དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མི་མང་གི་ས་དང་ཁང་པ་རྫོང་དཔོན་གྱིས་གཡོ་ལེན་བྱེད་ཀྱི་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧།༠༧ཉིན་སྤེལ། ས་གནས་གཞུང་གིས་སོ་སོའི་ས་དང་ཁང་པ་གཞུང་ལ་གང་མགྱོགས་སྤྲད་དེ་སྤོར་དགོས་པ་དང་། གནས་སྐབས་རིང་ཁང་གླ་བཏང་ནས་བསྡད་རོགས། མི་ཚང་གི་མི་གྲངས་མང་ཉུང་ལ་དཔག་པའི་སྒོ་ནས་ཁང་པ་ཆེ་ཤོས་སུ་རྒྱ་ནག་སྒོར་མོ་༣༠༠༠ནས་༡༠༠༠བར་གྱི་ཁང་གླ་སྤྲོད་རོགས་བྱེད་ཀྱི་ཡིན་པར་བརྗོད་འདུག

འདི་ག་གསར་ཁང་གིས་གནས་ཚུལ་ལོན་པའི་རྒྱུད་རིམ་ལ་གཞིགས་ན།
ཆབ་མདོ་གྲོང་ཁྱེར་དཔལ་ཞོལ་རྫོང་གི་སྡེ་བ་གཉིས་ཀྱི་ཁང་པ་དང་ས་ཞིང་སོགས་རྫོང་དཔོན་གྱིས་གཡོ་ལེན་བྱེད་ཀྱིན་གནས་ཚུལ་ཞིག་འདུག

དེ་ཡང་འདས་ཟླའི་ཚེས་༠༥ནས་ཟླ་འདིའི་ཕྱི་ཚེས་༢༠བར་དུ་སྡེ་བ་དེ་གཉིས་ཀྱི་ས་ཞིང་དང་ཁང་པ་གཞུང་ལ་སྤྲད་དགོས་པའི་ཡིག་ཆ་བཀྲམས་པ་དང་། མི་མང་གིས་གཞུང་གི་ཐག་གཅད་པའི་གནས་ཚུལ་དངོས་ཡིན་མིན་གྱི་དོག་པ་སྐྱེས་ཏེ། ཏིང་གྲུང་དབྱང་ལ་ཞུ་གཏུགས་བྱེད་པའི་འཆར་གཞི་འགོད་ཀྱི་ཡོད་འདུག

དེ་མིན། འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར། ཁོང་གིས་"གནས་ཚུལ་དེ་ནི་དཔལ་ཞོལ་རྫོང་གི་ཉེ་འདབས་སུ་གྲོང་ཚོ་གཉིས་ཡོད་པ་དེ་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་འཚོ་སྡོད་བྱེད་སའི་ཞིང་ཁ་དང་གནས་ཁང་སོགས་ནི། རྫོང་གི་རྫོང་དཔོན་གཙོས་ལས་བྱེད་ཁ་ཤས་ཤིག་གིས་ཡར་གཞུང་ལ་སྤྲད་དགོས་པ་དང་། འདི་ནི་རྒྱལ་ཁབ་རིམ་པའི་བཀའ་རེད་ཅེས་བརྗོད་ཅིང་། ཞིང་ཁ་ཡར་གཞུང་ལ་སྤྲད་པ་ཡིན་ན་རྒྱ་ནག་སྒོར་མོ་༤༠༨༠༠རེ་ས་བདག་རྣམས་སུ་སྤྲད་ཀྱི་ཡིན། གཞུང་གི་བཀའ་གཞིར་བཟུང་གིས་ས་ཞིང་ཡར་མ་སྤྲད་པ་ཡིན་ན། རྗེས་སུ་ཁང་པ་དང་ཞིང་ཁའི་རིན་པ་རྩ་བ་ཉིད་ནས་རག་གི་མ་རེད་ཅེས་བརྗོད་ཡོད་འདུག" ཅེས་དང་།

ཡང་ཁོང་མུ་མཐུད་འགྲེལ་བརྗོད་གནང་བར། "ཡིན་ནའང་། མི་མང་གིས་དེ་ནི་དང་ལེན་རྩ་བ་ཉིད་ནས་བྱེད་མི་ཐུབ་པ་དང་། ཁོང་ཚོའི་འཚོ་ས་བརྟེན་ས་ནི་ཞིང་ཁ་གཅིག་པུ་མ་གཏོགས་ཁོང་ཚོེར་དབྱར་རྩྭ་དགུན་འབུ་དང་རི་སྐྱེས་ཐོན་ཁུངས་སོགས་ཅི་ཡང་ཡོད་པ་མ་རེད། དེ་བས་མི་མང་གིས་རྒྱལ་ཁབ་རིམ་པའི་ཐག་གཅད་པའི་སྒྲིག་གཞི་ཞིག་ཡིན་ན་ང་ཚོས་བཀའ་དང་ལེན་བྱེད་ཆོག  ཡིན་ནའང་འདི་ནི་མགོ་ཁྲིད་ལས་བྱེད་ཁ་ཤས་ཀྱི་ལྐོག་ཟ་རུལ་སྲུང་བྱེད་པའི་ཇུས་ངན་ཞིག་རེད། རྒྱུ་མཚན་ནི། ཁོང་ཚོས་ས་བདག་རེར་རྒྱ་ནག་སྒོར་མོ་༤༠༨༠༠སྤྲད་བླངས་པའི་ས་དེ་ནི་མི་གཞན་ལ་རྒྱ་ནག་སྒོར་མོ་ཁྲི་༤༠༠ནས་༥༠༠བར་ཕར་བཙོང་སྟེ་ཁེ་ཕན་ལེན་པའི་འཆར་གཞི་ཡོད་འདུག" ཅེས་དང་།

