དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མདོ་ཁམས་སྡེ་དགེ་ཁུལ་དུ་ཆུ་ལོག་གི་གནོད་སྐྱོན་ཐེབས་ཡོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་༧ཚེས་༩ཉིན་སྤེལ། བོད་མདོ་ཁམས་སྡེ་དགེ་ས་ཁུལ་ཁག་འགའ་ལ་ཉིན་མཚན་མང་པོའི་རིང་ཆར་པ་རྒྱུན་ཆད་མེད་པར་འབབས་པར་བརྟེན་ཆུ་ལོག་གི་གནོད་སྐྱོན་ཐེབས་ཡོད་འདུག

Tibet-Dege-Kham-Flood-2017དེ་ཡང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ནས་གནས་ཚུལ་སྤེལ་དོན། ཁ་སང་དེ་རིང་དབྱར་ཁའི་ཆར་དུས་སུ་ཁེལ་ཡོད་དུས་སྡེ་དགེ་ལྷུན་གྲུབ་སྟེང་དང༌། འཇོ་མདའ། འགོ་མདའ། སྨན་ཤོད་བཅས་སྡེ་དགེའི་ས་ཆ་འགའ་ལ་ཉིན་མཚན་མང་པོའི་རིང་ཆར་པ་འབབས་སྟེ་དབྱར་ཆུ་རྒྱས་པའི་དཀའ་ངལ་འོག་སྡོད་ཁང་དང༌། ཟམ་པ་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་འདུག

དེའང་ཟླ༧ཚེས་༦ཉིན་སྡེ་དགེ་མཐིལ་ནས་ཟིལ་ཆུ་རྒྱས་ཏེ་ལམ་ངོགས་ཀྱི་སྡོད་ཁང་རེ་ཉིས་ལ་གཏོར་སྐྱོན་ཐེབས་པ་དང༌། ས་རུད་དང་ཆུ་ཤུལ་དོད་པ་བྱུང་བ་དང༌། སྐབས་འདི་དག་ཏུ་ཆུ་ལོག་གི་ཉེན་སྐྱོབ་བྱས་ཏེ་ཕན་ཐོགས་གང་འཚམས་བྱུང་ཡོད་པ་སོགས་ཀྱིས་སྡེ་དགེ་མཐིལ་ནས་ད་བར་མིའི་ཚེ་སྲོག་ལ་གནོད་སྐྱོན་ཐེབས་མི་འདུག སྟབས་ལེགས་པ་ཞིག་ལ་དེ་རིང་ནས་ཆུ་ཅུང་བྲི་འགྲོ་བཞིན་ཡོད་འདུག ཡིན་ནའང་ལམ་བར་འགྲུལ་བཞུད་བྱེད་མི་ཚོས་ད་དུང་གཟབ་གཟབ་ཏན་ཏན་བྱེད་དགོས་པའི་ཉེན་ཁ་ཡོད་མུས་སུ་རེད།

ཡང་ཚེས་༨ཀྱི་སྔ་དྲོའི་ཆུ་ཚོད་༡༠པ་ཙམ་གྱི་སྟེང་ན་སྡེ་དགེ་འཇོ་མདའ་ཕྱོགས་སུ་འཛི་ཆུ་རྒྱས་ཏེ་སྡོད་ཁང་སོགས་ལ་དཀའ་ངལ་ཅི་ཆེ་འཕྲད་ཡོད་འདུག་ལ། དེས་བས་ཀྱང་འགོ་མདའ་ཕྱོགས་ནས་ཁང་བདག་བོད་མི་ཡིན་པའི་ཁང་པ་ཐོག་བརྩེགས་༥ཅན་ཞིག་བསྒྲིལ་ཡོད་པ་སོགས་ཀྱིས་རྒྱུ་དངོས་ལ་གྱོང་གུད་ཆེན་མོ་ཐེབས་ཡོད་འདུག་ལ། ད་བར་གོ་བ་ལྟར་ན་འཇོ་མདའ་ཕྱོགས་ནས་རྒྱ་མི་གཉིས་དང༌། དམག་མི་༡བཅས་མི་གསུམ་ཙམ་གྱི་ཚེ་སྲོག་ཤོར་ཡོད་པའི་སྐད་ཆ་ཡང་གོ་རྒྱུ་འདུག

སྤྱིར་བཏང་འཛི་ཆུ་འདི་སྟོད་འཛི་སྒར་ཕྱོགས་ནས་འབབ་ཡོང་བཞིན་ཡོད་པར་བརྟེན། འཛི་སྒར་དགོན་པའི་ཟུར་ནས་ཀྱང་རྒྱ་མི་དོ་དམ་ལས་ཁུངས་ཀྱི་ལྕགས་རི་ཆུས་ཁྱེར་སོང་ཡོད་འདུག་ལ། ཆུ་འདི་མར་འཇོ་མདའ་སྨད་ལ་བབས་ནས་འགོ་མདའ་སོགས་སུ་གནོད་སྐྱོན་ཐེབས་བཞིན་འདུག་པ་དང༌། དེས་མ་ཚད་འཇོ་མདའ་ག་གཟི་གྲོང་ཚོའི་བོད་ཁང་གཅིག་ཆུས་བསྒྲིལ་སོང་ཡོད་པ་བཅས་ཀྱི་གནས་ཚུལ་སྡུག་མོ་ཐོན་བཞིན་པ་རེད་ཅེས་བཀོད་འདུག

གཞན་ཡང་སྡེ་དགེ་སྨན་ཤོད་ཕྱོགས་སུའང་ཆུ་བྲུབས་པའི་དཀའ་ངལ་ཐོན་ཡོད་འདུག་ལ། ནམ་རྒྱུན་དང་མ་འདྲ་བ་ད་ལོ་ཆུ་ལོག་འདི་འདྲ་ཡོང་དོན་ནི་སྤྱིར་བཏང་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་པ་དང༌། གྲོང་ཁྱེར་ཁག་རྒྱས་སྤྲོས་ཅན་དུ་ཕྱིན་ཏེ་ལམ་ངོགས་སུ་ཆུ་ལམ་ཁ་ཞེང་ཆུང་དུ་སོང་ནས་ཉེན་འགལ་འདི་ཚོ་ཡོང་བཞིན་ཡོད་པ་བཤད་མཁན་ཡང་ཡོད་པ་རེད།

གང་ལྟར་ཕ་ས་ཕ་ཡུལ་ལ་གནས་ཚུལ་སྡུག་མོ་འདི་ཚོ་ཡོང་དུས་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ངོས་ནས་སེམས་འཚབ་དང་བཅས་གཞིས་བཞུགས་བོད་མི་ཚོར་འགྲོ་གཟབ་འདུག་གཟབ་ཀྱིས་རང་བྱུང་ཁམས་ཀྱི་གནོད་འཚེའི་རྐྱེན་ལམ་དུ་མི་འགྲོ་བར་སྒོ་ཀུན་ནས་འབད་བརྩོན་བྱེད་རོགས་ཞེས་གདུང་སེམས་མཉམ་བསྐྱེད་དང་བཅས་འབོད་སྐུལ་བྱེད་ཀྱིན་ཡོད། ཅེས་གནས་ཚུལ་དེར་བཀོད་གནང་འདུག

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།