དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གྲྭ་སྒོ་དམར་ཆོས་འཕེལ་ལགས་གློད་གྲོལ་བཏང་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༨།༡༥ཉིན་སྤེལ། དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ལ་ལོ་གཉིས་བཙོན་འཇུག་ཁྲིམས་ཐག་གཅད་པའི་ལོ་ཚད་ལོངས་ཏེ་གློལ་གྲོལ་བཏང་བའི་གནས་ཚུལ་འདུག

Tibet-Chupal-2017དེ་ཡང་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ཟླ་སྔོན་མའི་ཕྱི་ཚེས་༡༠ཉིན། ཨ་མདོ་རེབ་ཀོང་དུ། རྒྱ་ནག་ས་གནས་སྲིད་གཞུང་གིས་ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་གི་སྐུ་པར་བརྒྱུད་སྐུར་དང་ཉར་ཚགས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་པའི་ཉེས་མིང་འོག དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ལ་ལོ་གཉིས་བཙོན་འཇུག་ཁྲིམས་གཅད་པའི་ལོ་ཚད་ལོངས་ཏེ་གློལ་གྲོལ་བཏང་བའི་གནས་ཚུལ་འདུག

དེར་བརྟེན། ༢༠༡༥ ལོའི་ཟླ་ ༧ ཕྱི་ཚེས་ ༡༠ ཙམ་ལ། རེབ་གོང་ཐུན་རིན་རྫོང་ཉེན་རྟོག་པས་གྲྭ་སྒོ་དམར་ཆོས་འཕེལ་ལགས་ཀྱི་བཞུགས་ཤག་ཏུ་སྔོག་བཤེར་བྱས་ཏེ།  ༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་པ་ནག་ཉེས་སུ་རྩིས་ཏེ་འཛིན་བཟུང་བཙན་ཁྲིད་བྱས་ནས་ཟླ་ངོ ༧ ལྷག་ལ་བཀག་ཉར་བྱས།
 
ཕྱི་ལོ༢༠༡༦ ཟླ ༢ ཚེས་ ༡༧ ཉིན་རྨ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་གི་སྐུ་པར་བརྒྱུད་སྐུར་དང་ཉར་ཚགས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་པའི་ཉེས་མིང་འོག དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ལ་ལོ་གཉིས་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་རེབ་གོང་རྫོང་གི་བྲག་དམར་འོག་བཙོན་ཁང་ནས་མཚོ་སྔོན་ཞིང་ཆེན་མུན་ཡོན་རྫོང་ ཧོ་མིན་ཞང་གི་བཙོན་ཁང་དུ་ཁྲིད།

གཞན་ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་ན།
རྒྱ་ནག་གཞུང་གིས་༢༠༡༥ ལོར་འཛིན་བཟུང་བཙན་ཁྲིད་བྱས་པའི་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས། ཟླ་སྔོན་མར་མཚོ་སྔོན་མུན་ཡོན་རྫོང་ གི་ (  门源县 青海浩门农场 )བཙོན་ཁང་ནས་གློད་གྲོལ་བཏང་འདུག ཅེས་དང་།

ཡང་ཁོང་གིས་བརྗོད་དོན། སྒོ་དམར་ཆོས་འཕེལ་ལགས་ཀྱིས་( འདྲ་མཉམ་མེད་ན་ཞི་འཇགས་མེད ) ཞེས་༧གོང་ས་མཆོག་གི་སྐུ་པར་བརྒྱུད་སྐུར་དང་ཉར་ཚགས་བྱས་པར་བརྟེན་འཛིན་བཟུང་བྱས་པ་རེད། ཁོང་ད་ལྟ་རོང་པོ་དགོན་ཆེན་གྱི་འཚོགས་ཚོས་ར་སོགས་འགྲིམས་བཞིན་ཡོད་འདུག་ཀྱང་གནས་སྐབས་རིང་ས་གནས་གཞན་ལ་གང་འདོད་དུ་འགྲོ་བསྐྱོད་མི་ཆོག་པར་ས་གནས་ཉེན་རྟོག་པས་དོ་དམ་འོག་བཞག་ཡོད་འདུག ཁོང་བཙོན་གྲོལ་བཏང་རྗེས་དགོན་པའི་གྲྭ་བ་དང་ཤ་ཉེ་འབྲེལ་སོགས་གང་མང་འཚམས་འདྲིར་བཅར་ཡོད་ཀྱང་། འདྲ་པར་བསྐྱོན་པ་སོགས་ཉེན་རྟོགས་པས་བཀག་སྡོམ་བྱས་ཡོད་འདུག ཅེས་བརྗོད་སོང་།

