་གསུམ་དང་། འགྲན་བསྡུར་ས་ཚིགས་སུ་ཐའེ་ཧུའུ་མཚེའུ་ས་ཚིགས་དང་། མུའུ་ཏུའུ་ས་ཚིགས། ཡོན་པོ་ས་ཚིགས། ཏུང་ཧྲན་ས་ཚིགས་བཅས་སུ་འཚོགས་ཀྱི་ཡོད་ཅིང་།
འགྲན་བསྡུར་ཁྲོད་ཞུགས་མི་དག་ནི་ཨོ་སི་ཊོ་ལེ་ཡ་དང་། ལྷོ་ཨ་ཧྥི་རི་ཁ། བྷིར་རྫིལ། ཨི་ཊ་ལི། སི་པན། ཁི་ལོམ་བྷི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་ཁག་ ༢༨ ཀྱི་ལུས་རྩལ་པ་ ༩༠ དང་། རྒྱ་ནག་གི་ལུས་རྩལ་པ་ ༢༦༠ བཅས་ཁྱོན་ལུས་རྩལ་པ་ ༡༧༠༠༠ ཙམ་མཉམ་ཞུགས་བྱས་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།