དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལི་ཐང་ཨ་ཀྲུག་བློ་བྷོ་ལོ་༡༠བཙོན་འཇུག་རྗེས་གློད་གྲོལ་ཐོབ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་ཚེས་༢༢ཉིན་སྤེལ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲང་བདེན་མིན་པའི་སྲིད་བྱུས་ལ་རྒྱལ་གཅེས་ཕུལ་བྱུང་གི་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ཀྱིས་༢༠༠༧ལོར་བོད་མདོ་ཁམས་ལི་ཐང་དུ་ཞི་བའི་ངོ་རྒོལ་གནང་རྗེས་འཛིན་བཟུང་གིས་བཙོན་འཇུག་མི་ལོ་༡༠མྱངས་པའི་ཨ་ཀྲུག་བློ་བྷོ་ལགས་གློད་གྲོལ་ཐོབ་ཡོད་འདུག

Atuk-Lobo-Lithang-Tibet-Peopleདེ་ཡང་ཕྱི་ལོ་༢༠༠༧ཟླ་༨ཚེས་༡ཉིན་རུང་རྒྱས་ཨ་གྲགས་མཆོག་གིས་ལི་ཐང་བརྒྱད་གཅིག་རྟ་རྒྱུག་དུས་ཆེན་ཐོག་མང་ཚོགས་ཀྱི་མདུན་དུ། བོད་རྒྱ་མི་མང་སྟོང་ཕྲག་མང་པོའི་མདུན་ནས་ྋརྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་འཇུག་དགོས། ང་ཚོ་བོད་ལ་རང་དབང་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཉིས་ཀྱི་གཙོས་ཆབ་སྲིད་གཙོན་པ་རྣམས་མྱུར་ཏུ་སློད་གྲོལ་དགོས། ཅེས་སྐད་འབོད་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེན་གནང་ཡོད་པ་རེད།

Atuk-Lobo-Lithang-Tibetསྐབས་དེར་རུང་རྒྱས་ཨ་གྲགས་དང་ཁོང་གི་ཚ་བོ་ཨ་ཀྲུག་བློ་སྦོའི་གཙོས་བོད་མི་ཁག་ཅིག་འཛིན་བཟུང་གིས་རྒྱལ་ཁབ་མགོ་གཏིང་སློག་པ་དང༌། རྒྱལ་ཁབ་གྱི་གསང་བ་ཕྱིར་བསྒྲགས་བྱས་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་བཏང་བ་སོགས་ཀྱི་ཉེས་མིང་གང་འདོད་འདོད་བཏགས་ཏེ་ལོ་༣ནས་༡༠བར་གྱི་ཁྲིམས་ཐག་མི་འདྲ་བ་སོ་སོར་བཅད་པའི་ནང་ནས་ལོ་མང་ཤོས་ཉེས་མེད་ཁྲིམས་ཆད་ཕོག་པའི་ཁོང་གི་ཚ་བོ་དང༌། ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་ཕྱི་ལོ་༢༠༡༧ཟླ་༨ཚེས་༢༡གི་མཚན་མོ་ཚོུད་༡༡ཙམ་ཞིག་ལ་སློད་གྲོལ་བཏང་འདུག ཅེས་བོད་མི་མིང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟེན་ལགས་ཀྱིས་ཕྱི་ལོ་༢༠༡༧ཟླ་༨ཚེས་༢༢ཉིན་འགྲེལ་བརྗོད་གནང་འདུག

འོན་ཀྱང་ཁོང་རང་ཁྱིམ་དུ་འབྱོར་སྐབས་ཁུལ་དེའི་མི་མང་གིས་ཕེབས་བསུ་གང་འདྲ་ཞུས་ཡོད་མེད་དང་ད་ལྟའི་ཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ག་འདྲ་ཡིན་མིན་སོགས་ཀྱི་གནས་ཚུལ་ཇི་བཞིན་ཤེས་ཀྱི་མི་འདུག ཅེས་འགྲེལ་བརྗོད་གནང་འདུག་ཀྱང༌། བཙོན་གྲོལ་ཐོབ་རྗེས་ཀྱི་པར་གཅིག་ཏུ་ཁོང་ལ་ཕེབས་བསུ་གཟབ་རྒྱས་ཞུས་པའི་རྣམ་པ་ཐོན་འདུག་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།