dfདེ་མིན།
མཚོ་སྔོན་ཞིང་ཆེན་མུན་ཡོན་རྫོང་ཧོ་མིན་ཞང་གི་བཙོན་ཁང་ཞིག་དུ་བཀག་ཉར་བྱས་པ་དང་ནང་མི་ཉེ་འབྲེལ་ཚོ་བཙོན་ཁང་ནང་དུ་ཐུག་འཕྲལ་དུ་ཟླ་རེར་ཐེངས་གཅིག་རེ་ཐུག་ཆོག བཙོན་ཁང་དུ་རྒྱ་སྐད་བཤད་ན་སྐར་མ་༣༠་ཁ་བརྡ་བྱེད་ཆོག་ལ། བོད་སྐད་བཤད་ན་སྐར་མ་༥་ལས་བཤད་ཆོག་གི་མི་འདུག ནང་མི་དང་ཕན་ཚུན་ཁ་བརྡ་བྱེད་དུས་བཙོན་པ་གཞན་དང་མི་འཚུངས་བར་ཆབ་སྲིད་བཙོན་པ་ཡིན་ཚེ་ཉེན་རྟོག་པས་ཉེ་འཁྲིས་སུ་དོམ་དམ་ནན་མོར་ཐོག་བརྙན་ལེན་པ་སོགས་བྱེད་ཀྱི་ཡོད་འདུག  སྐབས་རེར་རྒྱ་སྐད་མི་ཤེས་པའི་ཉེ་འབྲེལ་རྣམས་ཁ་བརྡ་བྱེད་ཆོག་གི་མི་འདུག
ཁོང་གིས་བཙོན་ཁང་དུ་ཉིན་རེར་ཆུ་ཚོད་༡༥་རེར་དམག་ལྭ་དང་། གྱོན་ཆས་བྱ་སྤུའི་རིགས་བཟོ་བ། ལྕགས་རྭ་སོགས་ཀྱི་ལས་ཀ་བཀོད་ཡོད་འདུག ཚོང་རྫས་དེ་དག་ནི་རྒྱ་ནག་གི་ཕྱུག་བདག་ཚོང་པ་ཚོར་སྡེབ་བཙོང་བྱེད་ཀྱི་ཡོད་འདུག
 
གཞན་ཡང་། བཙོན་ཁང་དུ་བལྟ་རུ་འགྲོ་སྐབས་ནང་མིའི་ཐེམ་ཐོ་ཁྱེར་ནས་ས་གནས་ཉེན་རྟོག་པས་ངེས་སྦྱོར་བདེན་དཔང་ཡིག་ཆ་( མཚོ་སྔོན་ཞིང་ཆེན་གྱི་མུན་ཡོན་བཙོན་ཁང་ལ་ཐུག་འཕྲད་བྱེད་པའི་དཔང་ཡིག )  ( 青海省门源监狱探视证)བླངས་སྟེ་མཉམ་འཁྱེར་བྱེད་དགོས་པ་དང་། མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནས་མུན་ཡོན་རྫོང་གི་བཙོན་ཁང་བར་དུ་སྤྱི་ལེ་༡༣༤ ཡོད་པ་དང་རླངས་འཁོར་ནང་ཆུ་ཚོད ༢ སྐར་ ༣༨ རིང་འགྲོ་དགོས་ཀྱི་ཡོད་ཅིང་། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ར་བ་ཟེར་བའི་བཙོན་ཁང་རྣམས་སྒོ་རྒྱབ་ཡོད་ཚུལ་བརྗོད་དེ་དེང་སྐབས་བཙོན་ཁང་མིང་ལ་ཞིང་ལས་ར་བ་ཅེས་བཏགས་འདུག ཅེས་དང་།

དེ་མིན། དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ནི་སྒོ་དམར་སྡེ་བའི་ཕ་ཀླུ་བྱམས་ཀྱི་བུ་ཡིན་ཞིང་། ད་ལྟ་དགུང་ལོ་ ༤༨ ཡིན་ལ།  རེབ་གོང་རོང་པོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་ཡིན་པ་དང་། རྒྱུན་དུ་ཡ་རབས་ཚུལ་མཐུན་དང་སློབ་སྦྱོང་ལ་བརྩོན་ཞིང་དགོན་པ་ནས་བསླབ་པ་མཐར་སོན་པའི་དགེ་འདུན་པ་རྒན་གྲས་ཤིག་ཡིན་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།