དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྐུ་འབུམ་དགོན་ཡུལ་སྐོར་སྤྲོ་འཆམ་བྱེད་སར་བསྒྱུར་བཞིན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧།༡༣ཉིན་སྤེལ། སྐུ་འབུམ་དགོན་པ་ནི་དངོས་མང་བཤམས་སྟོན་ཁང་དང་ཡུལ་སྐོར་སྤྲོ་འཆམ་བྱེད་སར་བསྒྱུར་བར་རྒྱ་ནག་གིས་ལས་གཞི་སྤེལ་བཞིན་པའི་གནས་ཚུལ་འདུག

འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་བཞིགས་ན། ཨ་མདོ་མཚོ་སྔོན་ཟི་ལིང་གི་ཉེ་མཁྲིས་སུ་ཡོད་པའི་སྐུ་འབུམ་དགོན་པ་ནི། ས་གནས་རྒྱ་དམར་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་དང་དངོས་མང་བཤམས་སྟོན་ཁང་ལྟ་བུར་བསྒྱུར་རྒྱུའི་ཇུས་ངན་འཐེན་ཞིང་ལག་བསྟར་ལེན་འགོ་བཙུགས་སྐབས་སུ། ས་གནས་ཡུལ་མི་དང་དགོན་པའི་བླ་གྲྭ་ཡོངས་ཀྱིས་འདོད་པ་མེད་པའི་སྙན་སེང་དོན་ཚན་དགུ་ཅན་ཞིག་རུ་གསར་གྲོང་ངམ་ཧོང་ཀྲུང་རྫོང་སྲིད་གཞུང་ལ་ཕུལ་ཡོད་པའི་གནས་ཚུལ་འདུག

Tibet-tourist-2017འདི་ཟླའི་ཕྱི་ཚེས་༡༠ཉིན། འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན། བོད་མདོ་སྨད་མཚོ་སྔོན་ཟི་ལིང་ཉེ་མཁྲིས་ཀྱི་སྐུ་འབུམ་དགོན་པ་ནི་རྒྱ་ནག་གིས་ཡུལ་སྐོར་སྤྲོ་འཆམ་བྱེད་ས་དང་དངོས་མང་བཤམས་སྟོན་ཁང་ལ་བསྒྱུར་རྒྱུའི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་བཞིན་པར་ས་གནས་ཡུལ་མི་དང་སྐུ་འབུམ་དགོན་གྱི་བླ་གྲྭ་རྣམས་ཀྱིས་དེ་ལྟར་བྱས་མི་ཆོག་པའི་ཡིག་ཆ་དོན་ཚན་དགུ་ཅན་ཞིག་སྐུ་འབུམ་དགོན་གྱི་ལས་ཤོག་སྟེང་དུ་ས་གནས་རྫོང་སྲིད་གཞུང་ལ་འབུལ་ཡོད་པ་དང་། དེ་མིན་སྐུ་འབུམ་དགོན་པ་ནི་ཆོས་ཀྱི་ལྟེ་གནས་ཤིག་ཡིན་ཞིང་། ད་ལྟ་རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་སུ་བསྒྱུར་བར་ཡུལ་མི་མང་པོས་འདོད་མེད་པའི་བསམ་འཆར་བཏོན་སྟེ། སྐུ་འབུམ་དགོན་གྱི་ལས་སྣེ་སུ་རྒྱ་མིའི་མི་སྣ་ཡོད་པ་དག་གིས་རྒྱ་མིའི་ས་གནས་དཔོན་པོ་དང་ངན་པ་ལག་སྦྲེལ་བྱས་ཏེ། སྐུ་འབུམ་དགོན་གྱི་ཡུལ་ལྗོངས་མང་པོ་ཞིག་ཡུལ་སྐོར་སྤྲོ་འཆམ་བྱེད་སར་བསྒྱུར་བ་དང་། ས་གནས་མི་མང་དང་དད་ལྡན་མཆོད་འཇལ་བ་མང་པོ་ཞིག་ལ་མཆོད་མཇལ་བྱེད་པར་དཀའ་ངལ་རབ་དང་རིམ་པ་ཕྲད་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་སོང་།

