choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

གྲྭ་བློ་བཟང་རྒྱ་མཚོ་ལགས་བཙོན་གྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༡༡ཉིན་སྤེལ། ཁ་སང་རང་ལོ་༡༩སྟེང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ཞིག་རྒྱ་དམར་ཉེན་རྟོགས་པས་བཙན་འཁྲིད་བྱས་ཡོད་པ་དེ་གློད་གྲོལ་བཏང་འདུག

འདི་ག་གསར་ཁང་གིས་བོད་ནང་དུ་བྱུང་བའི་གནས་ཚུལ་ཞིག་ལོན་པ་ལྟར་ན། རྒྱ་གཅེས་དཔའ་བོ་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་དགོང་ལོ་༡༩སྟེང་བོད་ཀྱི་བསྟན་སྲིད་ཆེད་དུ་རང་ལུས་མེར་བསྲེགས་གནང་སྐབས་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་བཙན་འཁྲིད་བྱས་ཤིང་། ད་ལོ་དགོང་ལོ་༢༤ཐོག་རྒྱལ་གཅེས་པ་ཁོང་ཉིད་བཙོན་གྲོལ་བཏང་ཡོད་པའི་གནས་ཚུལ་འདུག

དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་གྱི་མཚན་དཀྱིལ་ཏུ། རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་གནང་མཁན་རྔ་བ་ཀི་རྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས། དེ་ག་རྫོང་གི་ཏེན་ཡང་བཙོན་ཁང་ནས་གློད་གྲོལ་བཏང་སྟེ་རང་ཁྱིམ་དུ་བསྐྱལ་ཡོད་འདུག

འབྲེལ་གནས་ཚུལ་བརྗོད་མཁན་གྱིས་བཤད་ན། ཕྱི་ལོ ༢༠༡༢ ཟླ་ ༢ ཚེས་ ༡༣ ཉིན། རྒྱལ་གཅེས་དཔའ་བོ་ཁོང་གིས་རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མའི་མགོ་སྟོད་ནས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་གཏོང་སྐབས། དྲག་ཆས་ཉེན་རྟོག་པ་དང་དམག་མིས་གཅར་རྡུང་དྲག་པོ་གཏོང་བཞིན་མེ་བསད་དེ་བཙན་ཁྲིད་བྱས་ཤིང་། ད་ལྟའི་བར་ལོ་ལྔ་དང་ཟླ་གཉིས། ཉིན་ཉེར་བདུན་རིང་མུན་ནག་གི་བཙོན་ཁང་དུ་དཀའ་སྡུག་ཚད་མེད་མྱངས་ཡོད་པ་རེད། ཅེས་དང་།

གཞན་ཡང་། རྒྱལ་གཅེས་དཔའ་བོ་ཁོང་ནི། རྔ་བ་རྫོང་གཅའ་ཤིང་ནང་ཚང་མའི་ཕ་བཛྲི་དང་། མ་པད་དཀར་གཉིས་ཀྱི་བུ་ཡིན་པ་དང་། མིང་སྲིང་བཞི་ཡོད་པའི་ནང་གི་རྒན་ཤོས་ཡིན་ཞིང་། ཁོང་རྣམ་ཀུན་འཛིན་གྲྭའི་ནང་སློབ་སྦྱོང་དང་སྤྱོད་ལམ་ཡག་ཤོས་ཤིག་དང་། རང་ལུས་མེར་བསྲེགས་གནང་སྐབས་རང་ལོ་༡༩ དང་། ད་ལོ་རང་ལོ་༢༤ ལ་སླེབས་ཡོད་འདུག

དེ་མིན་རྒྱལ་གཅེས་པ་ཁོང་ཉིད་བཙོན་གྲོལ་ཐོབ་ཡོད་ཀྱང་། ཁོང་གི་གཟུགས་པོའི་གནས་སྟངས་སོགས་གང་ཅིའི་ཐད་ནས་གནས་ཚུལ་ཞིབ་རྒྱས་ཤིག་མ་ལོན་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།