དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྡུང་ལེན་པ་སྐལ་བཟང་ཡར་འཕེལ་བཙོན་གྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧།༡༠ཉིན་སྤེལ། བོད་མདོ་སྨད་ཀྱི་རྡུང་ལེན་པ་སྐལ་བཟང་ཡར་འཕེལ་ལེགས་སུ་རྒྱ་ནག་གིས་ཉེས་མེད་བཙོན་འཇུག་དང་ཆབ་སྲིད་ཀྱི་ནག་ཉེས་གཡོགས་ཏེ་ལོ་༤ཡི་ཁྲིམས་ཐག་གཅད་པའི་དུས་ཟིན་སྟེ་དེ་རིང་ཀློད་གྲོལ་བཏང་ཡོད་འདུག

19964843 1463236820405404 170982088 nའདི་ག་གསར་ཁང་དུ་བོད་ནང་གི་གནས་ཚུལ་འབྱོར་བ་ལྟར་ན།
རྨ་ཆུ་རྫོང་གི་རྡུང་ལེན་པ་སྐལ་བཟང་ཡར་འཕེལ་ལམ་བདུད་བྷེ་གཉིས་པ་རུ་གྲགས་པ་ཁོང་ཉིད། རྒྱ་ནག་གི་བཙོན་འོག་ནས་ཉེས་མེད་ཆབ་སྲིད་ཀྱི་ནག་ཉེས་འཁུར་སྟེ་ལོ་༤ཡི་ཁྲིམས་ཐག་གཅད་པའི་དུས་ཡུན་ཟིན་ནས་ཀློད་གྲོལ་བཏང་བའི་གནས་ཚུལ་འབྱོར་སོང་།

དེ་ཡང་འདི་ཟླའི་ཕྱི་ཚེས་༡༠ཉིན་གྱི་སྔ་དྲོའི་ཆར་རྨ་ཆུ་རྫོང་རྨ་ཁུག་རྟ་ར་ནས་ཡིན་པའི་རྡུང་ལེན་པ་སྐལ་བཟང་ཡར་འཕེལ་ལགས་དེ་རིང་སྔ་དྲོར་བཙོན་གྲོལ་བཏང་ཡོད་པ་དང་། ཁོང་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༦ ཚེས་༡༤ ཙམ་ལ་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ། ཁྲིན་ཏུའུ་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཟླ་བ་ ༡༦ ལྷག་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༢ ལོར་ཁོང་གིས་གཙོ་སྒྲུབ་གནང་བའི་༼ཁ་བའི་མེ་ཏོག་རིག་རྩལ་སྤྲོ་ཚོགས་ཆེན་མོ༽དང་། ཁོང་གི་གླུ་གཞས་༼བོད་པ་ཚོ༽དང་༼བླ་མ་ལགས༽ཞེས་པ་སོགས་ཀྱི་ནང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ནག་ཉེས་མིང་འོག ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༧ ཉིན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་ནས་ཁོང་ལ་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཁ་བའི་མེ་ཏོག་རིག་རྩལ་དགོང་ཚོགས་དེའི་སྟེང་། ཁོང་གིས་༼བོད་པ་ཚོ༽ཞེས་པའི་གཞས་ཤིག་བཏང་བའི་གཞས་ཚིག་ནི། " བོད་པ་ཚོ། ང་ཚོའི་བོད་ཡིག་སྦྱོང་། བོད་སྐད་བཤད། བོད་ཀྱི་སྐད་དང་ཡི་གེ་སྦྱོང་བའི་འོས་འགན་ང་ཚོར་ཡོད། བོད་པ་ཚོ། ང་ཚོས་མཐུན་སྒྲིལ་བྱེད། མཐུན་སྒྲིལ་བྱེད། སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ།  བོད་པ་ཚོ། ང་ཚོས་སྙིང་སྟོབས་སྐྱེད། སྐྱིད་སྡུག་འདྲེས་མའི་ལོ་ཟླ་བསམ་ཏེ་ང་ཚོས་སྙིང་སྟོབས་སྐྱེད། བོད་པ་ཚོ། ང་ཚོས་བདེ་སྡུག་གླེང་། མ་འོངས་བོད་མིའི་མདུན་ལམ་བསམ་དེ་ང་ཚོས་ཕུགས་བསམ་འཚོལ། བོད་པ་ཚོ། ང་ཚོས་ལ་རྒྱ་འཛིན། ལ་རྒྱའི་ཕྲག་གདང་གཤིབ་སྟེ། ང་ཚོ་མདུན་དུ་བསྐྱོད། བོད་པ་ཚོ། ང་ཚོས་འབད་བརྩོན་བྱེད། དུས་རབས་གསར་བའི་བོད་པའི་རྒྱུད་འཛིན་ང་ཚོ་ཡིན། བོད་པ་ཚོ། ” ཞེས་བྲིས་པ་ཞིག་བླངས་ཡོད་འདུག

ད་ལྟ་རྡུང་ལེན་པ་གྲགས་ཆེན་སྐལ་བཟང་ཡར་འཕེལ་ལགས་ནི་བཙོན་གྲོལ་ཐོབ་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་ཞིང་། ཡུལ་མི་སྤུན་ཟླ་རྣམས་ཀྱིས་ཁ་བཏགས་འཐེན་སྟེ་བསུ་མ་རྒྱ་ཆེན་བྱས་འདུག་ཅིང་། ཁོང་གི་གཟུགས་པོའི་གནས་སྟངས་སོགས་ཀྱི་ཐད་ནས་གནས་ཚུལ་གསལ་བོ་ལོན་མ་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།