དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བསོད་ནམས་རྒྱལ་བོ་ལགས་བཙོན་གྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༠༤ཉིན་སྤེལ། འདི་གར་གནས་ཚུལ་མཁོ་སྤྲོད་གནང་དོན། རྒྱ་གཞུང་གི་མནར་གཅོད་འོག་སྔ་གཞུག་ཏུ་རྒྱ་ནག་བཙོན་ཁང་དུ་ལོ་ངོ་༡༦རིང་བསྡད་པའི་བསོད་ནམས་རྒྱལ་བོ་ལགས་ད་ལྟ་བཙོན་གྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

225དེ་ཡང་གནས་ཚུལ་རྒྱུས་ལོན་ལྟར་ན། འདས་ཟླའི་ཕྱི་ཚེས་༢༧ཉིན། བོད་ཀྱི་ཆབ་སྲིད་བཙོན་པ་ད་ལྟ་རང་ལོ་ ༥༦ ཡིན་པའི་བསོད་ནམས་རྒྱལ་པོ་ལགས་བཙོན་གྲོལ་བྱུང་ཡོད་པ་དང་། ད་ལྟའི་ཆར་ཡུལ་དངོས་དམ་དྲག་གི་དབང་གིས་ཁོང་གི་བདེ་ཐང་གི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་ཐུབ་མི་འདུག

གཞན་ཡང་། བསོད་ནམས་རྒྱལ་པོ་ལགས་ནི་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་། ཡར་འབྲོག་ཁུལ་ནས་ཡིན་ཞིང་། སྤྱི་ལོ ༡༩༨༧  ཟླ་ ༩ ཚེས་ ༢༧ ཉིན་ལྷ་སར་ལངས་པའི་བོད་མིའི་ཞི་རྒོལ་ལས་འགུལ་ཁྲོད་མཉམ་ཞུགས་གནང་བར་བསྙད་ནས་རྒྱ་ནག་གཞུང་གིས་བསོད་ནམས་རྒྱལ་པོ་ལགས་འཛིན་བཟུང་བྱས་ཏེ་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། ཕྱིས་སུ་བཙོན་གྲོལ་ཐོབ་པ་དང་། ཡང་སྤྱི་ལོ་  ༡༩༩༢  ཟླ་  ༧ པར་ཡང་བསྐྱར་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་རིང་བཀར་ཉར་བྱས་རྗེས་གློད་བཀྲོལ་བཏང་། དེ་ནས་སྤྱི་ལོ་  ༢༠༠༦  ལོར་ཡང་བསྐྱར་འཛིན་བཟུང་བྱས་ཏེ་མི་ལོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད་འདུག

རྒྱ་ནག་གཞུང་གིས་བསོད་ནམས་རྒྱལ་པོ་ལགས་སྔ་གཞུག་ཐེངས་གསུམ་ལ་ཁོང་འཛིན་བཟུང་བྱས་ཏེ་གཅར་རྡུང་མནར་གཅོད་ཚད་ལས་འདས་པ་བཏང་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཉེས་མིང་འོག་ཁྱོན་བསྡོམས་མི་ལོ ༡༦ རིང་བཙོན་འཇུག་བྱས་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།