དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བོད་ལྔ་བ་ཁུལ་དུ་ས་ཡོམ་༦།༥ཅན་ཞིག་རྒྱབ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༨།༠༩ཉིན་སྤེལ། སི་ཁྲོན་ཞིང་ཆེན་ལྔ་བ་ཁུལ་གཟི་ཚ་སྡེ་དགུ་རྫོང་ལ་ས་ཡོམ་ཚད་རིམ་༦།༥ཅན་གྱི་ས་ཡོམ་རྒྱབ་སྟེ་ཡུལ་སྐོར་བ་ལྔ་གསད་ཡོད་པ་དང་མི་བརྒྱ་ཙམ་ལ་རྨས་སྐྱོན་ཕོགས་པའི་གནས་ཚུལ་འདུག

དེ་ཡང་ཕྱི་ཚེས་༠༨ཉིན་གྱི་དགོང་མོར།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རུ་ས་ཡོམ་ཚད་རིམ་༦།༥ཅན་ཞིག་བརྒྱབ་སྟེ་མི་རྒྱུ་གཉིས་ཀར་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་དང་།
བོད་ནང་གི་དགོང་མོའི་ཆུ་ཚོད༩།༡༩ཐོག གཟི་ཚ་སྡེ་དགུ་རུ་ས་ཡོམ་རྒྱབ་པའི་སྐོར་རྒྱ་ནག་གཞུང་འབྲེལ་དྲ་བའི་སྒང་དུ་གཞིགས་ན། ཡུལ་སྐོར་བ་ལྔ་གསད་ཡོད་པ་དང་། མི་བརྒྱ་ཙམ་ལ་རྨས་སྐྱོན་ཕོགས་ཏེ་སྨན་བཅོས་བྱེད་བཞིན་ཡོད་པར་བརྗོད་འདུག

ཡང་། སྤྱི་ཚོགས་བརྒྱུད་ལམ་ལ་བཀོད་པའི་པར་དང་བརྙན་ཐུང་སོགས་སུ་འཁོད་པའི་གནས་ཚུལ་ལྟར་ན། ཁང་པ་རྡིབ་སྐྱོན་དང་འགྱེལ་བ། མི་དང་རྒྱུ་དངོས་ལ་རང་བྱུང་གོད་ཆགས་བྱུང་བའི་རྣམ་པ་གསལ་ཞིང་།
ས་ཡོམ་གྱི་འགུལ་ཤུགས་ཀྱིས་ཉེ་ཁུལ་མཛོད་དགེ་དང་རྨ་ཆུ། གཅིག་སྒྲིལ། པདྨ་སོགས་སུ་རྒུལ་ཤུགས་སྤྲད་ཡོད་པ་མ་ཟད། ཞིང་ཆེན་དེ་གའི་གྲོང་ཁྱེར་ཆེ་ཤོས་ཁྲི་འདུ་ལ་ཡང་ས་ཡོམ་གྱི་རྒུལ་ཤུགས་སྤྲད་ཡོད་འདུག

གཞན་ཡང་། ཞིང་ཆེན་དེ་གའི་ས་ཡོམ་ཞིབ་འཇུག་ཚོགས་ཆུང་གིས་བརྗོད་པ་ལྟར་ན། ས་ཡོམ་དེ་ནི་ཞིང་ཆེན་དེ་གའི་བོད་ལྔ་བ་རྫོང་ཁུལ་འཁེལ་ཡོད་པར་བརྗོད་འདུག

དེ་མིན། ཁུལ་དེ་རུ་བོད་ཀྱི་རོང་འབྲོག་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད་པ་མ་ཟད། རང་བྱུང་ཁོར་ཡུག་དང་རི་དྭགས་སྲུང་སྐྱོབ་ཁང་དང་། མིང་དུ་གྲགས་པའི་ཡུལ་སྐོར་བའི་མཛེས་ལྗོངས་གཟི་ཚ་སྡེ་དགུ་སོགས་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།