ཡང་ཁོང་གིས་"རྫོངས་དཔོན་ཉི་མ་རྒྱལ་མཚན་ནི་སྨར་ཁམས་ནས་ཡིན་པ་དང་། སྨར་ཁམས་སུ་འབྲེལ་འདྲེས་ཡོད་པའི་མི་ཁ་ཤས་ཤིག་ཡར་སྐད་བཏང་སྟེ། ཁོ་རང་ཚོས་མི་མང་གི་ས་བཙོང་ནས་ཁེ་ཕན་ལེན་གྱི་ཡོད་ཅིང་། རྩ་བའི་ཆ་ནས་ཞིང་ཁ་དེ་དག་ལ་ཤིང་ཏོག་མང་པོ་སྐྱེས་ས་ཞིག་དང་། ལོ་རེར་ཤིང་ཏོག་སྡོང་པོ་༼མང་ཆེ་ཤོས་ཀུ་ཤུ༽རེ་རེའི་ཡོང་སྒོ་ནི་རྒྱ་ནག་སྒོར་མོ་ཁྲི་༡༠དང་༢༠༠༠ནས་༣༠༠༠བར་ཡོང་སྒོ་ཡོད་པ་ཞིག་རེད། ཁོང་ཚོས་ཤིང་སྡོང་རེར་ལོ་རེར་རྒྱ་ནག་སྒོར་མོ་༡༠༠༠ལྷག་ཅིག་མ་གཏོགས་རིན་དོད་སྤྲད་ཀྱི་ཡིན་སྐོར་བརྗོད་འདུག" ཅེས་དང་།

ད་རུང་ཁོང་གིས་མི་མང་གིས་ཞུ་གཏུགས་བྱེད་པའི་འཆར་གཞི་ཡོད་པའི་སྐོར་ནས་བརྗོད་དོན། "དཔའ་ཞོལ་རྫོང་ནི་ཆབ་མདོ་གྲོང་ཁྱེར་གྱི་ཁྱབ་ཁོངས་ཡིན་ཞིང་། ཆབ་མདོ་གྲོང་ཁྱེར་གྱི་དཔོན་པ་གསར་བ་ཡིན་པས་གནས་ཚུལ་དེ་དག་གསལ་བོ་ཤེས་ཀྱི་ཡོད་མེད་གསལ་བོ་མེད་པས་ན། ཁ་ཐུག་གིས་ཆབ་མདོ་གྲོང་ལ་ཞུ་གཏུགས་བྱས་ཀྱང་དོན་དག་ཡག་པོ་བྱུང་མིན་སྐོར་ལ་ཁ་ཚོན་གཅོད་དཀའ་བ་ཞིག་ཆགས་ཡོད་ཅིང་། ད་ནི་ཁོང་ཚོས་འཆར་གཞི་བཏིང་སྟེ་ཏིང་གྲུང་དབྱང་ལ་ཐད་ཀར་ཞུ་གཏུགས་བྱེད་འགོ་བཙུགས་པའི་ལས་གཞི་ཞིག་འགྲོ་བཞིན་འདུག"ཅེས་དང་།

གཞན་ཡང་ཁོང་གིས་མུ་མཐུད་དུ་རྗོད་དོན། "དཀའ་ངལ་ཆེ་ཤོས་ནི་ས་གནས་གཞུང་ངོས་ནས་སོ་སོའི་ས་དང་ཁང་པ་གཞུང་ལ་གང་མགྱོགས་སྤྲད་དེ་སྤོར་དགོས་པ་དང་། གནས་སྐབས་རིང་ཁང་གླ་བཏང་ནས་བསྡད་རོགས། མི་ཚང་གི་མི་གྲངས་མང་ཉུང་ལ་དཔག་པའི་སྒོ་ནས་ཁང་པ་ཆེ་ཤོས་སུ་རྒྱ་ནག་སྒོར་མོ་༣༠༠༠ནས་༡༠༠༠བར་གྱི་ཁང་གླ་སྤྲོད་རོགས་བྱེད་ཀྱི་ཡིན་པ་དང་། རྗེས་སུ་གཞུང་གིས་ཁང་པ་ཐོག་བརྩེགས་ཤིག་རྒྱབ་སྟེ་སྤྲད་པར་བརྗོད་ཅིང་། མི་མང་གིས་ཕྱིར་ལན་དུ། རེ་སྐུལ་དང་བཅས་ཏེ་ང་ཚོར་ཚོང་ཁང་རེ་རེ་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡིན་མིན་སྐོར་ནས་སྐད་ཆ་དྲིས་དུས། དེ་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད། གལ་སྲིད་ཁྱོད་ཚོར་ཚོང་ཁང་དགོས་པ་ཡིན་ན། གཞུང་ནས་བཙོང་གི་རེད། དེ་ཁྱོད་ཚོས་ཉོ་དགོས་པ་རེད་མ་གཏོགས་སྤྲད་ཐུབ་ཀྱི་མེད་ཅེས་བརྗོད་འདུག
ཁོ་ཚོས་བརྗོད་དོན་ལ་བལྟས་པ་ཡིན་ན་གོང་དུ་ཁོ་ཚོས་མཁོ་སྤྲོད་གནང་གི་ཡིན་པའི་ཆ་རྐྱེན་དེ་དག་ནི་ཡང་ཏག་ཏག་ཅིག་ཡིན་ས་མ་རེད། "ཅེས་འབྲེལ་ཡོད་ཀྱིས་གནས་ཚུལ་ཞིབ་རྒྱས་བརྗོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།