དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་བཙོན་གྲོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༢༦ཉིན་སྤེལ། རྒྱལ་གཅེས་པ་གྲྭ་མཆོག་སྤྲིན་རྒྱ་མཚོ་ལགས་རྒྱ་མིའི་བཙོན་འོག་ནས་ལོ་ངོ་༡༠ལྷག་གི་སྡུག་སྦྱོང་མནར་གཅོད་མྱང་མཐར་བཙོན་གྲོལ་བཏང་འདུག

Tibet-Tengyaltso-2017འདི་ག་གསར་ཁང་དུ་གནས་ཚུལ་མཁོ་འདོན་བྱས་པར་གཞིག་ན། ལོ་ངོ་ཧྲིལ་བོ་ ༡༠ ཙམ་ལ་རྒྱ་གཞུང་གི་བཙོན་འཇུག་མནར་གཅོད་བཏང་བའི་མདོ་སྨད་གཙང་དགོན་པའི་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་བཙོན་གྲོལ་བཏང་འདུག

དྷ་སར་སྡོད་མཁན་བོད་ཀྱི་ནང་བསྟན་སྲི་ཞུ་ཁང་གི་ཞིབ་འཇུག་པ་རྡོ་རྗེ་ཚེ་རིང་གིས་མཁོ་སྤྲོད་བྱས་དོན། འདི་ཟླའི་ཕྱི་ཚེས་ ༡༥ ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༠༥།༠༠ ཡས་མས་སུ་ཟི་ལིང་(ཏོ་པ་ཅ་ཡི་)ཟེར་བའི་བཙོན་ཁང་ནས་ཁྲིམས་ཆད་དུས་ཡུན་ཚང་སྟེ་བཙོན་གྲོལ་བཏང་ཡོད་པ་དང་། མཚན་དཀྱིལ་ཡས་མས་སུ་ཕ་ཡུལ་གྱི་རང་ཁྱིམ་དུ་འབྱོར་ཡོད་འདུག ཡིན་ན་ཡང་། ས་གནས་ཀྱི་འབྲེལ་ཡོད་ལས་བྱེད་པས་ཉེན་བརྡ་སྔོན་སོང་བཞིན་པར་རྒྱག་པ་དང་ཕེབས་བསུ་གཟབ་རྒྱས་བྱེད་པ་སོགས་བྱེད་བཅུག་མི་འདུག ཅེས་འགྲེལ་བརྗོད་གནང་སོང་།

དེ་མིན་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྒྱལ་གཅེས་པ་ཁོང་གི་ལོ་རྒྱུས་ཉུང་ཙམ་ཞིག་འགྲེལ་བརྗོད་གནང་དོན།
ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ནས་རྒྱ་གཞུང་གི་བཙན་གནོན་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་སྐབས། མདོ་སྨད་གཙང་དགོན་པའི་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ཀྱང་། གཙང་དགོན་པའི་ཞི་རྒོལ་སྐད་འབོད་བྱེད་མཁན་གྱི་སྣེ་ཁྲིད་པ་ཡིན་ལུགས་ཀྱིས་ལོ་དེའི་ཕྱི་ཟླ་ ༤ ནང་རང་དགོན་དུ་འཛིན་བཟུང་བྱས་ཏེ། ཁོང་དང་དགོན་པ་གཅིག་པ་སྔ་ལོར་བཙོན་གྲོལ་ཐོབ་ཟིན་པའི་དགེ་འདུན་པ་མཁས་གྲུབ་རྒྱ་མཚོ་ལགས་དང་དགེ་འདུན་པ་ཚུལ་བཟང་རྒྱ་མཚོ་གཉིས་བཅས་ལ་སྔར་ནས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་ལུགས་ཀྱིས། ཁོང་ལ་ལོ་ངོ་ཧྲིལ་བོ་ ༡༠ ཙམ་ལ་རྒྱ་གཞུང་གི་བཙོན་འཇུག་མནར་གཅོད་བཏང་།

དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ནི་ད་ལྟའི་རྒྱ་གཞུང་གིས་བོད་ས་བཅད་བགོས་ལྟར་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གཙང་ཨ་རིག་ཉི་མཐའ་(ཞང་)ཡུལ་ཚོ། མཛོ་མོ་རི་ཆེན་ལྔ་བའི་ཕ་འདས་པོ་བློ་བྷེ་དང་། མ་ཚེ་རིང་སྒྲོལ་མ་གཉིས་ལ་ཕྲུ་གུ་བུ་བུ་མོ་དགུ་ཡོད་པ་ལས་ལྔ་བ་དེ་ཡིན་པ་དང་། ད་ལྟ་དགུང་ལོ་ ༤༤ ཙམ་ཡིན་འདུག

ཕྱི་ལོ་ ༢༠༠༢ ལོའི་ལོ་མགོར་འདི་ག་བཙན་བྱོལ་དུ་ཡོང་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པར་ལོ་གསུམ་ལྷག་ལ་སློབ་གཉེར་བྱས་རྗེས་ཕྱིར་བོད་དུ་ལོག་པ་རེད།

ས་གནས་འབྲེལ་ཡོད་ལས་གནས་ཚུལ་ཤེས་གསལ་ལྟར་ན། མཆོག་སྤྲིན་རྒྱ་མཚོན་ལགས་བཙོན་གྲོལ་ཐོབ་ཏེ་ཕ་ཡུལ་ནས་ཉིན་ཤས་བཞུགས་རྗེས་གཙང་དགོན་པར་ཕེབས་ཡོད་པ་དང་། ད་ལྟའི་ཆར་ཕྱིར་ལོགས་ནས་ཧི་ནན་རྫོང་གི་རང་ཁྱིམ་དུ་བཞུགས་ཡོད་འདུག་ལ་སྤྱིའི་ཆ་ནས་ཁོང་གི་སྐུ་གཟུགས་བདེ་ཐང་ཡིན་པར་ཚོད་དཔག་བྱེད་ཀྱི་མ་གཏོགས་ཞིབ་ཕྲ་ཤེས་གསལ་བྱུང་མེད། ཅེས་མཁོ་འདོན་གནང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།