དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་ལྔ་འཛིན་བཟུང་རྡུང་འདེཌ་དང་གཉིས་ཕྱིས་སུ་གློད་བཀྲོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་༤ཚེས་༢༤ཉིན་སྤེལ། བོད་དང་བོད་མིའི་རྩ་དོན་གྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་དབང་ཕྱུག་ཚེ་བརྟན་ལགས་དང་པདྨ་རྒྱལ་མཚན་ལགས་གཉིས་ནས་ཞི་བའི་ངོ་རྒོལ་གནང་རྗེས་སུ་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་གིས་ཉེས་འཛུགས་འོག་བོད་མི་ལྔ་འཛིན་བཟུང་གིས་རྡུང་འདེགས་ཀྱི་མནོར་གཅོད་བཏང་ཡོད་པའི་སྐོར་གྱི་གནས་ཚུལ་ཐོན་འདུག

དེ་ཡང་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་པའི་གསུངས་གསལ་ལྟར་ན། ཉེ་ཆར་༢༠༡༧ཟླ་༣ཚེས་༡༨ཉིན་བོད་ཤར་ཕྱོགས་དཀར་མཛེས་རྫོང་ཐོག་ཏུ་བོད་མི་གཞོན་སྐྱེས་པདྨ་རྒྱལ་མཚན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་བ་དང་དེ་རྗེས་ཟླ་༤ཚེས་ ༡༥ཉིན་ཡང་དཀར་མཛེས་རྫོང་ཐོག་ཏུ་ཁམས་ཉག་རོང་གི་སྐྱེས་པ་གཞན་ཞིག་སྟེ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་རྗེས་བོད་མི་ལྔ་པོ་དེ་དག་ཉེན་རྟོག་པས་འཛིན་བཟུང་གིས་རྡུང་འདེགས་ཚད་མེད་བྱས་ཡོད་འདུག

ཁོང་རྣམས་ཚེ་བརྟན་ལགས་ཁོང་གི་ཁ་པར་ཉར་བའི་ཉེས་འཛུགས་འོག་ཉག་རོང་ཕ་ཡུལ་གཅིག་པའི་བོད་མི་གསུམ་དང༌། རང་ལུས་མེར་སྲེག་སྐབས་པར་བརྒྱབ་པའི་འཛིན་ཉེས་འཛུགས་འོག དཀར་མཛེས་རྫོང་གི་བོད་མི་གཉིས་བཅས་ཁྱོན་མི་གྲངས་ལྔ་འཛིན་བཟུང་བྱས་ཡོད་འདུག

འཛིན་བཟུང་བྱས་པའི་ཉག་རོང་གི་ཕ་ཡུལ་གཅིག་པའི་བོད་མི་གསུམ་གྱི་མིང་ལ་དཀོན་མཆོག་རྒྱལ་མཚན་ལགས་དང༌། ཉི་མ་ཚེ་རིང་ལགས། ཚེ་རིང་རྒྱ་མཚོ་བཅས་ཡིན་འདུག་ཅིང༌། ཁོང་གསུམ་པོ་འཛིན་བཟུང་བྱེད་དོན་ནི། དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་མ་གཏོང་སྔོན་ཙམ་དུ་ཁོང་གསུམ་ལ་ཁ་པར་ཞིག་བཏང་ནས་ངའི་ལག་ཐོག་ཁ་པར་དེ་ཨ་མ་ལོ་ལོན་ཞིག་གི་ལག་ཏུ་བཅོལ་ཡོད་པས་ཁྱེད་ཚོ་གསུམ་གྱིས་ངའི་ཁ་པར་དེ་ངེས་པར་དུ་ལེན་རོགས་ཞུས་ཡོད་འདུག ཅེས་འགྲེལ་བརྗོད་གནང་སོང༌།

