choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

རང་ལོ་༣༢ཡིན་པའི་ཚེ་སྒྲུབ་སྐྱིད་བཙོན་གྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༢༧ཉིན་སྤེལ། གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས་ཁོང་གི་སྐུ་ཕུང་ལ་ཇུས་ཏེ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་བྱས་པའི་ཚེ་སྒྲུབ་སྐྱིད་བཙོན་གྲོལ་བཏང་འདུག

འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིག་ན། ཨ་མདོ་རྔ་བའི་ཆོ་རྗེ་མའིདཀོན་མཆོག་སྔོ་རྭ་ཚང་གི་ཚེ་སྒྲུབ་སྐྱིད་ལགས་ཟླ་འདིའི་ཚེས་༥ཉིན་བཙོན་གྲོལ་ཐོབ་པའི་གནས་ཚུལ་འབྱོར་སོང་།

Tibet-Tsedhupkyi-2017དེ་ཡང་ཨོ་སི་ཁྲོ་ལེ་ཡར་སྐྱབས་བཅོལ་དུ་གནས་པའི་རྨེའུ་དཀོན་རྒྱམ་ལགས་ཀྱིས་འདི་ག་གསར་ཁང་དུ་རྒྱལ་གཅེས་པ་མོ་རང་གི་སྐོར་ནས་གནས་ཚུལ་ཞིབ་རྒྱུས་གནང་དོན། ཚེ་སྒྲུབ་སྐྱིད་ལགས་ཀྱིས་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོ་ནས་ཡིན་པའི་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ཚེས་༣ ཉིན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྐབས་ཁོང་གི་སྐུ་ཕུང་ལ་ཇུས་ཏེ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་བྱས་པས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། ཕྱི་ལོ་༢༠༡༣ལོའི་ཟླ་༤ཚེས་༥ཉིན་ལོ་ངོ་ཧྲིལ་བོ་༤་ལ་བཙོན་འཇུག་ཁྲིམས་ཐག་བཅད་ནས་མེ་ཡན་བཙོན་ཁང་ནང་བཅུགས་ཡོད་པ་དང་།

ཕྱི་ལོ་༢༠༡༧ཟླ་༤ཚེས་༥ཉིན་གྱི་མཚན་མོའི་དུས་ཚོད་༡༡ཙམ་ལ་ཁྲིམས་ཐག་བཅད་པའི་དུས་ཡུན་ཚང་སྟེ་ཕྱིར་ཕ་ཡུལ་ཆོ་རྗེ་མར་འབྱོར་སྐབས་ཡུལ་མི་༢༠༠ལྷག་གིས་ཕེབས་བསུ་བྱས་འདུག ཅེས་དང་།

གཞན་ཡང་། ཁོང་མོ་བཙོན་ཁང་ནང་དུ་འདུག་སྐབས་གཟུགས་གཞི་མ་བདེ་བའི་རྐྱེན་གྱིས་ལོ་ངོ་གཅིག་ལྷག་ལ་བཙོན་པའི་སྨན་ཁང་དུ་སོང་ཡོད་པ་དང་། ཉེ་ལམ་ཁོང་མོ་བཙོན་ཡུན་ཚང་ལ་ཉེ་དུས་རྒྱ་ནག་གཞུང་གིས་ཁྱེད་རང་གི་སྨན་ཡོན་ལ་རྒྱ་སྒོར་ཁྲི་བཅུ་གསུམ་སོང་ཡོད་པས། སྐྱིན་ཚབ་དགོས་ཟེར་ནས་དཀའ་ངལ་རབ་དང་རིམ་པ་མང་པོ་བཟོས་ཡོད་འདུག ཅེས་འགྲེལ་རྗོད་གནང་སོང་།

དེ་མིན། ཚེ་སྒྲུབ་སྐྱིད་ནི་རང་ལོ་༣༢དང་ཕ་མིང་ལ་དཀོན་མཆོག་སྔོ་རྭ་དང་ཕ་མ་གཅིག་པའི་མིང་སྲིང་བརྒྱད་ཡོད་འདུག་ལ། མོ་རང་ལ་དཔའ་རྩལ་སྐྱབས་ཟེར་བའི་རང་ལོ་༡༤ཡིན་པའི་བུ་ཞིག་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།