choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ལྷ་ས་རུ་དམག་དཔུང་འགྲེམས་འཇོག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༡༧ཉིན་སྤེལ། ཉེ་ཆར་སྤྱི་ཟླ་༡༢པའི་ཚེས་༡༠ཉིན་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་དང༌། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ངོ་༢༠འཁོར་བའི་དུས་དྲན་ཉིན་མོ་དེར། རྒྱ་ནག་གཞུང་གིས་ཉེན་རྟོག་པ་དང༌། དྲག་ཆས་དམག་མི་བརྒྱ་ཕྲག་མང་པོ་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་འགྲེམས་འཇོག་བྱས་ཡོད་པ་རེད།

མ་ཚད་དེའི་ཉིན་མོར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་བ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ། གལ་སྲིད་འདྲ་དེའི་ཉིན་མོར་འདྲ་པར་སོགས་བརྒྱབ་ཚེ་པར་ཆས་གཞུང་བཞེས་གཏོར་རྒྱུ་ཡིན་ཚུལ་ཉེན་བརྡ་ཡང་བཏང་ཡོད་འདུག་པ་དང༌། དེ་རྗེས་བོད་ཀྱི་བུད་མེད་རྩོམ་པ་པོ་ཞིག་གིས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ལྷ་ས་རུ་གནས་ཚུལ་ག་རེ་འབྱུང་ཡོད་མེད་ཀྱི་རྒྱུད་རིམ་དང་འདྲ་པར་སོགས་ཁོ་མོའི་དྲ་ཚིགས་ཐོག་བཀོད་ཡོད་པ་རེད།

རྩོམ་པ་པོ་འོད་ཟེར་ལགས་ཀྱིས། ཉིན་མོ་དེར་འཛམ་གླིང་ཁྱོན་དུ་མི་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང༌། གཟེངས་རྟགས་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་དམག་མི་མང་པོས་བོད་ཀྱི་རྒྱལ་ས་ལྷ་ས་རུ་མིག་ལྟོས་ངན་པ་ཞིག་འཇོགསཡོད་པ་རེད་ཅེས་དང་།

ཡང་ཁོ་མོས་དེང་སང་རྒྱ་ནག་གཞུང་གིས་བོད་ནང་དུ་དོ་དམ་བྱེད་བཞིན་ཡོད་པ་དེར། ༧གོང་ས་མཆོག་གིས་རྒྱ་ནག་གི་དབང་འཛིན་པ་ཚོར་དྲང་བདེན་གྱི་ལམ་ནས་བཀའ་མོལ་གནང་གི་ཡོད་ཀྱང༌། རྒྱ་ནག་གཞུང་གིས་ན་ནིང་སྤྱི་ཟླ་༣པ་ནས་བཟུང་སྟེ་བོད་མི་རྣམས་འཛིོན་བཟུང་དང། བཀག་ཉར། བཙོན་འཇུག་ཁྲིམས་ཆད་སོགས་མུ་མཐུད་ནས་གཅོད་བཞིན་ཡོད་པ་རེད། དེར་བརྟེན། རྒྱ་ནག་དམར་ཤོག་གཞུང་གིས་ཆབ་སྲིད་སྐྱོང་ལུགས་འདི་ནི་སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས་སྤྱི་ཚོགས་འཆམ་མཐུན་སྐྲུན་བྱེད་ཀྱི་སྲིད་བྱུས་ཤིག་རེད་དམ་ཞེས་པ་ནི་དྲི་བ་ཞིག་ཆགས་ཡོད་པ་རེད།

དེ་དང་འདྲ་བ་ཉེ་ཆར་བོད་ཤར་ཕྱོགས་ལི་ཐང་ཁུལ་ཉག་ཆུ་ཁ་ལ། བོད་མི་བརྒྱ་ཕྲག་མང་པོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་བཀྲོལ་དགོས་པའིོ་ཞི་རྒོལ་བྱས་སྐབས་སུ། རྒྱ་ནག་གཞུང་གིས་དྲག་ཆས་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པ་རེད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་སྤྱི་ལོ་༢༠༠༥ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་ཞིག་རེད། ཐེངས་འདིར་བོད་མི་རྣམས་ཀྱིས་ཞི་རྒོལ་སྐབས། བོད་མི་༡༥༠ལྷག་འཛིན་བཟུང་དང༌། མི་གྲངས་༢༠ཙམ་ལ་རྨས་སྐྱོན་ཚབ་ཆེན་བཏང་ནས་དྲག་གནོན་བྱས་ཡོད་པ་རེད། མ་ཚད་ས་གནས་རྒྱ་གཞུང་གི་དབང་འཛིན་པ་ཚོས། གལ་སྲིད་བོད་མི་སུ་ཞིག་གིས་གནས་ཚུལ་དང་འདྲ་པར་སོགས་བཙན་བྱོལ་བོད་གཞུང་ཐེ་བའི་ཕྱིའི་རྒྱལ་ཁབ་ཁག་ལ་མཁོ་སྤྲོད་བྱེད་ཚེ། ལོ་༩ནས་༡༥བར་ཁྲིམས་ཐག་གཅོད་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།