དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཡུལ་མིའི་འཐུང་ཆུ་ཡུལ་གཞན་དུ་ཁ་བསྒྱུར་བའི་དོན་རྐྱེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༦།༠༢ཉིན་སྤེལ། ས་གནས་སྲིད་གཞུང་གིས་ཡུལ་མིའི་འཐུང་ཆུ་སྡེ་བ་གཞན་ཞིག་ལ་ཁ་བསྒྱུར་བྱེད་དགོས་པའི་བཙན་བཀའ་བཏང་བར་མི་མང་གིས་ངོས་ལེན་མ་བྱས་པའི་རྐྱེན་གྱིས་དམག་ཤུགས་བེད་སྤྱོད་བཏང་འདུག

Tibet-event in tibet-2017འདི་ག་གསར་ཁང་དུ་གནས་ཚུལ་ཁ་གསལ་འབྱོར་དོན། བོད་ནང་གི་གཞི་རྩ་སྡེ་བ་དང་སྐྱིད་རྒྱ་སྡེ་བ་གཉིས་ཀྱི་འཐུང་ཆུ་ཁ་ཆེ་སྡེ་བ་ཞིག་ལ་སྤྲོད་དགོས་ཀྱི་ཡོད་ཟེར་ནས་ཡུལ་མི་མང་པོ་ཞིག་ལ་ས་གནས་སྲིད་གཞུང་གིས་བཙན་བཀའ་བཏང་བས། མི་མང་གིས་ཁས་ལེན་མ་བྱས་པར་བརྟེན་ས་གནས་སྲིད་གཞུང་གིས་དྲག་ཤུགས་དམག་དཔུང་བཏང་སྟེ་མི་མང་༤༠ལྷག་ལས་ཁ་ཤས་སུ་རྨས་སྐྱོན་ཐེབས་ཏེ་སྨན་ཁང་ལ་བསྐྱལ་ཞིང་། ཁ་ཤས་བཙན་འཁྲིད་བྱས་པ། ས་གནས་ཡུལ་མིའི་ནང་དུ་དུག་རླངས་བཏང་ཡོད་པའི་གནས་ཚུལ་གསར་བ་འབྱོར་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༠༡ཉིན་ཞོགས་པ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་། སྟག་ཚང་ཞང་། གཞི་རྩ་སྡེ་བ་དང་སྐྱིད་རྒྱ་སྡེ་བ་གཉིས་ཀྱི་འཐུང་ཆུ་ཚོུད་༤ནས་༥ཡི་འགྲོ་ལམ་གྱི་ཁ་ཆེ་སྡེ་བ་འཐེན་དགོས་པའི་དགོས་ཀྱི་ཡོད་ཟེར་ནས་ས་གནས་སྲིད་གཞུང་ནས་བཀའ་བཏང་ཡོད་པ་དང་། ཆུ་དེ་ཁ་བསྒྱུར་བྱས་ན་ས་གནས་མི་མང་ལ་འཐུང་ཆུའི་དཀའ་ངལ་བྱུང་གི་ཡོད་རྐྱེན་སྲིད་གཞུང་གི་བཀའ་ངོས་ལེན་མ་བྱས་པས་ན། ས་གནས་སྲིད་གཞུང་གིས་མི་མང་ནང་དུ་དྲག་ཤུས་དམག་དཔུང་བཏང་སྟེ་མི་མང་ནང་དུ་དུག་རླངས་བཏང་ཡོད་ཅིང་། བོད་མི་༤༠ལྷག་ལས་ཁ་ཤས་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། ཁ་ཤས་ཤིག་བཙན་འཁྲིད་འཇུ་བཟུང་བྱས་ཏེ། ཡུལ་མི་དག་གི་འགྲོ་འོང་ལ་ལྟ་རྟོགས་དང་བཀའ་འགོག་བྱེད་ཀྱི་ཡོད་འདུག

དེ་རིང་སྔ་དྲོར། རྒྱ་གར་གནས་སྡོད་ཕ་ཡུལ་གཅིག་པའི་ཆོས་བཟང་སྒྲོལ་མ་ལགས་ཀྱིས་གནས་ཚུལ་དེའི་སྐོར་ནས་བརྗོད་པ་ལྟར་ན། བརྙན་ཐུང་འདི་ད་ནངས་འབྱོར་ཞིང་། མི་མང་ལ་དུག་རླངས་བཏང་ཡོད་པ་མཐོང་ལ། དྲགས་ཤུགས་དམག་དཔུང་གིས་ཡུལ་དེའི་བཀང་སར་བཀང་བསྡད་པའི་རྣམ་པ་མངོན་གྱི་འདུག ཕལ་ཆེར་རྫོངས་དཔོན་དེ་ནི་ཁ་ཆེ་སྡེ་བ་དེ་དང་འབྲེལ་ཡོད་པ་ཞིག་ཡིན་འདུག་མོད། ས་གནས་སུ་བཀག་སྡོམ་ཤུགས་ཆེ་བའི་རྐྱེན་གྱིས་གནས་ཚུལ་རྒྱས་པ་ཞིག་རག་མི་ཐུབ་པ་དང་།

ད་སྔ་མི་མང་གི་ཁ་པར་དང་འཕྲུལ་རྟ། པར་ཆས་སོགས་ཉེན་རྟོགས་པས་འཕྲོགས་ཤིང་། ཡུལ་མི་༤༠ལྷག་ལས་ཁ་ཤས་ཤིག་ལ་རྨས་སྐྱོན་ཐེབས་པས་མི་བདུན་ལྷག་སྨན་ཁང་བསྐྱལ་ཡོད་པ་དང་ཁ་ཤས་བཙན་འཁྲིད་བྱས་པའི་ཁྲོད་དུ་བུད་མེད་འགའ་ཡང་ཡོད་འདུག དམ་དྲག་ནན་པོ་བྱས་ཏེ་མི་དམངས་གང་སར་འགྲོ་འོང་བཀག་སྡོམས་བྱས་ཏེ་མི་དམངས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་སྐོར་འགྲེལ་བརྗོད་གནང་སོང་།

གཞན་ཡང་མོ་རང་གིས་གནས་ཚུལ་བྱུང་ཡུལ་གྱི་པར་དང་ས་གནས་ཡུལ་མིས་ཤིག་གིས་སྐད་འཕྲིན་རྒྱབ་ལོག་ཏུ་བཞག་པའི་དཔའ་ལུང་རྫོང་གི་རྫོང་དཔོན་གྱི་སྐད་ཆ་དུམ་ཞིག་རྒྱ་ཡིག་ཐོག་བཞག་ལྟར་ན། "མི་གསད་བཞག་ན་འགན་ང་རང་རྫོང་དཔོན་གྱིས་འཁུར་ཆོག  འདི་ནི་འཇུག་འབྲས་རེད།"ཅེས་བཀོད་འདུག

ཕྱི་ལོ་༢༠༡༦ཟླ་༠༡ཚེས་༢༤ཉིན་ནས་ཉིན་གཉིས་རིང་། དཔའ་ལུང་རྫོང་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་མ་དང་ཁྱིམ་བདག་ཚོས་རྫོང་སློབ་གསོ་ལས་ཁུངས་ཀྱི་མགོ་ཁྲིད་མཱ་ཁྲིན་ལུང་གིས་མི་རིགས་སློབ་གསོའི་བྱ་བར་འགོག་རྐྱེན་བཟོ་བཞིན་པ་ཞུ་གཏུག་བྱས་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།