Tibet-petition-2017དེ་ཡང་སྐུ་འབུམ་དགོན་གྱི་ལས་ཤོག་ཐོག་ས་གནས་ཧོང་ཀྲུང་རྫོང་གི་འགོ་ཁྲིད་ལས་བྱེད་ཡོངས་སུ་སྐུ་འབུམ་དགོན་གྱི་བླ་སྤྲུལ་མཁན་ཆེན་གཙོས་གྲྭ་བ་ཡོངས་ཀྱིས་འབོད་སྐུལ་ཞུས་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དོན་ཚན་དགུ་ཡོད་པ་དང་། དེའི་ནང་དོན་མདོར་བསྡུས་ན། ལོ་ངོ་༦༠༠ལྷག་གི་ལོ་རྒྱུས་ལྡན་ཞིང་སྟོན་པའི་བཀའ་རྗེས་འབྲངས་བྱེད་པའི་རྒྱལ་བ་ཙོང་ཁ་པའི་གདན་ས་འདི་ནི་བོད་ཕྱི་ནང་གཉིས་ཀྱིས་གནས་རྩ་ཆེན་པོར་བརྩི་བ་དང་དད་པ་བྱེད་སའི་ཆོས་ཀྱི་གདན་ས་ཞིག་ཡིན་ཞིང་། རྒྱ་མིའི་ས་ནགས་དཔོན་པོ་རྣམས་དང་ངན་པ་ལག་སྦྲེལ་བྱས་ཏེ་ལྟ་སྐོར་བྱེད་ས་དང་དངོས་མང་བཤམས་སྟོན་ཁང་ལྟ་བུར་བསྒྱུར་བར་དང་ལེན་བྱེད་ཐུབ་ཀྱི་མེད་ལ། སྐུ་འབུམ་དགོན་གྱི་ལོ་རྒྱུས་ནང་དུ། དངོས་བཤུས་ལྔ་བརྒྱ་ལྷག་དང་དངོས་རྫས་རྩ་ཆེན་འབུམ་ལྷག་སོགས་ཡོད་ལ། བོད་པ་གཙོས་ནང་སོགས་མང་པོ་ཞིག་གིས་དད་པའི་ངང་ནས་མཆོད་འབུལ་དང་ཞལ་འདེབས་གནང་བའི་འབྲེལ་བ་དང་དམ་ཚིག རྩེ་བ་འཚམས་གཅོད་པར་བྱེད་ཀྱིན་པ་དང་། འདི་ནི་ང་ཚོས་སྔོན་གྱི་ལོ་རྒྱུས་ལྟར་ཆད་དུ་མི་འཇུག་པར་མཆོད་མཇལ་བ་ག་དུས་ཡོང་ཡོང་བྱེད་ཀྱི་ཡིན། ཞེས་དང་།