དེར་བརྟེན་ཁོང་གསུམ་པོས་དབང་ཕྱུག་ཚེ་བརྟན་ལགས་ཀྱི་ཁ་པར་ཉར་བའི་ཉེས་འཛུགས་འོག་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གྱིས་རྡུང་འདེགས་ཚད་མེད་བཏང་བ་དང་རང་ལུས་མེར་བསྲེགས་དང་འབྲེལ་འདྲིས་ཡོད་མེད་འདྲི་བརྩད་ནན་པོ་བྱས་ཡོད་འདུག་

འོན་ཀྱང་མཐར་ཉེན་རྟོག་པས་འཛིན་བཀག་ཉར་བྱས་པའི་བོད་མི་གསུང་ནས་མི་གཉིས་གློད་བཀྲོལ་བཏང་ཡོད་འདུག་ཀྱང་བོད་མི་མི་གཅིག་ད་ལྟ་མུ་མཐུད་ནས་བཀར་ནར་དང་ཉེས་རྡུང་གཏོང་བཞིན་ཡོད་ལུགས་འགྲེལ་བརྗོད་གནང་འདུག

གནས་ཚུལ་མཁོ་སྤྲོད་གནང་མཁན་ནས་གསུངས་གསལ་ལྟར་ན་བོད་མི་གསུམ་པོས་ཚེ་བརྟེན་ལགས་ཀྱི་ལག་ཐོག་ཁ་པ་དེར་ཁོང་གིས་སྐད་ཆ་ག་རེ་བཤད་ཡོད་མེད་དང་དེའི་ནང་གནས་ཚུལ་དང་པར་རིས་གལ་ཆེན་གང་ཞིག་ཡོད་མེད་ཤེས་རྟོགས་བྱུང་མེད་ཁར། ལག་ཐོག་ཁ་པར་དེ་རྒྱ་མིའི་ཉེན་རྟོག་པས་བཙན་འཕྲོག་བྱས་ཡོད་ཚུལ་འགྲེལ་འདུག

གཞན་ཡང་དཀར་མཛེས་རྫོང་ནས་བོད་མི་གཉིས་རང་ལུས་མེར་བསྲེགས་སྐབས་བརྙན་པར་ལེན་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་འདུག་ཀྱང༌། ད་ལྟ་ཁོང་གཉིས་ཀྱི་མིང་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མིན་འདུག་ཅེས་འགྲེལ་བརྗོད་གནང་སོང༌།

གོང་དུ་གནས་ཚུལ་ངོ་སྤྲོད་གནང་མཁན་དེས་དབང་ཕྱུག་ཚེ་བརྟན་ལགས་ཀྱི་རང་ལུས་མེར་སྲེག་ནས་ཅུང་མ་འགོར་བར་འདས་གྲོངས་སུ་ཡོད་འདུག་ཅེས་དང༌། ཁོང་གི་རང་ལུས་མེར་སྲེག་གནང་ས་དེ་དཀར་མཛེས་རྫོང་ཐོག་ཡིན་ཡང༌། ཁོང་གི་ཕ་ཡུལ་ཉག་རོང་རྫོང་ཨ་བསེ་བཞི་མདོ་ཤང༌། ལོ་ན་ ༣༩ ཕ་ཡི་མིང་ལ་ཚེ་འདས་རྡོ་རྗེ་དཔལ་བཟང་དང༌། མ་མིང་ཤེར་ལུ། བཟའ་ཟླའི་མིང་ལ་བདེ་མཚོ། ཁོང་གཉིས་ལ་ད་ལྟ་ཕྲུ་གུ་བཞི་ཡོད་འདུག་ཅེས་གནས་ཚུལ་དུ་གསལ་འདུག་ཀྱང༌། འདི་སྔོན་གནས་ཚུལ་གནང་མཁན་ཞིག་གིས་ཁོང་རང་ལོ་༣༠ཡིན་ལུགས་འགྲེལ་བརྗོད་གནང་སོང༌། ད་ལྟ་དཀར་མཛེས་རྫོང་ཐོ་དང་གཡས་གཡོན་གྱི་ས་གནས་ཁག་ཏུ་རྒྱ་མི་ཉེན་རྟོག་པ་སྔ་ལས་མང་བ་འབྱོར་ནས་བོད་མི་ཚོའི་ཐོག་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།