choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

རྒྱལ་གཅེས་དཔའ་བོ་ན་གཞོན་ཕྱག་རྡོར་སྐྱབས་སྐུ་གྲོངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༡༩ཉིན་སྤེལ། ལོ་ན་གཞོན་པའི་རྒྱལ་གཅེས་དཔའ་བོ་ཕྱག་རྡོར་སྐྱབས་ལེགས་ཕལ་ཆེར་སྐུ་ཚེ་ཟིན་མེད་པའི་གནས་ཚུལ་ཞིག་རག་སོང་།

འདི་ཟླའི་ཕྱི་ཚེས་༠༢ཉིན། རྒྱལ་གཅེས་དཔའ་བོ་ཕྱག་རྡོར་སྐྱབས་ལེགས་ཀྱིས་བོད་ཀྱི་མི་རིགས་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། སྐབས་དེར་ཁོང་སྐྱེས་ཡུལ་ལ་ས་གནས་རྒྱ་དམར་གཞུང་གི་ཉེན་རྟོགས་པས་དམ་དྲགས་བྱས་རྐྱེན་གནས་ཚུལ་གསལ་ཁ་འབྱེད་ཐུབ་མེད།

18555285 1483565411705542 84137303 nདེ་བརྟེན་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་རག་ཐབས་སུ་དངོས་ཤུགས་བརྒྱུད་གསུམ་བྱས་ཏེ་སྐབས་དེའི་དོན་རྐྱེན་ལ་གསལ་ཁ་ཅུང་ཙམ་བྱས་ཡོད་པར་གཞིགས་ན།
རང་ལོ་༡༦ཅན་གྱི་ན་གཞོན་རྒྱལ་གཅེས་དཔའ་བོ་ཕྱག་རྡོར་སྐྱབས་ལེགས་ཀྱི་ཕ་མིང་ལ་བཟོད་པ་དང་། ཨ་མའི་མིང་ལ་སྒྲོལ་མ་འཚོ་ཟེར་ཞིང་། ཁོང་ནི་འབོ་ར་སློབ་འབྲིང་གི་སློབ་མ་ཡིན་ལ། ཉིན་དེའི་དོན་རྐྱེན་མ་བྱུང་བའི་སྔོན་ཙམ་ལ། ཨ་ཕས་རང་ཡུལ་བརྡར་མདོའི་སྡེ་བ་ནས་འབོ་ར་སློབ་འབྲིང་དུ་ཕྱིར་བསྐྱལ་སྟེ་ཕྱིར་རང་ཡུལ་དུ་ལོག་ནས་སྐར་མ་༢༠་ལྷག་ཙམ་གྱི་རྗེས། རྒྱལ་གཅེས་པ་ཁོང་འབོ་ར་དགོན་པར་ཕྱིན་སྟེ་མཆོད་མཇལ་ཞིག་བྱས་ཏེ། དགོན་པའི་འདུ་ཁང་ལ་སྐོར་བ་ཁ་ཤས་བརྒྱབ་ཡོད་པ་དང་། དེའི་རྗེས་སུ་གླིང་བར་དུ་ཕེབས་ཏེ་རང་ལུས་མེ་བསྲེགས་བཏང་ཡོད་འདུག   

ད་རུང་ཉེ་འགྲམ་གྱི་མིས་མཐོང་སྣང་ལྟར་ན། མེ་ལྕེ་ཤུགས་ཆེན་མཆེད་ཀྱིན་པའི་སྐབས་ཁོང་གིས༼་རྒྱལ་དབང་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བསྟན་པར་ཤོག   བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་སུ་འཇུག་དགོས་༽སོགས་སྐད་འབོད་བྱས་ཏེ། ལང་མ་འགྱེལ་པའི་མཚམས་ཤིག་ནས༼་ལྷ་རྒྱལ་ལོ་༽ཞེས་ལྷ་རྒྱལ་ཐེངས་གཉིས་ལ་འཐེན་བཞིན་པའི་སྐབས་སུ། དམག་མི་དང་ཉེན་རྟོགས་པ་འབྱོར་ཏེ་མེ་བསད་ནས་བཙན་ཁྱེར་བྱས་ཡོད་འདུག