ཡང་། སྐུ་འབུམ་དགོན་པ་ནི་ཚོང་ལས་བསྒྱུར་བ་ལྟ་བུར་གྱུར་བཞིན་འདུག ཡིན་ནའང་། སྐུ་འབུམ་དགོན་གྱི་གནའ་བཤུས་དང་རིག་དངོས་ནི་རྒྱལ་ཁབ་ཀྱིས་སྲུང་སྐྱོབས་བྱེད་པའི་ནང་ཚུལ་ཡོད་ཅིང་། འདི་ནི་རྫོང་མི་མང་སྲིད་གཞུང་གིས་མི་ཉམས་རྒྱུད་འཛིན་དང་གོང་སྤེལ་གཏོང་བར་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། སྐུ་འབུམ་དགོན་པ་ནི་རྒྱལ་གཅེས་ཆོས་གཅེས་སུ་བརྩི་སྲུང་བྱེད་མཁན་ཞིག་ཡིན་མོད། རྒྱ་ནག་ས་གནས་གཞུང་གི་བྱེད་སྟངས་འདི་ཡིས་བརྟན་གནས་མེད་པ་དང་མཐུན་སྒྲིལ་མེད་པའི་དོན་རྐྱེན་ཆེན་པོ་ཞིག་བཟོ་ཡི་འདུག རྗེས་སུ་དོན་རྐྱེན་ཆེན་པོ་བྱུང་བ་ཡིན་ན་ང་ཚོས་དགོན་པའི་དོ་དམ་ལྷན་ཁང་ནས་འགན་འཁུར་གྱི་མིན་ལ། ཞིང་ཆེན་དང་རྒྱལ་ཁབ་ཀྱི་དོ་དམ་ཚན་པ་ཡོངས་སུ་དངོས་ཡོད་གནས་ཚུལ་སྙན་སེང་ཞུ་རྒྱུ་ཡིན་པ་བཅས་འཁོད་འདུག

དེ་ཡང་འབྲེལ་ཡོད་མི་སྣས་ཡུལ་དངོས་ཀྱི་བརྙན་ཐུང་འགའ་འདི་གར་བཏང་བའི་ནང་དུ། སྐུ་འབུམ་དགོན་གྱི་བླ་གྲྭ་ཚང་མས་འདོད་པ་མེད་པའི་རྣམ་འགྱུར་དང་སྐད་ཆ་མང་པོ་བཤད་པ་མཐོང་ལ། ད་ལྟ་གནས་ཚུལ་ཇི་འདྲར་གྱུར་མིན་སྐོར་གསལ་བོ་ལོན་ཐུབ་མ་སོང་།

imagesགཞན་ཡང་། སྐུ་འབུམ་བྱམས་པ་གླིང་ནི་མཚོ་སྔོན་ཞང་ཆེན་ཧོར་ཀྲུང་རྫོང་གི་ཁོངས་གཏོགས་སུ་ཡོད་ལ། ཟི་ལིང་ནས་སྐུ་འབུམ་བར་སྤྱི་ལེ་ཉེར་ལྔ་ཡོད། དེར་སྐུ་འབུམ་ཟེར་དོན་ནི་རྗེ་ཙོང་ཁ་བ་ལྟེ་ཁྲག་འཕོས་ས་ནས་ཤིང་ཙན་དན་གྱི་ལྗོན་པ་ཞིག་སྐྱེས་བར་བཤད་ལ།  ལྗོན་པ་དེའི་ལོ་མ་རེ་རེའི་སྟེང་ན་རྒྱལ་བ་སེང་གེ་ང་རོའི་སྐུ་རེ་ཡོད་པས་སྐུ་འབུམ་ཞེས་མིང་དུ་ཐོགས། དགོན་པའི་མཚན་ནི་རྗེ་སྐུ་འབུམ་བྱམས་པ་གླིང་ཞེས་བྱ་སྟེ། དེའི་གོ་དོན་ནི་ཙན་དན་སྡོང་བོའི་ལོ་མ་འབུམ་གྱི་སྟེང་དུ་སྐུ་གཟུགས་འབུམ་རང་བྱོན་དུ་བབས་པའི་དོན་ཏེ། རྒྱའི་སྐད་དུ“ཐཱ་ཨར་སི”ཟེར་བ་ནི་ཐོག་མར་མཆོད་རྟེན་བཞེངས་པ་དང་རྗེས་སུ་དགོན་པའི་མིང་དུ་ཆགས་པ་ཡིན། དགོན་པ་འདི་ནི་སྤྱི་ལོ་༡༥༧༠ལོའི་རྗེ་ཙོང་ཁ་བའི་བཏབ། བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཡིན་པར་གྲགས་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།