choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གྲྭ་གཞོན་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༢༢ཉིན་སྤེལ། བོད་བསྟན་སྲིད་ཀྱི་ཆེད་དུ་བོད་ཀྱི་གྲྭ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་སྟེ་གྲོངས་ཡོད་ཀྱང་། སྐུ་ཕུང་རྒྱ་མིས་བཙན་འཁྱེར་བྱས་ཡོད་པའི་གནས་ཚུལ་ཐོན་སོང་།

Jamyang-Losel-Tibet-Chengtsa-self-immolation-2017འདི་ཟླའི་ཕྱི་ཚེས་༡༨ཉིན་གྱི་མཚན་གུང་། གྱེར་ཐང་དགོན་པའི་རང་ལོ་ ༢༩ ཡིན་པའི་དགེ་འདུན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས་ཨ་མདོ་མཚོ་སྔོན་གཅན་ཚ་རྫོང་ཐོག་ཏུ། བོད་དོན་ཆེད་རིང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག

གཞན་ཡང་འབྲེལ་ཡོད་རྣམས་ཀྱིས་བཤད་པ་ལྟར་ན། ཁོང་གི་སྐུ་ཕུང་གཅན་ཚ་རྫོང་གི་ས་གནས་ཉེན་རྟོག་པས་བཙན་འཁྱེར་བྱས་ཏེ། འབྲེལ་ཡོད་ནང་མི་རྣམས་གཅན་ཚ་རྫོང་ཉེན་རྟོག་ལས་ཁུངས་སུ་ཁོང་གི་སྐུ་ཕུང་ལེན་དུ་ཕྱིན་ཡོད་ཀྱ་ང་། ཕྱི་རྩིས་སྤྲོད་མ་བྱས་པ་མ་ཟད། དམར་ཤོག་གཞུང་གི་ཉེན་རྟོག་པ་དང་དམག་མི་གང་མང་དོན་རྐྱེན་བྱུང་བའི་ས་གནས་དེར་འགྲེམས་འཇོག་དང་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག ཅེས་བརྗོད་སོང་།

ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༨ བར་ " ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས།"  ཞེས་རང་ལུས་མེར་བསྲེགས་གནང་མཁན་མང་ཤོས་ཀྱིས་འབོད་ཚིག་འདི་གཉིས་གཙོ་བོར་སྒྲོག་ཅིང་། རང་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དངོས་སུ་ཤེས་རྟོགས་བྱུང་བར་མི་གྲངས་ ༡༤༩ བྱུང་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།