དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྩོམ་པ་པོ་ཞོགས་ལྗང་བཙོན་ཁང་དུ་དམ་དྲག་ནན་པོ་འོག་གནས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་༦ཚེས་༡ཉིན་སྤེལ། འདི་ག་གསར་ཁང་ལ་གསར་དུ་འབྱོར་གནས་ཚུལ་ལ་གཞིགས་ན། བོད་ཀྱི་རྩོམ་པ་པོ་ཞོགས་ལྗང་ལགས་མཚོ་སྔོན་ཞིང་ཆེན་མུན་ཡོན་རྫོང་ཧོ་མིན་གྲོལ་རྡལ་ (ཧོ་མིན་ཞང་)གྱི་བཙོན་ཁང་ཞིག་དུ་དམ་དྲག་ཆེན་པོའི་འོག་ཏུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

Shokjang-Tibet-Writer-2017དེ་ཡང་ཁོང་གི་བཟའ་ཟླར་ཟླ་རེར་ཐེངས་གཅིག་རེ་ཐུག་འཕྲད་བྱེད་ཆོག་གི་ཡོད་པ་དང༌། (རྒྱ་སྐད་དུ་ 青海门源县浩门农场) མཚོ་སྔོན་ཞིང་ཆེན་མུན་ཡོན་རྫོང་ཧོ་མིན་གྲོལ་རྡལབཙོན་ཁང་དུ་ཐུག་འཕྲལ་སྐབས་རྒྱ་སྐད་བཤད་ན་སྐར་མ་༣༠དང་བོད་སྐད་བཤད་ན་སྐར་མ་༥་ལས་ཁོང་དང་བཤད་ཆོག་གི་མི་འདུག་ཅེས་གསུངས་འདུག ནང་མི་དང་ཕན་ཚུན་ཁ་བརྡ་བྱེད་དུས་བཙོན་པ་གཞན་དང་མི་འཚུངས་པར་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་ཉེན་རྟོག་པས་ཉེ་འཁྲིས་སུ་དོ་དམ་ནན་མོར་ཐོག་བརྙན་ལེན་བྱས་པ་སོགས་བྱེད་ཀྱི་ཡོད་འདུག ཅེས་འགྲེལ་བརྗོད་གནང་འདུག

ཉེ་ཆར་ཞོགས་ལྗང་གི་ཨ་མ་ལགས་ཞོགས་ལྗང་ལ་བལྟ་རུ་ཕྱིན་ཡོད་ནའང་ས་གནས་ཀྱི་ཡིག་ཆ་སོགས་ཚང་མེད་པར་ཁ་གཡར་ནས་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད། ཁ་པར་བརྒྱུད་ནས་ཀྱང་སྐད་ཆ་བཤད་བཅུག་མེད་པ་དང༌། ཟ་མ། གྱོན་ཆས། ཅ་དངོས་སོགས་གང་ཡང་སྤྲོད་དུ་བཅུག་མི་འདུག ཅེས་འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་དུ་གསལ་འདུག

བཙོན་ཁང་དུ་བལྟ་རུ་འགྲོ་སྐབས་ནང་མིའི་ཐེམ་ཐོ་ཁྱེར་ནས་ས་གནས་ཉེན་རྟོག་པས་ངེས་སྦྱོར་བདེན་དཔང་ཡིག་ཆ་( མཚོ་སྔོན་ཞིང་ཆེན་གྱི་མུན་ཡོན་བཙོན་ཁང་ལ་ཐུག་འཕྲད་བྱེད་པའི་དཔང་ཡིག )  (རྒྱ་སྐད་དུ་青海省门源监狱探视证)ལེན་དགོས་པ་དང་ཡིག་ཆ་མ་ཚང་ཚེ་ཨ་མ་ཡིན་རུང་ཐུག་བཅུག་གི་མི་འདུག་ཅེས་ནང་མི་ཚོར་དཀའ་སྡུག་མང་པོ་ཞིག་ལ་གདོང་ལེན་གནང་དགོ་པ་ཆགས་ཡོད་འདུག

རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ར་བ་ཟེར་བའི་བཙོན་ཁང་རྣམས་སྒོ་རྒྱབ་ཡོད་ཚུལ་བརྗོད་དེ་དེང་སྐབས་བཙོན་ཁང་ཁག་གི་མིང་ལ་ཞིང་ལས་ར་བ་ཅེས་བཏགས་ཡོད་པ་མ་ཟད། བཙོན་ཁང་དུ་ཉིན་རེར་ཆུ་ཚོད་༡༥་རེར་བཟོ་ལས་སྟོད་གོས་བྱ་སྤུའི་ལས་རིགས་བཟོ་དགོས་ཀྱི་ཡོད་འདུག་ཅེས་དང༌། ཚོང་རྫས་དེ་དག་ནི་རྒྱ་ནག་གི་ཕྱུག་བདག་ཚོང་པ་ཚོར་སྡེབ་བཙོང་བྱེད་ཀྱི་ཡོད་འདུག་ཅེས་བཀོད་འདུག

མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནས་མུན་ཡོན་རྫོང་གི་བཙོན་ཁང་བར་དུ་སྤྱི་ལེ་༡༣༤ ཡོད་པ་དང་རླངས་འཁོར་ནང་ཆུ་ཚོད༢སྐར་༣༨རིང་འགྲོ་དགོས་ཀྱི་ཡོད་འདུག

༢༠༡༦ལོའི་ཟླ༠༢ཚེས་༡༧ཉིན་གྱི་སྔ་དྲོར། བོད་པའི་རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འཐབ་རྩོད་པ་ཞོགས་ལྗང་ལགས་ལ་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ལོ་༣གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

སྐབས་དེར་ཉིན་༡༠ནང་ཚུད་ལ་ཐེངས་འདིར་ཁྲིམས་ཐག་བཅད་པ་ངོས་ལེན་ཡོད་མེད་རང་ཐག་རང་གཅོད་བྱས་ཏེ་མཚན་རྟགས་འགོད་དགོས་པའི་འགེངས་ཤོག་ཅིག་སྤྲད་ཡོད་པ་དང༌། ཞོགས་ལྗང་གིས་སྐབས་དེ་རང་ལ་བསྐྱར་དུ་བཙོན་ཁང་ནང་ནས་ཞུ་གཏུགས་ཀྱི་སྙན་ཞུ་ཞིག་བྲིས་ནས་ཕུལ་འདུག་ཀྱང་དོན་འབྲས་གང་ཡང་སོན་མེད་པ་རེད།

རྩོམ་པ་པོ་ཞོགས་ལྗང་ལགས་༢༠༡༥ལོའི་ཟླ་༣ཚེས་༡༩ཉིན་མཚོ་སྔོན་རེབ་གོང་དུ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཅིང༌། སྐབས་དེར་ཁོང་ལ་ནག་ཉེས་ཅི་ཞིག་བཙུགས་ཡོད་པ་གསལ་ཁ་མེད་ཀྱང༌། ཁོ་རང་གི་གྲོགས་པོ་ཚོས་ཞོགས་ལྗང་གིས་དེ་སྔོན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། རང་དབང་སོགས་ཀྱི་སྐོར་ལ་རྩོམ་ཡིག་མང་པོ་བྲིས་སྤེལ་གནང་ཡོད་པ་དང༌། ལྷག་པར་དུ་ཁོ་རང་གི་ཟིན་བྲིས་ནང་བོད་པའི་ས་གནས་ཁ་ཤས་ནང་སྐོར་བསྐྱོད་གནང་བའི་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་གྱི་སེམས་ཚོར་དང་སྦྲགས་ནས་བྲིས་ཡོད་སྟབས། རྒྱ་གཞུང་གིས་དེ་དག་ཆབ་སྲིད་ཀྱི་ནག་ཉེས་ཤིག་ལ་ངོས་འཛིན་བྱས་ཡོད་པའི་ཚོད་དཔག་གནང་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་དུ།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།