choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ཚེ་དབང་སྐྱབས་ལགས་གཏེར་ཁ་བསྔོག་འདོན་ཆེད་དཀྲོངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༠༢ཉིན་སྤེལ། གཏེར་ཁ་བསྔོག་འདོན་ཆེད་དུ་བོད་མི་ལོ་ན་༥༤ཅན་ཞིག་རང་སྲོག་བློས་བཏང་འདུག

Tsewang-Kyab-Tibetan-Environment-Activist-dies-2017འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིག་ན། འདས་ལོར་མདོ་སྨད་ཨ་མཆོག་ནས་གོང་སྔོན་བླ་རིའི་གཏེར་ཁ་བསྔོག་འདོན་ལ་བཀག་འགོག་བྱེད་པའི་སྣེ་ཁྲིད་མི་སྣ་དྲུག་ལ་རྒྱ་ནག་ཉེན་རྟོགས་པས་རྡུང་བརྡེག་ཚ་ནན་དང་འཇུ་བཟུང་བཙོན་འཇུག་བྱས་ཡོད་པ་ལས། ལོ་ན་༥༤ཡིན་པའི་ཚེ་དབང་སྐྱབས་ལགས་སུ་ན་ཚ་ལྗིད་པོ་ཕོག་སྟེ་ད་ལོ་གྲོངས་སོང་ཡོད་འདུག

དེ་ཡང་ཉེ་ཆར་ཕྱི་ཟླ་༠༤ཚེས་༢༥ཉིན། ལོ་ན་༥༤ཡིན་པའི་ཚེ་དབང་སྐྱབས་ལགས་རྒྱ་མིའི་ཉེན་རྟོགས་པས་རྡུང་བརྡེག་མནར་གཅོད་གང་མང་བཏང་མཐར་གློད་གྲོལ་ཐོབ་ཀྱང་། ཁོང་ནད་གཞི་ལྗིད་པོར་གྱུར་ཏེ་སྨན་བཅོས་དང་ཞབས་རིམ་བསྟུན་མར་བསྒྲུབས་ཀྱང་ཕན་འབྲས་གང་ཡང་མ་ཐོན་པར་སྐུ་གྲོངས་ཡོད་འདུག

འབྲེལ་ཡོད་ཅིག་གི་གནས་ཚུལ་འགྲེལ་བརྗོད་གནང་དོན།
ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ ཉིན་ནས་ཟུང་ཉིན་གྲངས་དྲུག་རིང་། བོད་མདོ་སྨད་ཨ་མཆོག་ཚོ་བ་བརྒྱད་ཀྱི་མང་ཚོགས་ཀྱིས་རང་མོས་ཐོག་གོང་སྔོན་བླ་རིར་གཏེར་ཁ་བསྔོག་འདོན་ལ་བཀག་འགོག་ཆེད་ཞི་བའི་ངོ་རྒོལ་གོམ་བགྲོད་གནང་ཡོད་པ་རེད། རྒྱ་གཞུང་གིས་དམག་མི་མང་པོ་ཆེད་གཏོང་གིས་མང་ཚོགས་ལ་དྲག་རྡུང་བྱས་ཤིང་། ལོ་དེའི་ཟླ་༦ ཚེས་ ༣ ཉིན་ཞི་རྒོལ་སྣེ་ཁྲིད་པ་མི་༦འཇུ་བཟུང་བཙན་འཁྲིད་དང་རྨས་སྐྱོན་བཟོས་ཚབས་ཆེན་ཕོག་པ་དེ་དག་ཁྲོད་ནས་ཚེ་དབང་སྐྱབས་ལགས་སུ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་མྱུར་སྐྱོབ་བྱ་དགོས་བྱུང་བ་དང་། ཁོང་ཕྱིས་སུ་གློད་གྲོལ་ཐོབ་ཡོད་ཀྱང་། ད་ལོའི་ཕྱི་ཟླ་༠༤ཚེས་༢༥ཉིན་སྐུ་གྲོངས་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།