དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

སྤྲུལ་སྐུ་བློ་བཟང་ལགས་རྒྱ་ནག་ཉེན་རྟོགས་པས་བཙན་ཁྲིད་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༨།༠༤ཉིན་སྤེལ། ཁམས་སེར་ཤུལ་གྱི་སྤྲུལ་སྐུ་བློ་བཟང་ལགས་དར་རྩེ་མདོ་རྒྱ་གཞུང་གིས་འབོད་འགུག་གིས་བཙན་འཁྲིད་བྱས་ཏེ་ཉིན་བཞི་འགྲོ་བཞིན་ཡོད་ནའང་། ད་རུང་ཅི་ཡིན་འདི་ཡིན་གྱི་ཡ་ལན་སྤྲད་མེད་པའི་གནས་ཚུལ་ཞིག་འདུག

250bd025-a54b-4f04-bdff-e25469ab9299དེ་ཡང་འདས་ཟླའི་ཕྱི་ཚེས་༢༡ཉིན་
བོད་ཁམས་བོ་རོད་དགོན་གྱི་སྤྲུལ་སྐུ་བློ་བཟང་ལགས། དར་རྩེ་མདོ་རྒྱ་གཞུང་ལས་ཁུངས་ནས་ཁ་པར་འབྱོར་དེ་འབོད་འགུག་བྱས་ཤིང་། དེ་གར་འབྱོར་འཚམས་སུ་གསལ་བཤད་གང་ཡང་མེད་པའི་སྒོ་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་རུང་གློད་གྲོལ་བཏང་མེད་པར་མ་ཚད་ད་ལྟ་ས་གནས་གང་ཞིག་ཏུ་བཀག་ཉར་བྱེད་ཡོད་མེད་ཀྱང་ཤེས་རྟོག་མེད་པའི་གནས་སྟངས་འོག་ཡོད་ཅིང་། ལྷ་སྡེ་མང་ཚོགས་ཀྱིས་སྤྲུལ་སྐུ་བློ་བཟང་ལགས་མྱུར་རུ་གློད་གྲོལ་ཡོང་བར་རེ་འབོད་མུ་མཐུད་དུ་བྱེད་བཞིན་ཡོད་འདུག

གཞན་ཡང་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་དེའི་སྐོར་ནས་བརྗོད་དོན། བོད་ཁམས་ཟི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་མང་དགེ་ཡུལ་ཚོའི་བོད་རོད་དགོན་གྱི་སྤྲུལ་སྐུ་བློ་བཟང་ལགས་རྒྱ་མིའི་ཉེན་རྟོགས་པའི་འབོད་འགུག་བྱས་པའི་ཉིན་གཉིས་པར། ཡུལ་མི་དང་ཡུལ་ཚོའི་མི་འགའ་ཉེན་རྟོགས་ཁང་ལ་སྐད་འདྲི་བར་སོང་ཀྱང་རུང་། སྐད་ཆ་གསལ་བོ་གཅིག་ཀྱང་བཤད་མེད་པར་བརྗོད་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།