དེ་མིན་སྐབས་དེར་ཁོང་གི་དབུགས་ཆད་མེད་པས་ཐད་ཀར་ཀན་ལྷོ་ཁུལ་ཐོག་ཏུ་ཁྱེར་སོང་ཡང་། དེ་ནས་དབུགས་ཆད་ཡོད་པར་བརྟེན་བླ་བྲང་ལ་ཁྱེར་ནས་སྐུ་ཕུང་མེར་བསྲེགས་བཏང་འདུག་ཀྱང་། རུས་ཐལ་ད་དུང་ནང་མིར་སྤྲད་མི་འདུག་པ་སོགས་བོད་ནས་གནས་ཚུལ་མཁོ་སྤྲོད་པས་འདི་ལྟར་ཟེར་ཡང་ད་དུང་སྐུ་གྲོངས་ཡོད་མེད་གསལ་བོ་ཞིག་གནས་ཚུལ་མཁོ་སྤྲོད་པར་སྐད་ཆ་དྲིས་ནས་ཉིན་ཤེས་འགོར་ཡོད་ཀྱང་ད་ལྟ་ལན་གང་ཡང་འབྱོར་མི་འདུག

གཞན་ཡང་དོན་རྐྱེན་དེ་བྱུང་བའི་ཉིན་དེར་ཁོང་གི་ཕ་མ་གཉིས་དང་སྲིང་མོ་བཅས་གསུམ་འཛིན་བཟུང་བྱས་ཏེ་ཚུར་བཏང་འདུག་མོད།  སྲིང་མོ་ཅི་ཞིག་གི་རྐྱེན་ཡིན་མིན་མི་ཤེས་ཀྱང་ཉིན་དེ་ནས་བཟུང་ད་དུང་ཁམས་མ་དྭངས་པར་ཉལ་སར་ལྷག་ཡོད་པ་དང་། ཁོང་ཚང་ལ་རླངས་འཁོར་ཞིག་དང་འཕྲུལ་རྟ་བཅས་གཉིས་ཡོད་པ་དེ་ཡང་བཙན་ཁྱེར་བྱས་འདུག་ལ། ཕ་མ་གཉིས་ཀྱང་ཡང་བསྐྱར་བཟུང་བྱས་ཏེ་ད་དུང་བཏང་མི་འདུག  གཞན་ཁོང་གི་འབོད་ར་ནས་ཡིན་པའི་སློབ་གྲོགས་ཞིག་ཀྱང་འཛིན་བཟུང་བྱས་འདུག་ཀྱང་འདིའི་སྐོར་གྱི་གནས་ཚུལ་ད་དུང་གསལ་བོ་ཞིག་འབྱོར་མ་སོང་།

དེར་བརྟེན་ཁོང་ཚང་ལ་དགེ་འདུན་པ་ཚོ་འདས་མཆོད་སྒྲུབ་དུའང་ཕེབས་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་དང་། ད་དུང་འདིའི་སྐོར་གྱི་གནས་ཚུལ་ལེན་ཐབས་བྱས་དང་བྱེད་བཞིན་ཡོད་ཀྱང་། སྤྱིར་ང་ཚོའི་ས་ཁུལ་དེ་ཀན་ལྷོ་ཁུལ་གྱི་དམིགས་བསལ་ས་ཁུལ་ཞིག་ཏུ་ངོས་འཛིན་གྱིས་ནམ་ཞར་དུ་དམ་དྲག་ནན་མོ་བྱེད་དེ་ཡོད་པ་དང་། ལྷག་པར་དགོན་པའི་དགེ་འདུན་པ་ཁ་ཤས་འཛིན་བཟུང་བྱས་དེ་ལོ་ཐག་སོགས་བཅད་ཡོད་པས་གནས་ཚུལ་རག་ཁག་ཙམ་འདུག་མོད། མུ་མཐུད་ཐབས་ཤེས་བྱེད་བཞིན་ཡོད། རྗེས་སུ་རག་པ་དང་དུས་ཐོག་ཏུ་གཏང་ཡོང་བ་ཡིན། ཞེས་མཁོ་སྤྲོད་གནང་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།