དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་ནག་གིས་དྲ་རྒྱའི་བརྒྱུད་ལམ་དམ་དྲག་བྱེད་ཀྱི་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༡༣ཉིན་སྤེལ། རྒྱ་ནག་གིས་འཆར་གཞི་ལྡན་པའི་དོན་ཚན་དགུ་བཀོད་དེ་དྲ་རྒྱའི་བརྒྱུད་ལམ་བཀག་སྡོམ་དང་ཞིབ་བཤེར་བྱེད་ཀྱི་ཡིན་པའི་གནས་ཚུལ་སླེབས་འདུག

China-Censorship-Internet-Tibetའདི་ག་ནས་རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་ལ་སྟངས་འཛིན་བྱེད་པའི་གནས་ཚུལ་ལ་གཞིག་ན། རྒྱ་ནག་གཞུང་གིས་དྲ་རྒྱའི་བརྒྱུད་ལམ་སྐད་འཕྲིན་དང་པེ་ཏོའུ། ཁོའུ་ཁོའུ་སོགས་བེད་སྤྱོད་གཏོང་མཁན་རྣམས་སུ་དོན་ཚན་དགུ་ཡིས་ཉེན་བརྡ་ཡོད་པ་མ་ཟད་བོད་ཀྱི་མིང་དམིགས་གསལ་གྱིས་དོན་ཚན་དགུའི་ནང་དུ་འཁོད་འདུག མི་མང་གིས་རང་དབང་ལྡན་པའི་ཐོག་བེད་སྤྱོད་གཏོང་བར་སྟངས་འཛིན་དམ་དྲག་དང་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྟབས་བསྟུན་གྱིས་ལག་བསྟར་བྱེད་ཀྱི་ཡིན་པའི་གསར་འགྱུར་སྤེལ་བ་མ་ཟད། བོད་པ་རྣམས་ཀྱིས་ཁ་པར་དང་སྤྱི་ཚོགས་བརྒྱུད་ལམ་བེད་སྤྱོད་གཏོང་བ་ད་སྔ་དམ་དྲག་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག

དེ་ཡང་བོད་དམིགས་གསལ་གྱིས་ཚུད་པའི་དོན་ཚོན་དགུ་དེ་ནི། འདི་ཟླའི་ཕྱི་ཚེས་༠༧ནས་བཟུང་ཁྱབ་བསྒྲགས་བྱས་ཡོད་ཅིང་། དོན་དག་ནི།
༡ བརྗོད་གཞི་ཆབ་སྲིད་དང་འབྲེལ་བ།
༢ དཀྲོག་གཏམ།
༣ ནང་ཁུལ་ཡིག་ཆ་རིགས།
༤ འཆལ་སྤྱོད་དང་ཉལ་ཐ། དྲག་སྤྱོད་པར་འབྲེལ་བ་འཛིན་པ།
༥ གཞུང་འབྲེལ་ཡིག་ཆ་དང་མི་མཐུན་པར་བོད་དང་ཐེ་ཝན། ཞང་ཀང་དང་ཨོ་མན་སྐོར་ཁྱབ་བསྒྲགས་བྱེད་པ།
༦ དམག་དོན་གྱི་ཡིག་ཆ།
༧ རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་སྤེལ་བ།
༨ ཁུངས་ལུང་མེད་པའི་བརྙན་ཐུང་བརྒྱུད་དེ་ཉེན་རྟོགས་པར་དམའ་འབེབས་དང་མཐོང་ཆུང་བྱེད་པ།
༩ ཁྲིམས་དང་སྒྲིག་གཞིར་འགལ་བའི་བརྗོད་གཞི།

བོད་དང་སོགས་པོ་ཐེ་ཝན། ཞང་ཀང་དང་ཨོ་མན་སོགས་བརྒྱུད་ཀྱི་བརྒྱུད་ལམ་དོན་ཚན་དགུའི་ནང་དུ་ཚུད་ཡོད་པ་དང་། ལྷག་པར་ཨ་མདོའི་ཁུལ་གྱི་ས་གནས་མང་ཤོས་སུ་དམ་དྲག་ཤུགས་གནོན་དང་སོ་སོར་དབང་བའི་སྐད་འཕྲིན་སོགས་ཀྱི་བརྒྱུད་ལམ་བཀག་སྡོམ་བྱེད་བཞིན་ཡོད་འདུག

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།